དེང་རབས་དར་སྲོལ་གྱི་བློ་ཡིས་ཁྱིམ་གཞི་གཏོར་ཚུལ།

images/stories/1222.jpg

 

 

 

 

 དེང་རབས་དར་སྲོལ་གྱི་བློ་ཡིས་ཁྱིམ་གཞི་གཏོར་ཚུལ།

Moden thoughts dominate family concept disappears

现代思潮主导 家庭概念消失

( ཚན་ཉིད་རིག་པའི་མཁས་དབང་གི་བློ་འཚབ། )

(འགྱུར་རྩོམ།)

 

བསམ་བློ་ཐོངས་དང་། གལ་ཏེ་གཞན་ལ་གནོད་སྐྱོན་བཟོ་མིན་ལ་མ་ལྟོས་པར་མི་རེ་ངོ་རེར་སོ་སོའི་འདོད་བློ་ལྟར་གང་བྱུང་མང་བྱུང་གི་ཐོག་ནས་རང་དབང་རིང་ལུགས་ཟེར་བ་དེ་མི་ཚང་མས་ལག་ལེན་དགོས་པའི་རྒྱལ་ཁབ་ཀྱི་ལུགས་ཅིག་ཏུ་གྱུར་ཚེ་ཕྲུ་གུ་ནི་སྤྱི་རྒྱུ་ཞིག་ཡིན་ལ། ཕ་མས་རྒྱལ་ཁབ་ཀྱི་བཀའ་བཀོད་ལྟར་ཟས་སྦྱོར་གྱིས་ཕྲུ་གུ་གསོ་དགོས་པ་ལས། ཕྲུ་གུར་སློབ་གསོ་སྤྲོད་མི་ཆོག

 

ཕྲུ་གུ་ཚོས་སློབ་གྲྭར་གཅིག་གྱུར་གྱིས་མོ་མཆོག་རིང་ལུགས་དང་འདོད་སྲེག་ལ་བཅིང་འགྲོལ་གཏོང་བའི་སྐོར། ད་དུང་མཚན་མཐུན་དགའ་རོགས་སྐོར་གྱི་ཤེས་བྱ་ཁག་ལ་སློབ་སྦྱོང་བྱེད་དགོས།

 

 

ཕྲུ་གུ་ཚོར་སྲོལ་རྒྱུན་ཁྱིམ་ཚང་གི་ལྟ་བ་དང་སྲོལ་རྒྱུན་གྱི་འཚོ་བའི་ཐབས་ལམ་སྐོར་བཤད་མཁན་གྱི་དགེ་རྒན་རྣམས་བྱིས་པར་མནར་གཅོད་གཏོང་མཁན་ཟེར་བར་གཏན་འབེབས་ཆག་རྒྱུ། རྒྱལ་ཁོངས་ཀྱི་སྐྱེས་ཕོ་མོ་ཡོངས་རྫོགས་གཅིག་མཚུངས་ཀྱི་ལས་གནས་སུ་བཞུགས་དགོས་པ་ལས་ཁྱིམ་ཚང་གི་བདག་པོའི་ངོ་བོའི་ཐོག་ནས་ཁྱིམ་མིར་ལྟ་སྐྱོང་བྱེད་མི་ཆོག

གསར་བརྗེར་མི་དགའ་མཁན་གྱི་ལམ་ལུགས་འཛིན་མཁན་ཚན་ཉིད་རིག་པའི་མཁས་དབང་གི་བློ་འཚབ་འདི་དེང་རབས་དར་སྲོལ་གྱི་བསམ་བློ་རྒྱ་ཁྱབ་འགྲོ་བཞིན་པ་དུས་མཚུངས་གོང་གསལ་ནི་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་རྣམ་པ་ཞིག་ཏུ་འགྱུར་སྲིད་པ་རེད།

 

 

ན་ནིང་ཟླ་ ༡༡ ནས་བཟུང་ཝཱ་ཤིང་ཊོན་ཊི་སི་  WashingtonDC ལ་སྲོལ་རྒྱུན་གྱི་ཡཱེ་ཤུའི་ཆོས་ལུགས་ཐེབས་རྩ་ཁང་ Heritage Foundation ནས་སྤྱི་ཚོགས་རིང་ལུགས་ཀྱི་གནོད་སྐྱོན་ཞེས་པའི་འབྲེལ་ཡོད་ཀྱི་གཏམ་བཤད་ཁག་གཅིག་གོ་སྒྲིག་བྱས། ཟླ་ ༢ ཚེས་ ༡༡ ཉིན། ཁཱ་ལི་ཧྥོ་ཉི་ཡ་ California གྲོང་གི་ཕཱ་ས་ཏི་ནའི་མཚན་ཉིད་རིང་པའི་སློབ་ཆེན་ Pasadena City College གྱི་སློབ་དཔོན་ཨཱེ་ཊི་ཝ་ཊི་ཧྥི་སི་ Edward Feser ནས་སྒེར་གྱི་རང་དབང་རིང་ལུགས་པའི་བསམ་བློའི་ཤུགས་རྐྱེན་འོག་སྲོལ་རྒྱུན་གྱི་ཁྱིམ་ཚང་གཅིག་གི་འདུ་ཤེས་ཉམས་དམས་སུ་འགྲོ་བ་དེས་སྤྱི་ཚོགས་རིང་ལུགས་ལ་གསར་བརྗེ་ཞིག་འབྱུང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱིས་ཀྱང་ཁྱིམ་ཚང་ཐོར་ཞིག་འགྲོ་བར་བསྐུལ་འདེད་ངར་མ་སྟེར་ཞིང་། བསམ་བློ་དེ་དག་དམར་ཤོག་གམ་གུང་ཕྲན་རིང་ལུགས་communismཀྱི་རྒྱལ་ཁབ་ཏུ་ལག་བསྟར་བྱས་པར་དེ་སྔོན་ནས་ཕམ་ཁ་བྱུང་ཟིན་ཡང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་དེར་ཁྱབ་སྤེལ་དང་རྗེས་འབྲང་དགོས་པའི་འབོད་བསྐུལ་ཞུ་མཁན་ནི་ཉུང་ཉུང་མིན། ཞེས་དང་།

 

 

 

སློབ་དཔོན་གྱིས་སྲོལ་རྒྱུན་བསམ་བློའི་འོག་ཏུ་ཡོད་པའི་ཁྱིམ་ཚང་གི་ངོ་བོ་དང་དེང་རབས་དང་ཁྱིམ་ཚང་གཉིས་ཀྱི་ལྟ་བའི་མཐོང་སྟངས་དབར་དཔྱད་བསྡུར་བྱས་རྗེས། ཁོས་དེང་རབས་ཀྱི་ལྟ་བས་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་ལྟ་བར་རྩ་བའི་ཆ་ནས་གཏོར་བཅོམ་བཏང་བ་དང་། སྲིད་གཞུང་གིས་ཕ་མའི་ཁྱིམ་ཚང་ནང་གི་བླ་ན་མེད་པའི་གོ་ས་དེ་བཟུང་སྟེ་ཕོ་མོའི་ངོ་བོའི་གནས་སྟངས་ལ་ནོར་འཛོལ་གྱི་ལྟ་སྟངས་འཛིན་ཞིང་། སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་གཏོར་བཅོམ་བཏང་ནས་ཕྲུ་གུའི་འཚར་ལོངས་ལ་སྔར་བས་བསུབ་ཐབས་མེད་པའི་ཤུགས་རྐྱེན་སྟེར་ཡོད་པར་ངོས་འཛིན་བྱས།

 

 

 

གནའ་དེང་གཉིས་ཀྱི་ལྟ་བས་ཁྱིམ་ཚང་ཞེས་པར་ངོ་འཛིན་བྱེད་སྟངས་མི་འདྲ།

 

 

རིག་གཞུང་མི་འདྲ་བའི་རྒྱབ་ལྗོངས་འོག་སྲོལ་རྒྱུན་ལྟ་བས་ཁྱིམ་ཚང་ལ་ངོས་འཛིན་སྟངས་གཅིག་མཚུངས་ཡིན། དེའང་ཁྲག་རྒྱུན་རྩ་འཛིན་བྱས་པའི་ཁྱིམ་ཚང་ཞེས་པའི་ནང་དོན་དེ་གཉེན་བསྒྲིགས་ཅེས་པའི་ནང་དོན་ལས་ཆེས་ཆེར་བརྒལ་ཟིན་ཞིང་། དེ་ནི་སྤྱི་ཚོགས་ཀྱི་རྩ་བའི་སྒྲིག་འཛུགས་ཅིག་དང་། ཁྱོ་ཤུག་གཉིས་ཀྱིས་སོ་སོའི་ལས་དོན་གཉེར་ཞིང་ཕན་ཚུན་རོགས་སྐྱོར། ཕན་ཚུན་གཉིས་ཀས་རྒྱུ་ནོར་གྱི་བདག་དབང་མཉམ་སྤྱོད་ཀྱི་དབང་ཆ་ཡོད་པའི་སྒོ་ནས་བུ་རྒྱུད་རྣམས་ལ་སློབ་གསོ་སྤྲོད་པའི་དབང་ཆ་བཟུང་ཡོད་པ་རེད།

 

 

བུ་རྒྱུད་གསོ་སྐྱོང་བྱེད་པར་རང་དབང་གི་སྒོ་ནས་དངུལ་དངོས་རྒྱུ་ནོར་སྤྱོད་དགོས་ཤིང་། སྒེར་ལ་དབང་པའི་ལམ་ལུགས་དེས་ཁྱིམ་ཚང་སྲུང་སྐྱོར་གྱི་རྨང་གཞིའི་ཐོག་གནས་ཡོད། བུ་རྒྱུད་ལ་ཧ་ཅང་རྒྱུས་ལོན་ཡོད་མཁན་ཡིན་པའི་ངོས་ནས་ཕ་མས་བུ་རྒྱུད་ལ་ཤེས་ཡོན་དང་ཀུན་སྤྱོད་ཕྱོགས་ཀྱི་བསམ་པའི་དཔལ་ཡོན་གྱི་སློབ་གསོ་མཁོ་འདོན་བྱེད་དགོས། དེའང་ཕ་མའི་འོས་འགན་དང་དབང་ཆ་གཅིག་ཅོག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་གོང་གི་འགན་སྲུང་གཉིས་ཀ་དང་རྩ་འགལ་དུ་བཏང་ཡོད་པ་རེད།

 

 

 

སློབ་དཔོན་གྱིས་བུ་རྒྱུད་གསོ་སྐྱོང་དང་དེར་རོགས་ཕན་བྱ་བར་དུས་ཚོད་ཧ་ཅང་མང་པོ་སྤྱོད་དགོས་ཤིང་། དེའང་བུད་མེད་ཀྱི་རང་བྱུང་གི་ཆ་རྐྱེན་ལ་གཞིགས་ཏེ་ཨ་མ་ནི་བྱ་བ་དེར་འཚམས་ཆེ་བས་ཁྱིམ་ཚང་གི་ལས་ཀ་ Homemaker ཅེས་པར་འོས་འགན་འཁྱེར་ནས་ཡོད། བུ་རྒྱུད་འཚར་ལོངས་བྱ་བར་དངུལ་དངོས་དགོས་སྟབས་ཕྱིར་སོང་ནས་དངུལ་འཚོལ་རྒྱུའི་འོས་འགན་དེ་ཨ་ཕའི་ཕྲག་ཐོག་འབབ་པས་ཁྱིམ་གསོ་རྒྱུ་Breadwinner ཅེས་པ་དེ་ཡིན།

རང་བྱུང་གིས་གྲུབ་པའི་ལས་དོན་ཁག་བགོས་དེ་མི་རིགས་ཀྱི་རིག་གནས་ཀྱི་ཚད་ལས་བརྒལ་ཞིང་། ལོ་ངོ་སྟོང་ལ་རྒྱུད་འཛིན་བྱུང་།

 

 

 

དེའང་ལས་བགོས་དེ་འགྲོ་བ་མིའི་གདོན་མའི་རང་གཤིས་དང་འཚམས་ཀྱི་ཡོད་པའི་རྐྱེན་གྱིས་སྐྱེ་དངོས་རིག་པ་དང་། ཡང་ན་སེམས་ཁམས་རིག་པ། སྤྱི་ཚོགས་ཚན་རིག་ཞིབ་འཇུག་བཅས་གང་ཞིག་ཡིན་ཡང་ཕོ་མོ་གཉིས་རང་བཞིན་གྱི་གཅིག་མཚུངས་མིན་པར་ངོས་ལེན་བྱས་ཚར་བ་རེད་ཅེས་དང་།

 

 

 

ཡང་ཁོང་གིས་ཁྱད་པར་ནི་ཁྱད་པར་རང་ཡིན་པ་ལས་དེ་གཉིས་ལ་ལེགས་ཉེས་ཀྱི་དབྱེ་སྟངས་མེད་ཅེས་ཀྱང་བཤད་ཡོད་པ་རེད། ཁྱོ་ཤུག་གཉིས་ཕན་ཚུན་ཁ་གསབ་རྒྱག་པའི་སྒོ་ནས་ཕན་ཚུན་དབར་འགྲན་རྩོད་ཀྱི་འབྲེལ་བ་ཞིག་མེད། ཁྱོ་བོས་ཕྱི་ནས་དངུལ་འཚོལ་བ་ནི་ཁྱིམ་ཡོངས་ཀྱི་འཚོ་བའི་ཆེད་དུ་ཡིན་པ་ལས་སྒེར་གྱི་འདོད་ཧམ་བསྐང་བའི་ཆེད་དུ་མིན། ཁྱིམ་མི་ཚོར་ལྟ་རྟོགས་བྱེད་མཁན་བདག་མོ་ཨ་མས་ཀྱང་ཁྱིམ་ཚང་ལ་ལེགས་སྐྱེས་མི་དམན་པར་ཕུལ་ཡོད། ཁྱིམ་མི་ཡོངས་ནས་ཁྱིམ་ཚང་ལ་ལེགས་སྐྱེས་མི་འདྲ་བ་ཕུལ་ཡོད་ཅིང་། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་རང་བྱུང་རྨང་གཞིའི་སྒྲིག་འཛུགས་ཅིག་རེད།

 

 

སྲོལ་རྒྱུན་བསམ་བློས་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་ཅིང་། མི་རེ་ངོ་རེར་སྤྱི་ཚོགས་ཀྱི་ཆ་ཤས་ཚང་བ་དང་། ཁྱིམ་ཚང་གི་རྒྱབ་རྟེན་མེད་པའི་མི་སྒེར་ནི་འཐུས་ཚང་ཡོང་དཀའ་བ་ཞིག་ལ་ངོས་འཛིན་བྱེད། སྲིད་གཞུང་གིས་ཁྱིམ་ཚང་གནས་པར་འགན་སྲུང་དང་། ཁྱིམ་གྱི་ཆ་ཤས་སུ་རྟོགས་པའི་མི་རེ་ངོ་རེས་ཕན་ཚུན་གྱི་ཆེད་དུ་ཡིན་ལ་ཚང་མར་རང་བྱུང་གི་འོས་འགན་དང་འབྲེལ་མཐུད་ཡོད་པ་ཡིན།

 

 

 

འོན་ཀྱང་དེང་རབས་ལྟ་བས་མི་སྒེར་ནི་སོ་སོའི་བདག་པོ་ཡིན་པར་ངོས་འཛིན་བྱེད། དེའང་ཁྱིམ་ཚང་གི་འབྲེལ་བ་དེ་ག་དུས་ཡིན་ཡང་དོར་ཆོག་ཆོག་གི་གན་རྒྱ་ཡི་གེ་ཙམ་དང་། བསམ་བློ་དང་འདོད་པ་མཐུན་ན་དེར་འོས་འགན་ཡོད་པ་དང་། ཕན་ཚུན་མི་དགའ་བའི་དུས་སུ་དེ་དོར་ཆོག་པར་བཤད།

 

 

བརྩོན་ལེན་ག་རེའི་སྐོར་བྱ་བ་ཡིན་ཡང་སྲིད་གཞུང་ངོས་ནས་མི་སྒེར་གྱི་རང་དབང་བརྩོན་ལེན་བྱེད་པའི་དབང་ཆར་འགན་སྲུང་དགོས། དེ་བས་སྒེར་གྱི་བརྩོན་བྱར་འགོག་རྐྱེན་བཟོ་བའིརྐྱེན་ཡོངས་དང་སྒྲིག་སྲོལ་ཡོངས་རྫོགས་འདྲ་མཉམ་མིན་ཟེར་བའི་འགོག་རྐྱེན་དུ་བརྩི་བཞིན་ཡོད། མི་ཚང་མས་སྒེར་གྱི་ཆེད་དུ་གནས་ཡོད་ལ་དེར་རང་བཞིན་གྱི་ཡོངས་རྫོགས་དབང་ཞིང་། ཕོ་མོ་གཉིས་ཀྱི་དབར་ལ་རང་བྱུང་གི་མི་འདྲ་ས་མེད་ཅིང་བྱ་བ་གང་འདྲ་ཞིག་ཡིན་ཡང་ཚང་མ་འདྲ་མཉམ་ཡིན་དགོས་པར་བཤད་ཡོད།

 

 

 

 

ཁྱིམ་ཚང་གི་ལྟ་བར་གཏོར་བཅོམ་ཐེབས་པར་བརྟེན།

ངོ་བོ་འགྱུར་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དེ་བྱུང་།

 

 

སློབ་དཔོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ནའང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཏིང་ཟབ་དེས་སྲོལ་རྒྱུན་ལ་གཏོར་བཅོམ་ནི་སྲོག་ལ་རྒོལ་བ་ལྟ་བུའི་རྡུང་རྡེགས་ཕོག་ཡོད་པ་མ་ཚད་སྤྱི་ཚོགས་ཡོངས་དམར་ཤོག་གམ་གུང་ཕྲན་རྒྱལ་ཁབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་གནས་སྟངས་ཁག་གསུམ་གྱི་ཐོག་ནས་དབྱེ་ཞིབ་བྱེད་ན་འགྲིག

 

 

ཐོག་མར་སྒེར་གྱི་རང་དབང་ལ་ཚད་གཞི་བརྒལ་བའི་སྒོ་ནས་བརྩོན་ལེན་བྱེད་པའི་སྐོར་རེད། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་ནང་། ཀྱཱོན། མི་ལེའི་ John Miller རང་དབང་རིང་ལུགས་ཀྱི་ལྟ་བར་ནུབ་ཕྱོགས་སྤྱི་ཚོགས་ནས་ཧ་ཅང་བསྟོད་བསྔགས་དང་རྗེས་འབྲང་བྱས་པ་དང་། ཚད་གཞི་བརྒལ་བའི་མོ་མཆོག་རིང་ལུགས་དང་འདོད་ཡོན་ལ་བཅིང་འགྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་ཞིང་། དེའི་ཐད་སྤྱི་ཚོགས་སུ་གསར་བརྗེ་རབ་དང་རིམ་པ་བྱུང་། དེའང་བུད་མེད་རྣམས་ལ་རང་དབང་ངམ་རང་བཙན་དགོས་པ་དང་། དེ་ནས་གཉེན་སྒྲིག་ཁ་ཐོར་གཏོང་བ་དང་ཕྲུ་གུ་བཀོག་པའི་རྦ་རླབས་བཅས་འཕྱུར་བ་ནས་རིགས་མཐུན་དགའ་རོགས་དང་གཉེན་བསྒྲིག མཚན་མ་འགྱུར་ལྡོག་གཏོང་མཁན་ངོས་ནས་ཁྲིམས་མཐུན་གྱི་གཉེན་སྒྲིག་དགོས་འདུན་བཏོན་པ་སོགས་བྱུང་ཡོད་པ་རེད། མི་སྒེར་གྱི་རང་དབང་བརྩོན་ལེན་སྐོར་ཐེབས་ཆ་ཆེ་བའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད།

 

 

 

 

དེའང་ལས་གནས་གང་ཞིག་ཡིན་རུང་དེར་ཕོ་མོའི་གྲངས་ཀ་གཅིག་མཚུངས་དགོས་པ་བཤད། དོན་དངོས་ཐོག་དེ་ནི་ལས་གཉེར་གྱི་བདག་པོའི་དབང་ཆར་གཏོར་སྐྱོན་བཏང་བ་ཞིག་ཡིན། དེ་ནི་ལས་གནང་མང་པོའི་ནང་ཡོང་ཐབས་མེད་པའི་བྱ་བ་ཞིག་ཏུ་གྱུར། བུད་མེད་རྣམས་ཀྱིས་ཕྲུ་གུ་བཀོག་ཆོག་པའི་རང་དབང་དང་ནུས་པར་འགན་སྲུང་དགོས་པ་དང་། རྩ་བའི་སྨན་བཅོས་ཀྱི་འགན་སྲུང་ནང་ངེས་པར་དུ་དབང་ཆ་དེ་ཚུད་དགོས་ཅེས་བཤད་པ་དེས་ལྷ་ཆོས་སྤེལ་མཁན་གྱི་མི་སྣ་ཚོར་བཙན་གནོན་ཐེབས་ཡོད་པ་རེད། རིགས་མཐུན་དགའ་རོགས་ཀྱི་གཉེན་སྒྲིག་རང་དབང་དགོས་སྐོར་ཤུགས་ཆེར་བཤད་པ་དེས་རིགས་མཐུན་དགའ་རོགས་ཚོར་གཉེན་སྒྲིག་གི་ཞབས་ཞུར་ངོས་ལེན་མི་བྱེད་མཁན་རྣམས་ནི་མི་རྣམས་ཀྱིས་དམའ་འབེབས་དང་ངན་སྨྲ་བྱེད་སའི་ཁ་གཏད་དུ་ཆགས་པ་བཅས་ཡིན།

 

 

 

དེ་མིན་སྲོལ་རྒྱུན་གྱི་གཉེན་སྒྲིག་ལ་གཏོར་བཅོམ་ཐེབས་པ་དེ་སྔར་བས་སྡུག་ཏུ་འགྲོ་བ་དང་། བུ་རྒྱུད་གསོ་སྐྱོང་བྱེད་མི་ཐུབ་པའི་ཕ་མ་ཡ་གཅིག་ལས་མེད་མཁན་གྱི་ཁྱིམ་ཚང་ནས་མང་ཆེར་གྱིས་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་དགོས་སྟབས་མངོན་གསལ་མེད་པའི་སྒོ་ནས་སྲིད་གཞུང་གི་ཤུགས་རྐྱེན་གྱི་ནུས་པ་ཆེ་རུ་གཏོང་ཡོད་པ་རེད།

 

 

 

འོས་འདེམས་ཀྱི་ཞིབ་དཔྱོད་ཀྱི་ཐོ་གཞུང་དུ་ཆེད་ལས་མིང་ཚིག་གཅིག་ཡོད་པ་དེ་ནི་གཉེན་སྒྲིག་གི་ཁྱད་པར་ Marriage Gap ཞེས་པ་དེས་གནས་སྟངས་དེ་འདྲ་མཚོན་གྱི་ཡོད། གཉེན་བསྒྲིགས་ཟིན་པའི་ཕོ་མོ་གཉིས་ནས་བསམ་བློ་གུ་དོགས་པའི་རིགས་གདམ་པར་མོས་འདོད་སྔར་བས་ཆེ་ཞིང་། ཆང་ས་རྒྱབ་མེད་པའི་ཕོ་མོ་ཚོས་དར་སྲོལ་ཅན་གྱི་ལུགས་ལ་མོས་འདོད་ཆེ། ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་མིས་ཕལ་ཆེར་གྱིས་དར་སྲོལ་ཅན་གྱི་ལུགས་དེར་འོས་ཤོག་འཕེན་སྲིད་པ་བཅས་ཆགས་ཡོད།

 

 

 

མཐར་མི་རྣམས་ཀྱིས་བསམ་བློའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ལ་ངོས་ལེན་བྱེད་པ་མ་ཟད། དེའི་སྡུག་ངལ་ཡང་གཏིང་ཟབ་པོའི་སྒོ་ནས་མྱོང་དགོས་པ་ཡིན། རང་དབང་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་འགྲོ་བ་མིའི་རིགས་ལ་སྤྱི་ཚོགས་ཀྱི་སྲོག་ཆགས་ Social Animal ཅེས་པའི་ངོ་བོའམ་ཁྱད་ཆོས་ལ་གཏན་འབེབས་བྱས་ཟིན། དུས་རབས་གང་གི་མི་ཡིན་ཡང་སྒྲིག་འཛུགས་ག་གེ་མོ་ཞིག་གི་འོག་ཏུ་དྲོད་སྐྱིད་ཅིག་འཚོལ་ཐབས་བྱེད་ཅིང་། གཏན་འཇགས་ཀྱི་ཁྱིམ་ཚང་མེད་སོང་ན་མི་རྣམས་ཀྱིས་སྒྲིག་འཛུགས་དེ་འདྲ་གསར་པ་ཞིག་འཚོལ་ཐབས་བྱེད། སྐབས་དེར་སྤྱི་ཚོགས་རིང་ལུགས་ནི་ཧ་ཅང་ཡིད་སྨོན་ཤོར་སའི་ནུས་ཤུགས་གཅིག་མངོན་སྲིད་ཀྱི་རེད།

 

 

 

ཕྱོགས་གཞན་ནས་འདོད་སྤྱོད་ལ་བཅིང་འགྲོལ་གཏོང་བ་དེས་མི་རྣམས་ཀྱི་བསམ་བློར་བཅོས་བསྒྱུར་ཐེབས་ཡོད། འདོད་པ་ཚིམས་པའི་ཆེད་དུ་མི་རྣམས་ཀྱིས་དེར་རྒྱུ་མཚན་ཞིག་འཚོལ་ཐུབ་པ་བྱུང་བ་དང་། སྒེར་གྱི་སྡོམ་པ་རང་འཁུར་དང་ཁྲིམས་རང་སྲུང་བཅས་ཀྱི་རྩ་འཛིན་དེ་དོར་ནས་སོ་སོའི་བྱ་བར་འོས་འགན་འཁྱེར་བརྩིས་མེད་ལ་འདོད་ཧམ་གྱི་བྲན་གཡོག་ཏུ་གྱུར་ཡོད་པ་རེད།

 

 

 

གལ་ཏེ་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱུང་ཚེ། ཁྱིམ་ཚང་གི་སྒྲིག་གཞི་དེ་རྩ་མེད་འགྲོ་སྲིད་པ་རེད།

 

སྤྱི་ཚོགས་རིང་ལུགས་ཆ་ཚང་མངོན་འགྱུར་ཟེར་བ་དེ་འདྲ་བྱུང་ཚེ། ཁྱིམ་ཚང་གི་ལྟ་བ་དེར་རྩ་ཐོར་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད། ཁྱོ་ཤུག་གི་འབྲེལ་བར་བཅོས་བསྒྱུར་བཏང་ནས་དེ་གཉིས་ཕན་ཚུན་རྒྱབ་གཉེར་དུ་འཛིན་མི་དགོས་པ་དེ་ཁྱིམ་ཚང་གི་དབང་ཆ་དེ་གཞན་ལ་རྩིས་འབུལ་ཞུས་པ་དང་གཅིག་མཚུངས་ཡིན། དེའང་སྲིད་གཞུང་ངོས་ནས་ཁྱིམ་ཚང་གི་བདག་འཛིན་ཆེན་པོ་ལྟ་བུའི་ངོ་བོར་འགྱུར་སྲིད། དེ་སྔོན་ཁྱིམ་ཚང་གི་བདག་པོ་ཁྱོ་ཤུག་གཉིས་སྐབས་དེར་ཁྱིམ་ཚང་གི་འཚོ་བའི་ནང་སྲིད་གཞུང་གི་བཀའ་རྒྱ་ལག་བསྟར་བྱེད་མཁན་ཞིག་དང་། བུ་རྒྱུད་གཉོར་སྐྱོང་བྱེད་མཁན་གྱི་ལས་མི་ཙམ་གྱི་ངོ་བོར་གྱུར་གྱི་རེད།

 

 

 

 

དོན་དངོས་ཐོག་དེང་རབས་ཀྱི་ནུབ་ཕྱོགས་སྤྱི་ཚོགས་སུ་སྲིད་གཞུང་གིས་ཁྱིམ་ཚང་སློབ་གསོར་ཐེབས་ཇུས་བྱས་པའི་ཤུལ་དེ་གསལ་དུ་འགྲོ་བཞིན་ཡོད། དངུལ་དངོས་ཕྱོགས་ནས་བཤད་ན། བྱིས་པ་རྣམས་རྒྱགས་ལུག་མི་ཆགས་པའི་ཆེད་དུ་ཟས་རིགས་ནང་གི་གད་སྙིགས་གྲལ་དུ་ཚུད་པའི་རིགས་རྣམས་ཕྱིར་བཏོན་རྒྱུ་དང་། དེ་མིན་བཙན་བཙུགས་ཀྱི་སྒོ་ནས་དེའི་སྐོར་གྱི་ཁབ་སྤྱོད་རྒྱུའི་རེ་བ་བཏོན་རྒྱུ་རེད། བསམ་བློའི་ཕྱོགས་ནས་བཤད་ན་བྱིས་པ་རྣམས་ལ་ཤུགས་རྐྱེན་སྔར་བའི་ཆེ་བ་ཡོད། སྒེར་བཙུགས་སློབ་གྲྭ་བཙུགས་རྒྱུ་ཚད་བཀག་ཡོད་པའི་སྒོ་ནས་གཅིག་གྱུར་གྱི་སློབ་གསོའི་དམིགས་ཚད་བཟོས་ཏེ་སློབ་གསོའི་ནང་དོན་དང་ཐབས་ལམ་ལ་ཚོད་འཛིན་བྱེད་དེ་རིམ་གྱིས་ཕྲུ་གུ་ཚོའི་བསམ་བློར་ཐིམས་ཐབས་ཀྱིས་དེ་དག་གི་བསམ་བློར་དེང་རབས་ཀྱི་ལྟ་བས་བཀང་ཐབས། སྲོལ་རྒྱུ་གྱི་རིན་ཐང་གི་ལྟ་བ་དོར་ཐབས། སྤྱི་ཚོགས་ཀྱི་སྲོག་ཆགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཆགས་སུ་འགྱུར་ལྡོག་འགྲོ་རྒྱུ་དེ་འདྲ་རེད།

 

 

 

 

སློབ་དཔོན་གྱིས་མི་རྣམས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་བསམ་བློའི་སྐྱུག་བྲོ་བ་དེར་ངོས་ལེན་བྱེད་དེ་སྤྱི་ཚོགས་རིང་ལུགས་ཀྱིས་ཁྱིམ་ཚང་ལ་རྩ་མེད་ཤུལ་མེད་བཟོས་པའི་ཤུགས་རྐྱེན་དེ་ནི་ཧ་ཅང་གཏིང་ཟབ་པོ་ཞིག་རེད། དེས་རྩ་བའི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་རང་ཆས་སུ་ཡོད་པའི་གཤིས་སྤྱོད་ལ་རྒོལ་ནས་ཡོད་པ་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་བསམ་བློ་དར་སྤེལ་གཏོང་མཁན་ཚོས་དོན་དངོས་དེ་དག་ངོས་ལེན་རྒྱུར་ངོ་རྒོལ་བྱེད་ཅིང་། དེ་ལས་ལྡོག་སྟེ་དེར་སྔར་བའི་ཆེ་བའི་ནུས་ཤུགས་ཀྱིས་ཤུགས་གནོན་རྒྱག་དགོས་ཚུལ་བཤད་བཞིན་ཡོད། དོན་དངོས་ཐོག་དེར་མི་རྣམས་ཀྱིས་དོགས་ཟོན་དགོས་པ་ཞིག་ཆགས་ཀྱི་ཡོད།

 

 

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།