ཆུ་རས་གྱོན་ཏེ་སྡིངས་ཆར་བུད་ཀྱི་མིན་ལབ་དགོས་དོན།

images/stories/canata.jpg

ཆུ་རས་གྱོན་ཏེ་འགྲན་བསྡུར་སྡིངས་ཆར་བུད་ཀྱི་མིན་ལབ་དགོས་དོན།

Why Miss Canada refused to wear swimsuits

加拿大世界小姐為何拒穿泳裝參賽

 

ལཱིང་ཡིས་ཧྥན་ 林耶凡 ནི་ཁཱ་ན་ཊའི་  Canda རྒྱལ་ཁོངས་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༦ ཉིན་རྒྱལ་ཁོངས་རང་གི་རྒྱལ་སྤྱིའི་མཛེས་མའི་ (མཛངས་མའང་ཟེར་གྱི་ཡོད།) འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མྱོང་མཁན་ཞིག་རེད།

 

དེ་རྗེས་ཁཱ་ན་ཊ་རྒྱལ་ཁབ་ཀྱི་མཛེས་མའི་མིང་ཐོག་རྒྱ་ནག་ལ་འཚོགས་པའི་འཛམ་གླིང་གི་མཛེས་མའི་འགྲན་བསྡུར་ནང་ཞུགས་རྩིས་སྐབས་རྒྱ་གཞུང་གིས་མོས་རྒྱ་ནག་གི་ནང་སྲིད་ལ་ཇུས་མེད་ཇུས་རྟོགས་བྱས་ཚུལ་སོགས་བཤད་དེ་མོ་རྒྱ་ནག་ཏུ་འགྲན་བསྡུར་དུ་བཅར་མི་ཆོག་པ་བྱས་ཏེ་བཀག་སྡོམ་བཟོས།  

 

 

དེ་རྗེས་སྐབས་རེ་ལྔ་པའི་འཛམ་གླིང་མཛེས་མའི་འགྲན་བསྡུར་དེ་ཨ་རིར་འཚོགས་པར་འགྲན་ཚོགས་ངོས་ནས་མོ་རང་སླར་བཞུགས་ཆོག་པ་བྱས་པར་བརྟེན། མོས་དེར་ཨང་གསུམ་པ་ཐོབ། མོའི་ཨཱིན་ཇིའི་མིང་ Anastasia Lin ཡིན། དེ་སྔོན་མོ་རྒྱ་ནག་ཧུའུ་ནན་ལ་སྐྱེས་ཤིང་། ཆུང་དུས་ནས་ཨ་མ་མཉམ་དུ་ཁཱ་ན་ཊར་གནས་སྤོས་བྱས།

ཨ་མ་དེ་སྔོན་རྒྱ་ནང་དུ་སློབ་ཆེན་དུ་ནུབ་ཕྱོགས་པའི་དཔལ་འབྱོར་སྐོར་གྱི་དགེ་རྒན་ཞིག་རེད་འདུག་ལ་མས་བུ་མོར་ནུབ་ཕྱོགས་པའི་སློབ་གསོ་འཚམས་ལུགས་བཤད་ཅིང་། བུ་མོ་རང་ལོ་བཅུ་གསུམ་སླེབས་དུས་ཕ་མ་གཉིས་བཟའ་འཐོར་བྱུང་ཞིང་། མ་སྨད་གཉིས་ཕྱི་རྒྱལ་ཁཱ་ན་ཊར་གནས་སྤོས་རྗེས་མོས་གསར་ལམ་དུ་དེང་རབས་རྒྱ་ནག་གི་སློབ་གསོས་མོོ་ལ་མཚོན་ན་ཅུང་མཁྲེགས་བཟུང་ཆེ་བ་ཡིན་སྲིད་ཅེས་བཤད་འདུག

 

 

 མོ་རང་ལོ་ ༡༦ སྐབས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་འདུ་འཛོམས་ཤིག་ཏུ་བཞུགས། དེར་དབྱི་རང་Iranམི་ཁུངས་ཡིན་པའི་བུད་མེད་ཁཱ་ན་ཊའི་རྒྱལ་སྤྱིའི་མཛེས་མ་ནཱ་ཙ་ཉིང་  Nazanin Afshin-Jam གྱིས་ལཱིང་ཡིས་ཧྥན་ལᨋ᪱ᨕ᫥ᨋའགྲན་བསྡུར་ནང་ཞུགས་པའི་གོ་སྐབས་དང་བསྟུན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐ᩶ᨋའཛམ་གླིང་ཐོག་བཤད་ཆོག་ཅེས་པའི་བསམ་ཚུལ་དེ་དག་གིས་མོོ་ལ་བསྐུལ་སློང་ཐེབས།

 

 

 

དེ་རྗེས་མོས་རྒྱ་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་དོ་སྣང་དང་ཞིབ་དཔྱོད་ཀྱང་མང་ཙམ་བྱས་པ་དང་། རྒྱ་ནག་ཏུ་ཡོད་པའི་ཨ་ཕས་དེ་འདྲ་བྱས་ན་ཉེན་ཁ་ཡོད་ལུགས་དང་། ཁོ་པར་དཀའ་ངལ་འཕྲད་ངེས་ཤིང་ཕ་བུའི་འབྲེལ་བ་གཅོད་དགོས་ཐུག་སྲིད་ཅེས་བཤད་པར་མ་འཛེམས་པར་མོ་རང་ཕྱིར་དོན་ནས་རྒྱ་ཁོངས་སུ་བོད་དང་ཡུའུ་གོ་མི་རིགས་ཚུད། དེ་མིན་གཙོ་བོ་རྒྱ་ནང་གི་ཆོས་འཁོར་སྒོམ་སྒྲུབ་ཀྱི་དད་ལྡན་རྣམས་ལ་ཡ་ང་བའི་མནར་གཅོད་གདུག་རྩུབ་བཏང་བ་དེ་དག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ངོ་སྤྲོད་དང་དམར་ཤོག་གཞུང་གིས་དད་ལྡན་ཚོར་མནར་གཅོད་བཏང་བ་རྣམས་ཁྱབ་བསྒྲགས་རབ་དང་རིམ་པ་བྱས་དང་བྱེད་བཞིན་པ་རེད།

 

 

 

དེ་སྔོན་མོ་ ༢༠༡༣ ལོར་མོ་ཁཱ་ན་ཊའི་འཛམ་གླིང་མཛེས་᪱འི་འགྲན་བསྡུར་ནང་ཞུགས་དུས་མོས་ཆུ་རས་གྱོན་དགོས་པའི་ལས་འཆར་དེར་ངོས་ལེན་མེད་ཚུལ་བཤད་དེ་དཔྱད་བརྗོད་པ་རྣམས་ཧོན་འཐོར་དགོས་པའང་བཟོས་མྱོང་འདུག མོས་ཟེར་ན་དེ་ནི་རིན་ཐང་ཆེ་བའི་མི་གཞན་གྱི་ཡིད་ཆེས་ཤིག་སྲུང་སྐྱོར་ཆེད་དུ་ཡིན་སྐོར་᪠ཤད།

 

འགྲན་བསྡུར་ནང་ཞུགས་མཁན་གྱི་གྲལ་ཡིན་པའི་ངོས་ནས་མོས་ངོ་མི་ཤེས་པའི་མི་གཞན་གྱི་ཡིད་ཆེས་དེ་ནི་སོ་སོར་མཛེས་མའམ་མཛངས་མའི་རྒྱལ་ཁ་ཐོབ་པ་ལས་རྩ་ཆེ་བ་བརྩི་དོན་གང་ཡིན་ནམ། མོས་དེའི་སྐོར་མཛངས་མའི་ཚོགས་ཆེན་གྱིས་ང་ལ་འགྲན་བསྡུར་ནང་མ་བཞུགས་ནའང་འགྲིག་གི་རེད་ཅེས་བཤད་བྱུང་མོད། དེ་འདྲ་བྱས་ན་འགྲན་བསྡུར་གྱི་གོ་སྐབས་ཤོར་སྲིད་པ་ཤེས། འོན་ཀྱང་ངས་མཇུག་གི་སོ་སོའི་གདམ་ཁ་དེ་འགྲིག་ཡོད་པའᩏ་ཤེས། ང་རང་འགྲོ་བ་མིའི་ཐོབ་ཐང་སྐོར་སྡུག་སྦྱོར་མྱོང་མཁན་གྱི་ལོ་རྒྱུས་འཁྲབ་སྟོན་ནང་བཞུགས་མྱོང་།

 

བརྙན་མ་ལེན་པའི་སྔོན་ངས་དེ་སྔོན་ངལ་རྩོལ་བསྒྱུར་བཀོད་ཁང་དང་བཙོན་ཁང་དུ་སྡུག་སྦྱོར་མྱོང་མཁན་རྣམས་ལ་བཅའ་འདྲི་བྱས། ངས་ཁོང་ཚོས་ང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པ་ཤེས། གལ་ཏེ་ངས་གློག་འོད་འོག་ཏུ་སོ་སོའི་གཟུགས་པོ་དམར་ཧྲིལ་དུ་བུད་དེ་སོང་ན། རྣམ་པ་དེ་འདྲ་ཡིས་ངའི་བྱ་བར་ལྡོག་ཕྱོགས་ཀྱི་ནུས་པའམ་ཤུགས་རྐྱེན་ཐོན་སྲིད་པ་རེད། ངས་ཆུ་རས་གྱོན་ནས་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་རེ་ཁོ་ནའི་ཆེད་དུ་དེ་འདྲ་བྱས་ན་མནར་གཅོད་མྱོང་མཁན་རྣམས་ཀྱི་རྨ་ཁར་དྲན་བསྐུལ་ཡོང་བའི་རེ་བ་དེ་ཆུང་དུ་འགྲོ་སྲིད་པས་དེ་བྱེད་འདོད་མེད་སོགས་བཤད་ཡོད་པ་རེད། འོན་ཀྱང་གནས་སྟངས་དེར་བརྟེན། འགྲན་བསྡུར་དེའི་ནང་མོ་རང་ལ་མཐའ་མཇུག་ཏུ་ཨང་གསུམ་པ་ལས་ཐོབ་མིན་འདུག

 

 

 

 

དེ་རྗེས་རྒྱལ་སྤྱིའི་མཛེས་མའི་འགྲན་བསྡུར་ཚོགས་ཆེན་གྱི་འགན་གཙོ་ཅཱོ་ལི་ཡ་མོ་ལིས་ Julia Morley འགྲན་བསྡུར་སྐོར་གྱི་གསར་བསྒྲགས་ངོ་མ་སྤྲོ་སེམས་འཕེལ་པ་ཞིག་སྤེལ་ཡོད། གསར་བསྒྲགས་དེ་གང་རེད་ཟེར་ན། དེ་ནི་ཆུ་རས་གྱོན་ནས་སྡེངས་ཆར་བུད་དགོས་པའི་ལེའུ་དེ་འགྲན་བསྡུར་ཆེན་པོ་དེ་ནས་རྟག་ཏུ་ཕྱི་འཐེན་བྱེད་རྒྱུ་ཡིན་ཞེས་པ་དེ་རེད། འགྲན་ཚོགས་སྒྲིག་ཁྲིམས་ཚོགས་ཆུང་ནས་བུད་མེད་ཚོས་ནང་འཇམ་གྱོན་ཆས་ཁོ་ནས་མཛེས་མའམ་མཛངས་མའི་འགྲན་བསྡུར་ནང་བཞུགས་དགོས་པ་དེ་ནི་བུད་མེད་རྣམས་ལ་གུས་བརྩི་ཡིས་མ་འདང་བའི་སྐྱོན་ཡོད་པ་དང་། བྱེད་ལུགས་དེས་མཛེས་མའི་འགྲན་བསྡུར་གྱི་དགོས་དམིགས་དང་ཡང་འགལ་འཛོལ་དུ་འགྲོ་བའི་བསྐུལ་མ་ངན་པ་སྤྲོད་སྲིད་པ་རེད། ཅེས་བཤད་ཡོད་པ་རེད།

 

 

 

དེའང་མཛེས་སྡུག་ནི་དགོས་དོན་སྙིང་པོའི་བསམ་བློ་ནས་ཡོང་དགོས་པ་ལས། གྱོན་ཆས་སྲབ་མོས་དེ་ཡོང་ཐབས་མེད་པ་ཡིན།

དེའི་སྐོར་ལཱིང་ཡིས་ཧྥན་གྱིས་ཡིད་འོང་གི་མཛེས་མ་ཞེས་པའི་དོན་གྱི་མཱ་རི་ཁི་རན་Marie Claire གྱི་གསར་འགོད་པའི་བཅར་འདྲིའི་སྐབས་སུ། ངས་ཆུ་རས་མི་གྱོན་རྒྱུ་གདམ་པའི་གནས་ཚུལ་དེས་འགྲན་བསྡུར་ཚོགས་ཆུང་ལ་གནོན་ཤུགས་གང་མཚམས་འཕྲད་ཡོད་ཚོད་རེད་ལ། ང་རང་སྒེར་ངོས་ནས་ཀྱང་དེར་བློས་བཏང་བྱས་ཡོད། འོན་ཀྱང་དེ་རྗེས་ཁོང་ཚོས་ལེའུ་དེ་འགྲན་བསྡུར་སྤྱི་ཡོངས་ནས་ཕྱི་འཐེན་གཙང་མ་བྱས་འདུག གནས་སྟངས་དེས་ང་ལའང་མཐའ་མཇུག་གི་རྒྱལ་ཁ་དེ་ཐོབ་ཡོད་པ་མཚོན་ཡོད།

 

 

 

ངས་བསམ་ན་དེ་ནས་སྤྱི་ཚོགས་ཀྱི་གོམས་གཤིས་དང་ཆོད་དད་མི་འདྲ་མཁན། སྲོལ་རྒྱུན་གྱི་ཁྱིམ་ཚང་ཚུད་སྲོལ་རྒྱུན་གྱི་སློབ་གསོ་ཐོབ་པའི་བུད་མེད་ཚང་མ་འགྲན་བསྡུར་ནང་བཞུགས་ཆོག་ལ། གདམ་ཁ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གསར་གཏོད་ཅིག་དང་། འགྲན་བསྡུར་གྱི་སྤུས་ཚད་ཀྱང་གོང་མཐོར་བཏང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

 

 

 

འདིར་མོས་ ༢༠༡༣ ལོར་བཤད་པའི་སྐད་ཆ་དེ་དག་དྲན་གསོ་ཞིག་བྱེད་ན་འདི་ལྟར།

ང་ཁཱ་ན་ཊའི་མི་ཁོངས་ཡིན་པ་ངོས་ནས་ང་ལ་སོ་སོའི་དད་པ་ག་རེ་བྱེད་མིན་གདམ་ཁ་ཆོག་པའི་རང་དབང་ཡོད། སོ་སོའི་སེམས་ནང་གི་དྲང་བདེན་ལ་རྒྱབ་སྐྱོར་དེ་རྒྱུན་མཐུད་བྱེད་པའི་རང་དབང་ཡོད། སོ་སོས་ལུགས་མཐུན་མིན་པའི་གནས་སྟངས་མཐོང་བར་ངོ་རྒོལ་བྱེད་པའི་རང་དབང་ཡོད།

 

 

 

སུ་ལ་ང་ཚོའི་རྒྱལ་ཁབ་འདི་དོ་དམ་བྱེད་བཅུག་པའི་རང་དབང་གི་གདམ་ཁ་ཡོད། སྒེར་དང་འགྲོ་བ་མིའི་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ། ངས་རིན་ཐང་ལྡན་པའི་རང་དབང་འདི་སྲུང་སྐྱོར་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཅེས་བཤད་ཡོད་པ་རེད་དོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།