ཨོ་གླིང་དང་འབྲེལ་བའི་ཡ་མཚན་དོན་བཞི།

images/stories/253.jpg
ཨོ་གླིང་དང་འབྲེལ་བའི་ཡ་མཚན་དོན་བཞི།

74 anecdotes in Australia

74件澳洲奇聞逸事

(དྲ་རྩོམ་བོད་འགྱུར་མ།)

 

༡། ཨོ་གླིང་ལ་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་རྡོ་རིལ་དབྱུག་པའི་སྤོ་ལོའམ་གྷོལ་ཧྥུའུ་ Golf ཐང་ཆེན་ཡོད། དེའི་རིང་ཚད་ནི་ཀཱི་ལོ་མིས་ཊ་ Kilometers ༡༣༦༥ དང་། ཨོ་གླིང་ནུབ་ཕྱོགས་ཀྱི་གྷལ་གུ་གྲོང་ Kalgoorlie དང་ལྷོའི་གྲོལ་བརྡལ་སཱི་ཏུ་ Ceduna Town གཉིས་འཕྲེད་བརྒལ་ཞིང་། དེའི་དབར་ས་དུང་གྲངས་ ༡༨ ཡོད། སྤོ་ལོ་ཐང་འདིར་རྩེད་འགྲན་ཐེངས་གཅིག་བྱེད་པར་ཉིན་ ༤ འགོར་གྱི་ཡོད་པ་རེད།

 

༢། འཛམ་གླིང་ཐོག་དུག་ཆེན་གྱི་སྦྲུལ་རིགས་ ༢༥ ཡོད་པའི་ནང་ནས་དུག་སྦྲུལ་ ༢༡ དེ་ཨོ་གླིང་ནང་ཡོད་པ་རེད།

༣། ཆུ་འབུ་ Box Jellyfish གྱིས་མི་བསད་གྲངས་དེ་ཉ་ཆེན་ shark དང་ཉ་ crocodile གཉིས་ཀྱིས་ཀྱང་ཟོས་ནས་བསད་པའི་མི་གྲངས་ལས་མང་བ་ཡོད་པ་རེད།

 

 

༤། ༡༩༧༩ ལོ་ནས་བཟུང་ད་བར་འབུ་སྡོམ་ཐག་ spider གིས་མི་བསད་པའི་རིགས་ཁྱོན་ནས་བྱུང་མྱོང་མེད།

༥། ཕཱེ་ཐེ་ Perth གྲོང་ཁྱེར་ནི་འཛམ་གླིང་ཐོག་གྲོང་དབུས་སུ་གནམ་གྲུ་འབབ་ཆོག་པའི་གྲོང་ཁྱེར་ཁོ་ན་དེ་ཡིན།

༦། རྒུན་འབྲུམ་བླུགས་ས་སྣོད་ཟོམ་དེ་ཨོ་གླིང་ནས་གསར་གཏོད་བྱས་པ་ཞིག་ཆགས་ཡོད།

 

 

༧། ཨོ་གླིང་ནི་ཁྱོད་ཀྱི་བསམ་པའི་ས་རྒྱ་ལས་ཧ་ཅང་གི་ཆེ། དེ་ཨ་རིའི་སྐམ་ས་ཆེན་པོ་དང་ཉེ་མཚུངས་ཡོད།

༨། འཛམ་གླིང་ཐོག་ཕྱུགས་ར་ཆེ་ཤོས་དེ་ཨོ་གླིང་ལ་ཡོད། ཨོ་གླིང་གི་ཕྱུགས་ར་ཆེན་མོ་ Anna Creek ལ་ཕལ་ཆེར་སྤྱི་ལེ་གྲུབ་བཞི་མ་ Square kilometers ༢༣༦༧༧ ཡོད་པ་དེ་ཨེ་ཟི་རལ་ Israel རྒྱལ་ཁབ་ཡོངས་ཀྱི་ས་ཁྱོན་ལས་ཆེ། ཕྱུགས་དུས་བྲེལ་བ་ཆེ་སྐབས་འདིར་ཕྱུགས་རིགས་གྲངས་ ༡༧༠༠༠ ཙམ་འཚོ་ཆོག་ལ་ཕྱུགས་ར་འདིའང་བརྒྱ་ཆ་བརྒྱ་ཐམ་པ་སྒེར་བདག་ཡིན།

 

 

༩། ཨོ་གླིང་ནི་འགྲོ་བ་མིའི་འཕེལ་རིམ་ནང་ཨང་གཉིས་པར་གནས་ཡོད། གྲངས་དེའང་མིའི་ཚེ་རིང་སྟངས་ཀྱི་བདེ་ཐང་གི་འཚོ་བ། ཤེས་ཡོན་དང་འཚོ་བའི་ཆུ་ཚད་ཀྱི་སྤུས་ཀ་ཧ་ཅང་ལེགས་སྟངས་སྐོར་གཞིགས་ནས་ཡོད་པ་ཡིན།

༡༠། ཨོ་གླིང་གི་མི་གྲངས་ལྔའི་ནང་གི་བཞི་ནི་མཚོ་ངོགས་ཀྱི་ས་ཐིགས་ནས་བར་ཐག་ཀཱི་ལོ་མི་ཊར་ Kilometers ༥༠ ཡི་ཉེ་སར་གནས་སྡོད་བྱེད་མཁན་ཡིན་པ་རེད།

༡༡། ཨོ་གླིང་དུ་བདུན་རེར་ཕལ་ཆེར་ཡུལ་སྐོར་སྤྲོ་འཆམ་བ་ ༧༠ ཡིས་སྤྲོ་འཆམ་མཐོང་ཆེན་གྱི་དུས་ཚོད་འཕར་འགྱང་བྱེད་ཀྱི་ཡོད།

 

 

༡༢། ཨོ་གླིང་གི་སྲིད་བློན་ཟུར་པ་བྷོག་ཧཱ་ཝེག་ Bob Hawke གིས་འཛམ་གླིང་གི་ཟིན་ཐོ་ཞིག་གསར་གཏོད་བྱས། དེའང་སྐར་ཆ་ ༡༡ ནང་བརྒྱད་ཕུད་ ༢། ༥ ཡི་སྦིར་རག་ཤོང་ཚད་ལཱི་ཊེ་ liter ༡།༤ ཙམ་འཐུང་། ཁོས་དེ་ནི་ཁོའི་ཆབ་སྲིད་ཐོག་གི་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གྱི་གྲལ་ཞིག་ལ་བརྩིས། དེར་བརྟེན། ཁོས་ན་ནིང་ལོར་ཧཱ་ཝེག་སྦི་རག་ Hawke's Lager ཅེས་པའི་རྟགས་ཅན་དེ་གསར་གཏོད་ཀྱང་བྱས།

 

 

༡༣། ཨོ་གླིང་གི་ཉེན་རྟོགས་པའི་དཔུང་སྡེ་ཐོག་མ་དེ་རྣམ་འགྱུར་དང་བྱ་སྤྱོད་ལེགས་པོ་བྱུང་བའི་བཙོན་པས་གྲུབ།

༡༤། འཛམ་གླིང་ཐོག་གི་བྱེ་ཐང་གླིང་ཕྲན་ཆེ་ཤོས་དེ་ཨོ་གླིང་གི་གླིང་ཕྲན་ཧྥིར་སེར་ Fraser Island ཡོད་པ་རེད།

༡༥། ཨོ་གླིང་ལ་རྒྱ་མཚོའི་མཚོ་འགྲམ་གྲངས་ ༡༠༦༨༥ ཡོད། གལ་རེ་ཁྱོད་ཉིན་རེར་མཚོ་འགྲམ་རེར་སོང་ན་ལོ་ངོ་ཧྲིལ་པོ་ ༢༧  གྱིས་མཚོ་འགྲམ་ཡོངས་སུ་བསྐོར་ཚར་གྱི་རེད།

 

 

༡༦། མཚོ་འོག་རི་སྣ་ཆེན་མོ་ The Great Barrier Reef ནི་སའི་གོ་ལའི་ཐོག་སྲོག་ཆགས་མང་ཤོས་ཀྱི་སྒྲོམ་གཞི་ཞིག་རེད། དེ་བཞིན་དེར་སྦྲག་སྒམ་ཡང་ཡོད་པས་ཁྱོད་ཀྱིས་ས་དེར་ཡི་གེ་དང་ཅ་དངོས་ཀྱང་སྦྲག་ཐོག་ནས་གཏོང་ཆོག

༡༧། ཨོ་གླིང་མི་ཚོས་ལོ་རེར་སྦི་རག་ beer དུང་ཕྱུར་ Billion ཤོང་ཚད་ Rise ཙམ་འཐུང་གི་ཡོད་ལ། དར་མ་རེས་ལོ་རེར་སྦི་རག་ཤེལ་དམ་ ༦༨༠ ཙམ་འཐུང་བཞག་གི་རེད།

 

 

༡༨། རྒྱལ་ས་ཁཱམ་བྷི་ར་ Canberra ཞེས་པ་དེ་གདོན་མའི་སྐད་དུ་བུད་མེད་ཀྱི་ནུ་མ་གཉིས་དབར་གྱི་གཤོང་ཞེས་པའི་དོན་ཡིན། རྒྱལ་སར་མིང་དེ་བཏགས་དགོས་དོན་ཡང་གྲོང་ཁྱེར་དེ་རི་གཉིས་དབར་ལ་ཆགས་པས་སོ།

 

 

 

༡༩། ཨོ་གླིང་གི་རྐང་རྩེད་སྤོ་ལོ་རུ་ཁག་ Australian Rules Football འདི་གསར་གཏོད་དགོས་དོན་ནི་རྩེད་རིགས་སྤོ་ལོ་ Cricket ཡི་ལུས་རྩལ་བ་རྣམས་ལ་ངལ་གསོའི་དུས་སུ་ལུས་སྦྱོང་གི་གོ་སྐབས་ཅིག་བསྐྲུན་ཆེད་ཡིན་འདུག  ལ་ལས་ Cricket འགྲན་རྩེད་དེར་ཨོ་གླིང་གདོན་མའི་མི་རིགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་ཡོད་ཚུལ་བཤད།

༢༠། དོན་དངོས་ཐོག་འཛམ་གླིང་ཐོག་བྲག་རྡོ་ཆེས་ཆེ་ཤོས་དེ་ནི་ཨཱོ་ལུར་ Uluru མ་རེད། བྲལ་རྡོ་ཆེས་ཆེ་ཤོས་དེ་ནི་ཨཱོ་གྷ་སི་ Augustus རེད། འདི་ནི་སྔོན་མ་ལས་ལྡབ་གཉིས་ཀྱི་ཆེ་བ་ཡོད།

 

 

༢༡། ཨོ་གླིང་རྒྱལ་ཁབ་ལ་རྒུན་འབྲུའི་ཆང་ཐོན་སྐྱེད་བྱེད་ས་བཟོ་གྲྭ་ཁག་ ༦༠ ཡོད་ལ་ལོ་རེར་ཕལ་ཆེར་ཤོང་ཚད་ Rise དུང་ཕྱུར་ ༡༣ ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད།

༢༢། ཨོ་གླིང་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེ་གྲལ་ཨང་ ༦ པ་དེ་ཡིན།

 

༢༣། ཨོ་གླིང་གི་མཉམ་འབྲེལ་དྲ་ལམ་གྱི་མགྱོགས་ཚད་དེ་འཛམ་གླིང་ཐོག་གི་ཨང་ ༥༦ ལ་སླེབས་པ་ཙམ་ཡིན།

༢༤། ཨོ་གླིང་གི་བྱེ་ཐང་ལ་འཛམ་གླིང་ཐོག་རྔ་མོང་མང་ཤོས་ཡོད་པ་དེའང་ཕལ་ཆེར་ཁྲི་ ༡༠༠ ཙམ་ཡོད། རྔ་མོང་འདི་དག་དབུས་ཤར་ཕྱོགས་སུ་ཕྱིར་བཙོང་གི་ཡོད་པ་རེད།

 

 

༢༥། ཨོ་གླིང་གི་དོམ་ཆུང་བྲང་ཁུག་ཅན་ Wombat གྱི་སྐྱག་པའི་དབྱིབས་ནི་གྲུབ་བཞི་ཅན་ཡིན།

༢༦། ནུབ་ཨོ་གླིང་གི་དབུས་གྲོང་ཁྱེར་ Perth ནས་རྒྱལ་ཁབ་རང་གི་རྒྱལ་ས་ Melbourne དབར་བརྒལ་བའི་འགྲུལ་བཞུད་དུས་ཚོད་དེ་ནི་ནུབ་ཨོ་གླིང་རང་གི་ས་མཐའ་གཉིས་སུ་བགྲོད་པའི་དུས་ཚོད་དང་གཅིག་མཚུངས་ཡིན།

༢༧། རྒྱལ་ས་མཱེའུ་བྷོམ་ Melbourne ལ་དེ་སྔོན་མིང་དེ་མི་འབོད། ས་དེར་ཙི་ཙིའི་དོན་གྱི་མིང་འདི་ Batman འབོད། ད་ལྟའི་རྒྱལ་སར་ད་དུང་ཡང་དེ་སྔོན་གྱི་མིང་དེ་བཏགས་པའི་ལྡུམ་ར་ཞིག་ཡོད་པ་རེད།

 

 

༢༨། ཨོ་གླིང་དུ་གྲོད་པ་སྣོད་ཁུག་ཅན་གྱི་སྲོག་ཆག་ཀཱང་གྷ་རུ་ kangaroo རིགས་མི་འདྲ་བ་ ༦༠ ཙམ་ཡོད། སྐྱེ་མ་ཐག་པའི་སྲོག་ཆག་དེ་རིང་ཚད་ cm གཉིས་ལས་མེད། དེའི་ཤ་ཁྲོམ་ནས་ཉོ་ཐུབ་ཅིང་དེ་གླང་ཤ་དང་ར་ལུག་གི་ཤ་ལས་བདེ་ཐང་ཆེ་ལ། དེའི་བཅུད་ལྡན་ཚིལ་ fat གྱི་ཚད་ནི་བརྒྱ་ཆ་གཅིག་དང་གཉིས་དབར་རེད་འདུག

༢༩། ཨོ་གླིང་ཆབ་སྲིད་པའི་ཕྱོགས་ནས་གློག་བརྙན་ཐད་གཏོང་སྐོར་འོས་འདེམས་དང་བགྲོ་གླེང་ཐེངས་ཤིག་འཚོགས། འོན་ཀྱང་སྐབས་དེར་ཟས་གཡོ་བཟོའི་ལེའུ་ཚན་ཞིག་ཀྱང་དུས་མཚུངས་བཏོན་དགོས་འཁེལ་བའི་རྐྱེན་གྱིས་ཆབ་སྲིད་སྐོར་གྱི་ཐད་གཏོང་ལེའུ་ཚན་དེ་ཕྱི་འཐེན་བཟོས།

 

 

༣༠། ཨོ་གླིང་གི་སྐྱེས་པ་ཞིག་གིས་དྲ་རྒྱ་ eBay ཐོག་ནཱེའུ་ཙི་ལན་ཊ་ NewZealand འགྲན་བཙོང་བྱ་རྒྱུ་བཟོས། དེའང་ཐོག་མའི་མ་དངུལ་ཨོ་སྒོར་ ༠།༠༡ ནས་འགོ་བརྩམས་རྒྱུ་བཟོས།

༣༡། གོར་དབྱིབས་རྟགས་ཅན་ལ་མིང་ crop circle ཞེས་བཏགས་ཡོད་པ་དེ་གོ་མྱོང་ཡོད་དམ། དེ་སྲོག་ཆགས་ཀྭང་གྷ་རུ་ kangaroo ནགས་ཤིང་དུ་རྒྱུགས་ནས་ཉལ་ཐ་མེ་ཏོག་ poppy དེ་འདྲ་ཧ་ཅང་མང་པོ་ཟོས་རྗེས་གང་སར་རྒྱུགས་པའི་ཤུལ་བཞག་རི་མོ་དེ་ཡིན་སྐད།

 

 

༣༢། མཱེག་བྷོམ་ལ་རིགས་མཐུན་དགའ་རོགས་ཀྱི་ཨར་ཁང་ཞིག་ཡོད་པ་དེར་བུད་མེད་མགྲོན་པོ་ཡོང་མི་ཆོག་པའི་དབང་ཆར་ཁྲིམས་མཐུན་གྱི་ངོས་ལེན་ཐོབ་ཡོད། དེའང་བུད་མེད་ཚོས་སྐྱེས་པ་ཚོར་དོགས་མི་བདེ་བའི་ཚོར་བ་སྤྲོད་ཀྱི་ཡོད་པས་རེད་འདུག

 

 

༣༣། མཱེག་བྷོམ་ Melbourne དུ་ཨོ་གླིང་གི་རང་དབང་དུས་ཆེན་ནམ་གདོན་མིའི་སྐད་དུ་མཱོམ་བྷ་ Moomba ཞེས་པའི་ཚིག་དེའི་དོན་ངོ་མ་ནི་ཁྱོད་ཀྱི་རྐུབ་དེ་ཡར་འཁྱོག་ Up Your Bum ཅེས་པ་དེ་ཡིན་ལ། དེའང་ཚིག་རྩུབ་སྡུག་སྐྱག་ཅིག་ཡིན་སྐད།

༣༤། ཨོ་གླིང་གི་ཨཱར་ཕེག་སི་རི་བོར་ Australian Alps ཁ་བའམ་གངས་འབབ་ཚད་དེ་སཱུད་སི་ལན་ཊི་ Switzerland ལས་ཀྱང་མང་བ་ཡོད་པ་རེད།

 

 

༣༥། ཨོ་གླིང་གི་གདོན་མིའི་མི་རིགས་རིག་གཞུང་ནི་སའི་གོ་ལའི་ཆེས་རྙིང་ཤོས་ཀྱི་རིག་གཞུང་ཤུལ་བཞག་ཅིག་ཡིན།

༣༦། ནུབ་ཨོ་གླིང་ནི་ཟིང་སྐྱ་མདོག་གི་མཚོ་ Pink Lake མང་པོ་ཡོད་པའི་ས་གནས་ཅིག་ཡིན། དཔེར་ན་ཧཱེ་ལི་མཚོ་ Lake Hillier ལྟ་བུ་ཡོད།

༣༧། ཨོ་གླིང་རྒྱལ་ཁབ་ཏུ་འཛམ་གླིང་ཐོག་གི་མནའ་ཤུལ་མིང་འཛིན་ཆེ་ཁག་ ༡༩ ཙམ་ཡོད་པ་རེད།

 

 

 

༣༨། ཀཱི་ཉི་ཟི་འཛམ་གླིང་ཟིན་ཐོའི་ནང་ཡཱེ་ཤུ་ཆོས་ལུགས་ཀྱི་སྒྲོན་མེ་མང་ཤོས་གཤམ་པའི་ཁང་པ་ཡོད་ཅིང་། དེའི་ནང་གློག་སྒྲོན་ཁྲི་ ༥༠ བརྒལ་ཡོད།

༣༩། ཨོ་གླིང་དུ་ཆེས་ཕྱུག་ཤོས་ཀྱི་བུད་མེད་གྷི་ན་ Gina Rinehart ཡིས་ཆུ་ཚོད་ ༢ རེའི་ནང་ཨ་སྒོར་ཁྲི་ ༡༠༠ ཙམ་བཟོ་བཞིན་ཡོད།

༤༠། ཨོ་གླིང་གི་ས་ཆ་བརྒྱ་ཆ་ ༩༡% ཙམ་གདོན་མའི་རྩ་དང་ཙི་ཤིང་གིས་ཁྱབ་ནས་ཡོད་པ་རེད།

 

 

༤༡། ༡༩༧༠ ལོར་ཨོ་གླིང་ནས་འཛམ་གླིང་ཐོག་རླངས་འཁོར་ཁག་ཏུ་བདེ་སྲུང་ཐག་པའི་ Seat belt སྐོར་གྱི་ཁྲིམས་ཐོག་མ་དེ་བཟོས་ཏེ་སྤེལ་མཁན་ཡིན།

༤༢། བརྒྱ་ཆ་ ༣༣%  གྱི་ཨོ་གླིང་མི་མང་ས་གནས་གཞན་ནམ་རྒྱལ་ཁབ་གཞན་ནས་ཡོང་བ་ཤ་སྟག་ཆག་ཡོད།

༤༣། ཨོ་གླིང་དུ་སྐད་ཡིག་གམ་ཡུལ་སྐད་རིགས་མི་འདྲ་བ་ ༣༠༠ ལྷག་ཡོད་པ་དང་། དེའི་ནང་ས་ཁུལ་རང་གི་གདོན་མིའི་སྐད་རིགས་ ༤༥ ཚུད། དེ་མིན་ཨོ་གླིང་མི་བརྒྱ་ཆ་ ༢༡%  ཙམ་གྱིས་རང་ཁྱིམ་དུ་ཨཱིན་སྐད་ English བཤད་ཀྱི་མེད་པ་རེད།

༤༤། ནུབ་ཨོ་གླིང་ཁུལ་དུ་སའི་གོ་ལའི་ཐོག་གི་སྲོག་ཆག་ཐོག་མའི་འབྱུང་ཁུངས་ཀྱི་དཔང་པོ་བྲག་རྡོ་ Stromatolites དེ་ཡོད།

༤༥། ཟས་རིགས་ Vegemite ཞེས་པ་དེ་སྦི་རག་ beer བཟོས་རྗེས་ཀྱི་ཆང་རྩི་ yeast ཡིས་བཟོས་པ་ཞིག་ཡིན་པར་བརྟེན་དེ་འདྲ་ཞིམ་པོ་ཡོད།

 

 

 

༤༦། ཨོ་གླིང་ནི་འཛམ་གླིང་དུ་བུད་མེད་ཀྱིས་འོས་འདེམས་ཐོབ་ཐང་ཡོད་ཆོག་པར་བཟོས་པའི་རྒྱལ་ཁབ་ཐོག་མ་ཡིན།

༤༧། འཛམ་གླིང་ཐོག་ཆེས་དྭངས་གཙང་གི་ཁ་དབུགས་དེ་ནི་ཨོ་གླིང་གི་ཌཱ་ཟི་མ་ཉི་ཡར་ Tasmania ཡོད།

༤༨། ཨོ་གླིང་གི་མིའི་ནང་བརྒྱ་ཆ་བརྒྱད་ཅུ་ ༨༠% ཡིས་རྒྱན་བཙུགས་བྱས་མྱོང་ཞིང་འཛམ་གླིང་ཐོག་དེའི་བསྡུར་ཚད་ཀྱི་བརྒྱ་ཆ་མཐོ་ཤོས་ཡིན།

 

 

༤༩། མིའི་རིགས་མ་བྱུང་སྔོན་ཨོ་གླིང་ནི་གཅན་གཟན་སྟོབས་ཆེན་གྱི་ཁྱིམ་གཞི་ཡིན། མཱིས་ཁྲི་ ༣ ཙམ་ཡོད་པའི་སྲོག་ཆག་ཀཱང་གྷ་རུ་ kangaroo དང་། རྟའི་བོང་ལྟར་ཆེ་བའི་ཆུ་བྱ་ངང་པ། སེང་གེ་ལྟར་ཆེ་བའི་གཟིག་ leopard བཅས་ཡོད།

༥༠། ཨོ་གླིང་ལ་ཡིད་ཕམ་པའི་རི་ Mt. Disappointment ཟེར་བ་ཞིག་ཡོད། དེ་ནི་ཉེན་མཆོང་ལ་དགའ་བའི་མི་ཞིག་རི་རྩེར་འཛེགས་ཐུབ་པ་བྱུང་རྗེས་དེར་ཡུལ་ལྗོངས་དེ་ཙམ་ཡག་པོ་མེད་པར་མཐོང་སྟབས་མིང་དེ་ལྟར་བཏགས་སྐད། འོན་ཀྱང་དེའི་རྐྱེན་གྱིས་རི་བོ་དེ་སྐད་གྲགས་བྱུང་།

 

 

 

༥༡། སཱིད་ཉི་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེན་ Sydney Opera Hous དེའི་རྩེ་མོ་ཡོངས་མཉམ་གཅིག་ཏུ་མཐུད་རྗེས་ཧ་ཅང་ཡིད་འོང་གི་རྩེ་བཀྲམ་གོར་དབྱིབས་ཅིག་ཆག་ཡོད། དེ་ནི་ཁང་ཆེན་དེ་འཛུགས་སྐྲུན་བཟོ་བཀོད་པས་ཚ་ལུ་མའི་པགས་པ་བཤུས་རྗེས་ཇུས་དེ་རྙེད་སྐད།

༥༢། ཨོ་གླིང་ནི་འཛམ་གླིང་ཐོག་གཡོ་འགུལ་ཅན་གྱི་མེ་རི་མེད་པའི་སྐད་ས་ཁོ་ན་དེ་ཡིན།

 

 

༥༣། ཨོ་གླིང་མི་ཚོས་རྒྱན་བཙུགས་ཐོག་སྤྱོད་པའི་མ་དངུལ་དེ་རྒྱལ་ཁབ་གཞན་ལས་མང་། ༡༩༩༢ ལོར་ཨོ་གླིང་གི་རྒྱན་བཙུགས་ཚོགས་པས་ཨ་རིའི་ས་གནས་ཧྥུ་ཅི་ཉི་ཡ་ Virginia ནས་ཨང་གྲངས་བསྒྲིགས་དགོས་པའི་རྒྱན་ཤོག་ཡོངས་རྫོགས་ཉོས་པ་མ་ཟད། དེ་དག་ཚང་མ་ཐོབ་ཡོད་པ་རེད། ཚོགས་པ་འདིས་ཨ་སྒོར་ ༥༠༠ དེ་ཁྲི་ ༢༧༠༠ ལ་བསྒྱུར་ཡོད།

༥༤། ཨོ་གླིང་སཱིད་ཉིའི་ས་འོག་ཏུ་ལོ་ངོ་ ༥༥༠༠ སྤར་ཆོག་ཅིང་མདངས་ངེས་ཀྱི་རྡོ་སུལ་ཡོད་པ་རེད།

 

 

༥༥། ༡༨༩༢ ལོར་ཚོགས་མི་ ༢༠༠ ཅན་གྱི་ཚོགས་པ་ཞིག་གིས་པཱ་ལ་ཀུའེ་ Paraguay ལ་ཨོ་གླིང་རྒྱལ་ཁབ་གསར་པ་ཟེར་བ་ཞིག་གསར་པ་གཟུག་རྩིས་བྱས།

༥༦། ལོ་རེ་བཞིན་ཨོ་གླིང་གི་བྷི་སི་བྷན་ Brisbane ལ་འབུ་ཞུ་ལུ་མ་ cockroach རྒྱུགས་འགྲན་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད།

 

 

༥༧། མདུན་ངོས་སུ་སྣོད་ཁུག་ཅན་གྱི་སྲོག་ཆག་ཀཱང་གྷ་རུ་ kangaroo དང་བྱ་ཨཱི་མུག་ Emu གཉིས་མདུན་སྤྱོད་མ་གཏོགས་ཕྱི་སྣུར་མི་ཤེས་པའི་སྲོག་ཆག་གཉིས་ཡིན། དེའང་སྲོག་ཆག་འདི་གཉིས་རྒྱལ་རྟགས་སུ་གྱུར་དགོས་པའི་རྒྱུ་མཚན་ཡིན།

༥༨། ༡༩༤༠ ལོར་གནམ་གྲུ་གཉིས་སཱིད་ཉི་གྲོང་གི་མཁའ་དབྱིངས་སུ་རྡུང་ཁ་བརྒྱབས། འོན་ཀྱང་བརྡུངས་རྗེས་གནམ་གྲུ་གཉིས་སར་ལྷུང་མེད་པ་མ་ཟད་གནམ་གྲུ་གཉིས་མཉམ་གཅིག་ཏུ་འབྱར་ནས་སྐྱོན་མེད་ངང་སར་བབས་ཐུབ་པ་བྱུང་།

 

 

༥༩། ༡༩༥༦ ལོར་མཱེལ་བྷོམ་ Melbourne ལ་སྐབས་ ༡༦ པའི་ཨཱོ་རྩལ་འགྲན་ཚོགས་ Olympic Games འཚུགས། སྐབས་དེར་སློབ་ཆེན་འཛིན་རིམ་དང་པོའི་སློབ་མ་བྷེ་རིས་ Barry Larkin སོ་སོས་གྲོང་ཁུལ་གྱི་སྤར་འབར་ཞིག་བཟོས་ནས་དེ་འཁྱེར་ཞིང་ལུས་རྩལ་བའི་གྱོན་པའི་སྒྲིག་ཆས་ཟོལ་ཞིག་ཀྱང་གྱོན་ནས་འགྲན་ཚོགས་མཛད་སྒོར་བཞུགས། ཁོས་སོ་སོས་བཟོས་པའི་སྤར་འབར་དེ་འཁྱེར་ནས་འགྲན་རྩོད་པའི་བང་གི་མཇུག་ཏུ་མི་ཁྲི་སྟོང་མང་པོས་མཐོང་སའི་མཛད་སྒོའི་སྡེངས་ཆར་སོང་། སྐབས་དེར་གྲོང་ཁྱེར་གྱི་འགན་འཛིན་ནས་བྷེ་རིའི་སྤར་འབར་ལག་ཏུ་ཚུར་ལེན་དུས་དེ་རྫུན་མ་ཡིན་པ་ཤེས། དེ་རྗེས་གནས་ཚུལ་དེ་ནི་སྐབས་དེར་གསར་འགྱུར་ཆེ་ཤོས་གཅིག་གྱུར་ཡོད་པར་གདོན་མི་ཟ། ཨོ་གླིང་སྲིད་གཞུང་དང་མི་དམངས་ཚོས་གནས་ཚུལ་དེར་གུ་ཡངས་ཀྱི་འཛུམ་གྱིས་དེ་མུར་བཞག་སྟེ་ཁོ་ལ་ཉེས་ཆད་གང་ཡང་བཅད་མེད། ལོ་ངོ་ཧྲིལ་པོ་ ༤༤ ཡི་རྗེས་སུའི་ ༢༠༠༠ ལོར་སྐབས་ ༢༧ པའི་ཨཱོ་རྩལ་འགྲན་ཚོགས་དེ་སཱིད་ཉི་གྲོང་ཁྱེར་དུ་འཚོགས་སྐབས་ཨོ་གླིང་མི་མང་གིས་སྐབས་དེར་རང་ལོ་ ༦༢ ཟིན་པའི་བྷེ་རི་འགྲན་ཚོགས་ཀྱི་སྤར་འབར་འཁྱེར་མཁན་དངོས་དེ་གདམ་ནས་དེ་སྔོན་བྷེ་རིའི་གཞོན་ནུའི་དུས་ཀྱི་རྨི་ལམ་དེ་མངོན་འགྱུར་ཡོང་བར་བྱས།

 

 

 

༦༠། ༡༩༦༩ ལོར་ཨ་རིའི་མི་ཟླ་བའི་གོ་ལར་འབྱོར་རྗེས་ཀྱི་པར་ཐོག་མ་དེ་ཨོ་གླིང་གྲོང་ཁྱེར་ཁཱམ་བྷེ་ར་ Canberra དང་ཧ་ཅང་ཉེ་ས་ Honeysuckle Tracking Station ནས་འཛམ་གླིང་ཡོངས་སུ་བརྒྱུད་བསྒྲགས་བྱས་ཡོད་པ་ཞིག་རེད།

༦༡། ཨོ་གླིང་ལ་ཆེས་རིང་བའི་སྐྱོར་ར་ fence ཡོད་པ་དེའི་རིང་ཚད་ནི་ཀཱི་ལོ་མིས་ཊ་ Kilometers ༣༠༠༠ ཡིན། དེ་ནི་རི་བོང་ནང་དུ་འཛུལ་མི་ཡོང་བའི་ཆེད་དུ་བཙུགས་པ་རེད།

 

༦༢། ཨཱེ་རི་མགྱོགས་ལམ་ Eyre Highway ནི་འཛམ་གླིང་ཐོག་ཆེས་ཉེན་ཁ་ཆེ་ཤོས་ཀྱི་མགྱོགས་ཚད་མཐོ་བའི་གཞུང་ལམ་གྲལ་ཞིག་ཡིན། དེའི་རིང་ཚད་ཀཱི་ལོ་མིས་ཊ་ ༡༤༥ དང་། ལམ་དེར་བསྐོར་ལམ་གཅིག་ཀྱང་མེད་པར་བརྟེན། དེའི་རིང་མི་ཚོས་རླངས་འཁོར་གཏོང་བཞིན་གཉིད་དུ་ཡུལ་འགྲོ་གི་ཡོད་པ་རེད།

 

 

༦༣། ལོ་ངོ་ ༢༠༠༠ སྔོན་གྱི་ཨཱོ་ལིང་ཧྥིག་རྩལ་འགྲན་ཚོགས་ཐོག་གི་སཱིད་ཉིའི་གྲོང་ཁྱེར་གྱི་རོལ་དབྱངས་རུ་ཚོགས་དེ་དོན་དངོས་ཐོག་མཱེལ་བྷོམ་གྱི་རོལ་དབྱངས་རུ་ཁག་ཡིན་པ་རེད།

༦༤། སྲོག་ཆགས་གྲུམ་པ་མཆུ་ལེབ་ platypus ཟེར་བ་དེ་ཐོག་མར་ཨིན་ལན་དུ་ England བསྐྱེལ་སྐབས་མི་རྣམས་ཀྱིས་བྱ་དེའི་དབྱིབས་ལ་བལྟས་ཏེ་ཨོ་གླིང་མི་ཚོས་རྩེད་མཚར་གྱི་སྒོ་ནས་ཆུ་བྱའི་ཁ་དེ་ཙི་ཙིའམ་བྱི་བར་སྦྱར་བཞག་འདུག་བསམ་ནས་ཡོད་པ་རེད།

 

 

 

༦༥། ཨོ་གླིང་རྒྱལ་ཁབ་རྟགས་ཅན་གྱི་བྱ་ལ་སྐད་འབྱིན་པའི་ནུས་པ་ཧ་ལས་པ་ཡོད། བྱ་སྐད་དེའང་ཧ་ཅང་རྙོག་འཛིང་ཚ་པོ་ཡིན་ལ། དེས་སྐད་གཞན་སྦྱོང་བའི་ནུས་པ་ནི་བསམ་ཡུལ་ལས་འདས་པ་ཡིན། དཔེར་ན་བྱ་དེས་ནགས་ཚལ་དུ་བྱ་བྱིའུ་གཞན་གྱི་སྐད་དང་མིའི་སྐད་འབོད་ཀྱི་སྒྲ། བཟོ་གྲྭའི་སྐད་སྒྲ། བྱ་ནཱེ་ཙོ་འཕུར་ལྡིང་སྐབས་གཤོག་ཟུང་གི་སྒྲ། དེ་བཞིན་རླངས་འཁོར་གྱི་ཉེན་བརྡའི་སྒྲའང་ལད་ཟློས་བྱེད་ཐུབ་ཀྱི་ཡོད་པ་རེད།

 

 

༦༦། ཨོ་གླིང་མི་ཚོ་བརྒྱ་ཆ་ ༦༣ ནི་རྒྱགས་ལུག་གི་ཚོད་དུ་ཡོད་པ་རེད།

༦༧། ཨོ་གླིང་ནི་འཛམ་གླིང་ཐོག་གློག་རིན་ཆེས་ཆེ་བའི་རྒྱལ་ཁབ་གཅིག་ཡིན།

༦༨། ཨཱེ་ཊན་ Athens རྒྱལ་ཁབ་ཕུད། ཨོ་གླིང་གི་མཱེལ་བྷོམ་གྲོང་ཁྱེར་ནི་གྷི་རེའེ་སི་ Greece ཡི་མི་མང་ཤོས་ཡོད་པའི་ས་གནས་གཅིག་ཆགས་ཡོད།

 

 

༦༩། ཨོ་གླིང་གི་རང་སྐྱོང་ལྗོངས་ཆེ་ཤོས་གྲཱག་ཁི་ Durack ཡི་ས་ཁྱོན་ནི་སཱོག་པོ་ལས་ཀྱང་ཆེ་བ་ཡོད།

༧༠། ༢༠༠༥ ལོར་བདེ་སྲུང་མི་སྣས་གྲོང་ཁྱེར་ཁཱན་བྷེ་རར་ཡོད་པའི་གྲོས་ཚོགས་ཚོགས་ཁང་ཆེན་མོའི་ནང་ཚིག་ mate འདི་སྤྱོད་མི་ཆོག་པ་བཟོས། བཀག་རྒྱ་དེ་ཉིན་གཅིག་རང་ལ་རྒྱུད་མཐུད་བྱུང་ཡོད་པ་ཙམ་རེད།

 

 

༧༡། ཨོ་གླིང་གི་གནམ་གྲུ་འཕུར་ལྡིང་སྐབས་ཐེངས་གཅིག་གནམ་གྲུར་ཟས་སྣུམ་སྤྱོད་ནས་འཕུར་སོང་ཡོད་པ་རེད།

༧༢། ཨོ་གླིང་ཏོག་ཙམ་མ་གཏོགས་རི་བོང་གིས་རྩ་མེད་དུ་བཟོས་ལ་ཁད། རི་བོང་ནི་ཨོ་གླིང་གི་གདོན་མིའི་སྲོག་ཆགས་ཅིག་མིན། ༡༨༥༩ ལོར་སྐབས་དེར་ཨཱིན་ཇི་བཙན་རྒྱལ་བས་རི་བོང་གྲངས་ ༢༤ ནང་འདྲེན་བྱས་རྗེས་རི་བོང་ཨོ་གླིང་དུ་རྒྱ་ཆེར་འཕེལ་རྒྱས་སོང་། གང་ཡིན་ཟེར་ན། ཨོ་གླིང་གི་རྩ་ཐང་ནི་རི་བོང་སྐྱེ་འཕེལ་ལ་ཧ་ཅང་མཁོ་བའི་ཆ་རྐྱེན་ཡིན་ལ། ས་དེར་རི་བོང་ལ་གནོད་འཚེ་བྱེད་མཁན་སྲོག་ཆགས་གཞན་ཡང་མེད་པས་རི་བོང་ཚོགས་ཀྱི་འཕེལ་ཁ་ཧ་ཅང་རྒྱས་པའམ་འབར་གས་འཐོར་བའི་ཚུལ་དུ་བྱུང་། ཆེས་འཕེལ་རྒྱས་སོང་བའི་སྐབས་ཀྱི་རི་བོང་གྲངས་ནི་ཕལ་ཆེར་དུང་ཕྱུར་ ༡༠༠ ཙམ་ལ་ཟིན། སྐབས་དེར་ཨོ་གླིང་དབུས་ས་ཁུལ་དུ་རི་བོང་གིས་རྩ་ཡོངས་ཟོས་ནས་སྐྱ་ཐིང་ངེར་གྱུར་བ་མ་ཟད། དེས་ཨོ་གླིང་གི་དམིགས་བསལ་བའི་སྲོག་ཆགས་རྩ་མེད་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་སོང་། རྩ་གཟན་རི་བོང་གིས་ཡུལ་ལྗོངས་རྩ་མེད་བཟོ་སྟངས་དེས་ཨོ་གླིང་མི་རྣམས་ཕྱིར་འགྲོ་དུས་ངོ་ཚ་ཏོག་ཙམ་ཡང་སྐྱེ་གཞི་རུ་གྱུར།

 

 

༧༣། འདིར་ཝ་མོ་མང་བའི་སྐྱོན་ཆེན་པོ་ཡོད། ཐོག་མའི་དུས་སུ་ཨོ་གླིང་ལ་ཝ་མོ་མེད། དེ་རྗེས་རི་བོང་མང་བའི་རྐྱེན་གྱིས་མི་ཚོད་ཝ་མོ་ནང་འདྲེན་གྱིས་རི་བོང་ལ་ཁ་གཏད་ཐབས་བྱས། དེའི་མཇུག་འབྲས་སུ་ཝ་མོ་ཨོ་གླིང་དུ་སླེབས་རྗེས་ས་གནས་རང་དུ་ཤ་ཚོད་པོའམ་ཧ་ཅང་ལེགས་པ་མ་ཟད་དེ་དག་འགྲོ་སྤྱོད་ཀྱང་ཧ་ཅང་དལ་བའི་སྲོག་ཆགས་གཞན་གྱི་ཤ་ཧ་ཅང་ཞིམ་པོ་ཡོད་པ་ཤེས་ནས་ཝ་མོས་རི་བོང་མི་ཟ་བ་ཨོ་གླིང་གི་གདོན་མའི་སྲོག་ཆགས་གཞན་དེ་དག་ཟ་འགོ་བརྩམས། དེའི་མཇུག་འབྲས་སུ་རི་བོང་དང་ཝ་མོ་གཉིས་ཀ་མང་བའི་སྐྱོན་ཆེ་པོ་བྱུང་།

 

 

༧༤། ཨོ་གླིང་རྒྱལ་ཁབ་དུ་སྲོག་ཆགས་རིགས་ལ་གོ་ས་ཤིན་ཏུ་མཐོན་པོ་རེད། འདིར་མི་དང་སྲོག་ཆགས་དབར་ཧ་ཅང་ཞི་མཐུན་གྱི་ཁོར་ཡུག་འོག་མཉམ་གནས་མཉམ་འཚོ་བྱེད། ཨོ་གླིང་གི་བྱ་ནཱེ་ཙོ་དང་། ཁུག་ལྡན་སྲོག་ཆགས་ཀཱང་གྷ་རུ། རི་བོང་ཆུང་གྲལ་སོགས་སྲོག་ཆགས་ནི་གང་སར་མཐོང་ཐུབ། བྱ་ནཱེ་ཙོ་འགའ་རེའི་མཐོ་ཚད་ནི་སྤྱི་བཏང་བའི་ཁྱིམ་བྱ་དེ་ཕོའི་བོང་ཚད་ལྟར་ཡིན། སྲོག་ཆགས་འདི་དག་མི་ལ་ཞེད་སྣང་སྤུ་ཙམ་མེད། གང་ཡིན་ཟེར་ན། སྲོག་ཆགས་འདི་དག་གི་མིག་སྣང་དུ་འགྲོ་བ་མིའི་རིགས་ཀྱིས་ཁོ་ཚོར་གནོད་སྐྱོན་བཟོ་མི་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད་པས་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།