ངའི་གོམ་འགྲོས་དལ་ཡང་ང་ཕྱི་ནུད་བྱེད་མི་སྲིད།

images/stories/21.jpg
ངའི་གོམ་འགྲོས་དལ་ཡང་ང་ཕྱི་ནུད་བྱེད་མི་སྲིད།

Although my slow pace, but I never step back

雖然我步伐緩慢但我從不退缩

( དྲ་རྩོམ་བོད་འགྱུར་མ། ) 

ཨ་རིའི་སྲིད་འཛིན་སྐབས་བཅུ་དྲུག་པ་ཨཱ་བོ་ཧན་ལིང་ཁིན་ནས།

ཨཱ་བོ་ཧན་ལིང་ཁིན་ Abraham Lincoln ནི་སྤྱི་ལོ་ ༡༨༠༩ ལོར་དབུལ་པོའི་ཁྱིམ་ཞིག་ཏུ་འཁྲུངས། དེ་རྗེས་སྐབས་བཅུ་དྲུག་པའི་ཨ་རིའི་སྲིད་འཛིན་གནང་། ཁོང་གི་མི་གཤིས་ནི་སྲ་བརྟན་རང་ཚུགས་ལྡན་ཞིང་། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ནམ་ཡང་བློས་གཏོང་དང་དེར་མགོ་སྒུར་མ་མྱོང་།

 

ལཱིང་ཁིན་ལོ་ ༩ སོན་དུས་ཨ་མ་འདས། ཨ་ཕས་འཚོ་བའི་ཆེད་དུ་བྲེལ་དགོས་སྟབས་ཁོ་རང་ཕལ་ཆེར་ཁེར་རྐྱང་ངང་འཚར་ལོང་བྱུང་བ་ཞིག་ཆགས་ཡོད། ཁྲིམས་ལུགས་སྡེ་ཚན་དུ་སློབ་སྦྱོང་བྱེད་ཐབས་བྲལ་ཡང་ཁོང་གིས་མུ་མཐུད་ཧར་བརྩོན་ལྷོད་མེད་ཀྱིས་ཁྲིམས་རྩོད་པ་ཞིག་བྱེད་དེ་སྤྱི་ཚོགས་བཅོས་བསྒྱུར་གཏོང་བའི་རྨི་ལམ་ཞིག་བཅང་ཡོད།

 

 

རང་ལོ་ ༢༢ སོན་དུས་ཁོང་གིས་ཚོང་ལས་གཉེར་ཡང་དེར་ལམ་འགྲོ་མ་རྒྱུགས། དེ་རྗེས་དངུལ་གཡར་ནས་སོ་སོས་ཚོང་ཡང་གཉེར། འོན་ཀྱང་ཁོའི་ཚོང་ལམ་མ་འགྲོ་བར་གྱོང་རྒུད་ཀྱང་བྱུང་མྱོང་། ཁོང་ལོ་ངོ་ཧྲིལ་པོ་ ༡༧ ཙམ་ལས་ཀ་བྱས་ཏེ་མཐར་གཞན་གྱི་བུ་ལོན་དེ་དག་མཇལ་ཐུབ་པ་བྱུང་།

 

 

༡༨༣༢ ལོར་ལཱིང་ཁིན་ཐོག་མར་ཞིང་ཆེན་ཁུལ་གྱི་སྤྱི་མིའི་འགྲན་བསྡུར་ནང་བཞུགས་ནས་ཕམ། ལོ་ ༢ རྗེས་སླར་འོས་ནང་བཞུགས་ནས་རྒྱལ་ཁ་དེ་ཐོབ།

ཁོང་ཐོག་མའི་བརྩེ་བ་བཅང་སའི་བུ་མོའི་མིང་ལ་ཨཱན་ལ་ཋི་ལི་ཆི་Allah Trichy ཡིན་ཡང་མོ་གཞོན་ནུ་མའི་དུས་སུ་ན་ཚས་འདས་གྲོངས་སུ་གྱུར། བརྩེ་བ་གཏིང་ཟབ་བཅང་ཡུལ་དེ་འདས་རྐྱེན་གྱིས་ལཱིང་ཁིན་གྱིས་སྡུག་ངལ་དེ་བསྟུལ་མ་ཐུབ་པར་མལ་སར་ལྷུང་ཞིང་ཟླ་ངོ་ ༦ ཙམ་རིང་དུ་མི་ཚེའི་རེ་བ་སྟོང་ཟད་ཀྱི་ཡ་ང་བའི་གནས་སུ་གྱར།

 

 

 

དེ་རྗེས་ཁོང་གིས་སེམས་ཐག་བཅད་དེ་ཆབ་སྲིད་ཀྱི་སྡེངས་ཆར་ཕྱིར་ལོག་ནས་མུ་མཐུད་དེ་སྔོན་གྱི་ཕུག་བསམ་ལེགས་འགྲུབ་ཡོང་ཐབས་བྱས། ཁོང་གིས་ཐེངས་མང་ཕམ་ཁའི་ཉམས་མྱོང་བསགས་ཅིང་། གཞན་གྱིས་ཐེངས་མང་ལས་ཡུལ་ནས་ཕྱི་ཕུད་བཏང་ཡོད།

 

 

 

ཞིང་ཆེན་གྱི་སྤྱི་འཐུས་དང་རྒྱལ་ཁབ་རིམ་པའི་སྤྱི་འཐུས་སུ་བཞུགས་ཀྱང་ཕམ་ཁ་བྱུང་། ཡིན་ཡང་ཕམ་ཁ་དེ་དག་གིས་ཁོང་ཕམ་དུ་བཅུགས་མེད་པར་དེ་ལས་ལྡོག་སྟེ་ཁོང་གི་དཔའ་ངར་དང་སྲ་བརྟན་གྱི་རང་གཤིས་ལ་སྦྱོང་བརྡར་ཐེབས་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཕུག་རྒྱང་རིང་བའི་སྒེར་གྱི་ཕུག་བསམ་གྱི་ཕྱོགས་སུ་བསྐྱོད་ཡོད་པ་རེད།

 

 

 

ལོ་ངོ་ ༢༢ རིང་ལྷོད་པ་མེད་པའི་བརྩོན་འགྲུས་འོག ༡༨༦༠ ལོར་ལཱིང་ཁིན་མཐར་ཨ་རིའི་སྲིད་འཛིན་ལང་། སྐབས་དེར་རྒྱལ་ཁོངས་སུ་ལྷོ་བྱང་གཉིས་འཐབ་འཛིང་བྱུང་རྐྱེན་ཁོང་གིས་སྲ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་གྱུར་ལ་འབད་དེ་རྒྱལ་ཡོངས་མི་དམངས་ཀྱིས་གོང་བཀུར་ཞུ་སའི་དཔའ་བོ་ཞིག་ཏུ་གྱུར།

 

 

 

ལཱིང་ཁིན་གྱིས་སྐད་གྲགས་ཅན་གྱི་ལེགས་བཤད་གཅིག་ནང་།

ངའི་གོམ་འགྲོས་དལ་ཡང་ང་ཕྱི་ནུད་བྱེད་མི་སྲིད། ཅེས་གསུངས་མྱོང་ཞིང་གཞན་ཡང་ཁོང་གིས།

ཚེ་སྲོག་ཚང་མར་རིན་ཐང་ལྡན་པའི་ཆ་ཡོད་ལ་ཁྱད་དུ་འཕགས་པའི་འོས་འགན་ལེགས་འགྲུབ་དགོས་པ་རེའང་ཡོད། ག་དུས་ཡིན་ཡང་བཟང་ཕྱོགས་ཀྱི་ལྟ་བ་འཛིན་པའི་ཐོག་ནས་མདུན་གྱི་དཀའ་ཁག་ལ་གདོང་ལེན་བྱེད་ཅིང་། ནམ་ཡང་དེར་མགོ་སྒུར་མི་དགོས། གང་ཡིན་ཟེར་ན། ཕམ་ཁ་ནི་ང་ཚོས་བློས་གཏོང་བྱེད་པའི་སྐབས་སུ་ཡོང་གི་ཡོད་པས་རེད། ཅེས་གསུངས་ཡོད་པ་རེད།

 

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།