མཱེ་ཁོ་ཅེ་སིན་གྱི་ཡང་སྲིད་ཧཱུའུ་པེར་འདུག་ཟེར།

images/stories/macel .jpg

 

མཱེ་ཁོ་ཅེ་སིན་གྱི་ཡང་སྲིད་ཧཱུའུ་པེར་འདུག་ཟེར།

Michael Jackson reincarnated on a Hubei construction

麦可杰克森转生到湖北工地

 

 

( འགྱུར་རྩོམ། )

ཨ་རིའི་དེང་རབས་དར་སྲོལ་གྱི་གླུ་རྒྱལ་དུ་འབོད་པའི་མཱེ་ཁ་ོཅེ་སིན་ Michael Jackson འདས་ཏེ་ལོ་མང་སོང་། འོན་ཀྱང་ད་དུང་ཡང་འཛམ་གླིང་གངསར་ཁོ་ལ་རྗེས་དྲན་བྱེད་མཁན་ཡོད་པ་དང་། ཁོའི་དམིགས་བསལ་ཅན་གྱི་ཞབས་བྲོ་འཁྲབ་སྟངས་ལ་སྦྱོང་འདོད་བྱེད་མཁན་མི་ཉུང་བ་ཡོད་པ་རེད།

 

ཉེ་དུས་དྲ་ཐོག་ཏུ་ཧཱུའུ་པེ་ཨར་ལས་བྱེད་ས་ནས་བརྒྱབས་པའི་བརྙན་ཐུང་ཞིག་ནང་གཞོན་ནུ་ཞིག་གིས་མཱེ་ཁི་ཅེ་སིན་གྱི་ཞབས་བྲོ་ཇི་མ་ཇི་བཞིན་དུ་འཁྲབ་པ་དེ་མཱེ་ཁི་སླར་འཇིག་རྟེན་ཐོག་སླེབས་པ་དང་མཚུངས་པར་བྱས།

 

 

རྒྱ་ནག་ལ་གནས་སྡོད་ཨོ་གླིང་རྒྱང་གྲགས་ཚོགས་པའི་གསར་འགོད་པ་བྷིལ་བྷེ་ཋིལ་ Bill Birtles གྱིས་ཉེ་དུས་འཕྲུལ་དེབ་ཐོག་བརྙན་ཐུང་དེ་བརྒྱུད་མཱེ་ཁི་ཅེ་སིན་ཧཱུའུ་པེའི་ཨར་ལས་རྒྱག་སར་སྐྱེས་འདུག ཅེས་སྤེལ་ཡོད།

Michael Jackson reincarnated on a Hubei construction

Site:pic.twitter.com/0eHxd5bj8D

— Bill Birtles (@billbirtles) July 3,2020

 

 

 

བརྙན་ཐུང་ནང་སྐྱེས་པ་མང་པོ་ཨར་ལས་ས་གནས་སུ་ལང་སྡོད་པ་དང་། ཡང་ན་སར་སྡོད་ནས་ངལ་གསོ་བྱེད་བཞིན་པ་འདྲ། དེའི་ནང་བཟོ་པ་གཅིག་གིས་དབྱུག་པ་རྒྱུ་ཆར་བཟུང་ནས་གླུ་གཞས་ཀྱི་སྒྲ་དང་འགྲོག་སྟེ་མཱེ་ཁི་ཅེ་སིན་གྱི་ཞབས་བྲོ་ལད་ཟློས་བྱེད་བཞིན་འདུག དེར་ལ་ལ་དགོད་མོ་གད་ཅིང་། ཡང་གཞན་ཁ་གཅིག་གིས་རྒྱུན་ཆད་མེད་པར་དགའ་བསུའང་ཞུ་བཞིན་འདུག

 

 

 

 

མཱེ་ཁི་ཅེ་སིན་ལ་ཟླ་བའི་དཀྱིལ་འཁོར་དུ་གོམ་བགྲོད། moonwalk ཞེས་པའི་སྒེར་གྱི་རྟགས་མཚན་ཅན་གྱི་ཞབས་བྲོ་ཞིག་ཡོད། ཞབས་བྲོ་དེ་མཐོང་སྣང་ལ་འཁྲབ་མཁན་མདུན་དུ་གོམ་པ་སྤོ་བཞིན་པ་ལྟར་ཡང་། དོན་དངོས་ཐོག་ཕྱི་སྣུར་བྱེད་བཞིན་ཡོད་པ་དེ་མི་རྣམས་ལ་འདྲེན་སྤྱོད་ཐག་པའི་ཐོག་གོམ་པ་སྤོ་བཞིན་པའི་འཁྲུལ་སྣང་སྟེར།

 

 

 

ཟླ་བའི་དཀྱིལ་འཁོར་གྱི་ཞབས་བྲོ ཅེས་པ་དེ་མཱེ་ཁི་ཅེ་སིན་གྱིས་གསར་གཏོད་བྱས་པ་ཞིག་མིན། འོན་ཀྱང་ཁོས་འཁྲབ་སྟངས་དེ་འཁྲབ་སྟོན་དུ་སྤྱོད་པའི་རྐྱེན་གྱིས་ཚང་མས་དེ་ཤེས་པ་མ་ཟད། ཞབས་བྲོ་འཁྲབ་སྟངས་དེ་ནི་ཁོའི་དམིགས་བསལ་གྱི་རྟགས་མཚན་གྲལ་ཞིག་ཏུ་གྱུར།

 

 

 

གཤམ་གྱི་བརྙན་ཐུང་ནང་གཞོན་ནུ་དེས་ཟླ་བའི་དཀྱིལ་འཁོར་དུ་འཁྲབ་པའི་ཞབས་བྲོ་དེ་ཧ་ལས་པའི་བྱང་ཆ་དང་བཅས་འཁྲབ་ཀྱི་འདུག རྒྱབ་ལྗོངས་ཡོངས་རྫོགས་མཐོང་སྣང་ནས་ཕྱི་སྣུར་བྱེད་བཞིན་པ་ལྟར་རེད།

 

 

 

གཞོན་ནུས་དེའི་མཱེ་ཁེ་ཅེ་སིན་གྱི་ཞབས་བྲོ་ལད་ཟློས་བྱས་པར་དྲ་གྲོགས་མི་ཉུང་བས་བསྟོད་ཅིང་། གཞན་ལ་ལས་འཁྲབ་མཁན་དེ་ས་གནས་རང་གི་ཨར་ལས་བཟོ་པ་ཞིག་ཡིན་པར་ཡིད་མ་ཆེས་པར་གྱུར། གང་ཡིན་ཟེར་ན། ཁོའི་འཁྲབ་རྩལ་ལ་བརྟེན་ནས་ཞབས་བྲོས་འཚོ་གོས་ཙམ་ཡང་རག་ཐབས་བྱེད་པ་ནི་ལས་སྟབས་བདེ་ཞིག་ཡིན། ཡང་ལ་ལས་ཆེད་ལས་ཞབས་བྲོ་མཁན་གྱིས་ཨར་ལས་ས་གནས་སུ་འཁྲབ་སྟོན་ཐེངས་ཤིག་བྱས་བཞག་པ་ཞིག་ཡིན་མིན་ལའང་ཐེ་ཚོམས་ཟ་མཁན་ཡོད།

 

 

                                   

བུ་དེའི་འཁྲབ་སྟོན་ལ་ཨ་རིའི་ཐེབས་རྩ་ཁང་ཆེན་པོའི་སྦྱིན་བདག་གམ་ཧཱེ་མན་ཐེབས་རྩ་དོ་དམ་ཚོགས་པའི་ Hayman Capital Management གསར་གཏོད་པ་ཁཱེ་ལི་པཱ་སི་ Kyle Bass ཡིས་དོ་སྣང་བྱུང་ཡོད་པ་རེད། ཁཱེ་ལི་པཱ་སིས་འཕྲུལ་དེབ་དྲ་བར་ཁོས་ ( ཞབས་བྲོ་འཁྲབ་མཁན་ལ་གོ) ནུབ་ཕྱོགས་པའི་རིན་ཐང་བཅས་( གཞན་ལ་) ངན་བསྐུལ་དང་ མགོ་གཏིང་བསློག་པ། ( འདི་རྒྱལ་ཁབ་ཀྱི་བདག་དབང་ལ་གོ ) དེ་བཞིན་( ནུབ་ཕྱོགས་པའི་ཤེས་བྱ། ) དྲིལ་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱ་སྲིད་པ་རེད། ཁོས་རྒྱ་ནག་དམར་ཤོག་གི་འཆར་གཞི་གསར་པར་རྒྱུས་ལོན་མེད་པ་ཡིན་སྲིད། ཅེས་བྲིས་ནས་སྤེལ།

 

 

He’s going to be arrested for sedition, subversion, and promoting western values. He must not understand the CCP’s new rules.

— Kyle Bass(@Jkylebass)July 3,2020

 

 

དྲ་གྲོགས་ཀྱིས་དེར་རྒྱ་ནག་མི་དམངས་ཀྱང་གཞན་དང་གཅིག་མཚུངས་ཡིན། ཁོ་ཚོའང་རང་དབང་ལ་དགའ་ཞེན་དང་། ནུབ་ཕྱོགས་པའི་རོལ་དབྱངས་དང་གློག་བརྙན་བཅས་ལའང་དགའ་པོ་ཡོད་པ་རེད། ནུབ་ཕྱོགས་པའི་དམངས་གཙོ་དང་རང་དབང་ལ་སྡང་གཟུགས་ངོ་མ་བྱེད་མཁན་ནི་དམར་ཤོག་རེད། ཅེས་ལན་འདེབས་བྲིས་ཡོད་པ་རེད།

 

 

 

 

ལག་བསྟར་རྩོམ་སྒྲིག་པ། མཱོ་ལི། 茉莉

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།