བུད་མེད་ཀྱི་མི་ཚེའི་གདམ་ཁ་གལ་ཆེ་ཤོས་གཅིག

images/stories/444.jpg
བུད་མེད་ཀྱི་མི་ཚེའི་གདམ་ཁ་གལ་ཆེ་ཤོས་གཅིག

( དྲ་རྩོམ་བོད་འགྱུར་མ། )

Women's most important career decisions

女性最重要的生涯決定

 

སྔོན་གླེང་།

ཟཱམ་བྷ་གྷི་ Sheryl Kara Sandbergཡི་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༡༩༦༩ ལོར་མོ་ཨ་རི་ཝ་ཤིང་ཊོན་ལ་སྐྱེས་ཤིང་། ཇཱེའུ་ཞི་མི་རིགས་རེད་འདུག དེ་སྔོན་ཨ་རིའི་གློག་ཀླད་སྐོར་ཁེ་ལས་མཁས་དབང་དང་། གྷོ་གྷལ་ Google དྲ་བའི་གཙོ་འཛིན་གཞོན་པ་བྱས་མྱོང་འདུག དེ་རྗེས་བྱམས་སེམས་ཚོགས་པ་ཞིག་བཙུགས་མཁན། ད་དུང་མོ་ཨ་རི་གཞུང་གི་ནོར་སྲིད་ལས་ཁུངས་སུའང་ལས་ཀ་བྱས་མྱོང་བ་དང་། དཔེ་དེབ་ཁ་ཤས་དཔར་སྐྲུན་བྱས་ཞིང་། ༢༠༠༨ ལོར་ངོ་དེབ་ Facebook ཡི་བདག་པོས་Mark Zuckerberg མོ་ངོ་དེབ་ཚོགས་པའི་ལག་བསྟར་གཙོ་འཛིན་དུ་གདམ་བཀོས་བྱས། དབང་ཆ་འདིར་ཨིན་ཡིག་ཐོག་ནས་Chief Operating Officer COO ཞེས་འབོད་ཀྱི་འདུག

 

ཟཱམ་བྷ་གྷིས་མདུན་སྐྱོད་བྱོས།Come forward ཅེས་པའི་བརྩམས་དེབ་ནང་བུད་མེད་དབུ་འཁྲིད་ཀྱི་བརྗོད་གཞིའི་སྐོར་གྱི་བསམ་འཆར་བཤད་ཡོད་ཅིང་། མོས་དེབ་ནང་བུད་མེད་མཐོ་སའི་དབང་ཆར་སླེབས་དཀའ་བ་དེ་ནི་བུད་མེད་ཚོའི་ནུས་པ་ཡིས་མ་མདང་བ་དང་། དེ་བས་དམིགས་ཡུལ་བཅང་རྒྱུ་ཉུང་དྲག་པ་དེའང་མ་ཡིན་པའི་སྐོར་བཤད་ཡོད་ལ། མོས་གལ་ཏེ་ཁྱོད་འཇིགས་ཞུམ་བྲལ་བ་ཞིག་ཡིན་ན་ཁྱོད་ཀྱིས་གང་འདྲ་བྱ་རྩིས་ཡོད་དམ། ཞེས་སྐད་ཆ་དེས་གོ་གནས་ཐོག་ཡོད་པའི་བུད་མེད་གྲངས་མེད་ཅིག་ལ་བསྐུལ་འདེད་གཏོང་ཡོད་པ་རེད། གཤམ་གསལ་ནི་མོས་གསལ་ལམ་ཁག་ཏུ་བཤད་པའི་སྐད་ཆ་ཞིག་ཡིན།

 

 

མ་རྩོམ་དངོས།

ངས་ངོ་མ་བུད་མེད་ཀྱི་མི་ཚེའི་གདམ་ཁ་གལ་ཆེ་ཤོས་ནི་མོ་དང་མཉམ་དུ་འཚོ་བའི་ཚེ་རོགས་གཅིག་དགོས་མིན་དེ་ཡིན་པ་དང་། ད་དུང་ཚེ་རོགས་དེ་སུ་ཡིན་མིན་ཡང་ཧ་ཅང་གལ་ཆེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

ངས་ངོ་ཤེས་པའི་བུད་མེད་འགོ་འཁྲིད་ཚང་མའི་བཟའ་ཟླ་ནི་ནུས་པ་ཡོངས་རྫོགས་སྟོན་མཁན་རེད། དེ་དག་གིས་བཟའ་ཟླ་མོའི་ལས་ཀར་རྒྱབ་སྐྱོར་ཆ་ཚང་བྱེད་མཁན་ལས། དེ་མིན་ལྡོག་ཕྱོགས་ཀྱི་དཔེ་མཚོན་གཅིག་ཀྱང་མེད།

 

 

 

རྒྱལ་ཁ་ཐོབ་མཁན་གྱི་བུད་མེད་ཁེ་ལས་འགོ་འཁྲིད་ཚང་མར་བཟའ་ཟླ་ཡོད་པ་རེད། དབང་ཐང་། Fortune ཞེས་པའི་ཁེ་ལས་ཆེ་ཁག་ལྔ་བརྒྱའི་ནང་གི་བུད་མེད་འགོ་འཁྲིད་ ༢༨ ནང་ ༢༦ ཆང་ས་བརྒྱབ་ཚར་བ་དང་། གཅིག་བཟའ་འཐོར་སོང་འདུག དེའི་ནང་ཆང་ས་མ་བརྒྱབ་མཁན་ ༡ རང་འདུག འགན་གཙོ་འདི་དག་ཚང་མས་སོ་སོར་བཟའ་ཟླ་ཡིས་རྒྱུབ་སྐྱོར་འོག་ཕྲུ་གུར་ལྟ་སྐྱོང་བྱེད་རོགས་དང་ཁྱིམ་ལས་མཉམ་དུ་བྱེད་པ། གཞན་ལའང་ཁྱིམ་སྤོ་འདོད་ཡོད་པ་བཅས་རྒྱབ་སྐྱོར་མེད་ན། མོ་ཚོའི་ལས་དོན་ཐོག་རྒྱལ་ཁ་ཐོབ་མི་སྲིད་པ་རེད། ཅེས་བཤད་ཡོད།

 

 

 

༢༠༠༧ ལོར་ལས་དོན་དང་བྱ་བཞག་ནས་ཁ་བྲལ་བའི་བུད་མེད་སྐོར་ཞིབ་འཇུག་རྟགས་དཔྱད་ཀྱི་གྲུབ་དོན་ཞིག་ཏུ་བུད་མེད་བརྒྱ་ཆ་ ༦༠ ཙམ་གྱིས་བཟའ་ཟླ་ནི་ཁོ་རང་ཚོ་ལས་གནས་ནས་ཁ་བྲལ་དགོས་པའི་རྒྱུ་རྐྱེན་གཙོ་གནད་ཅིག་ཡིན་པའི་སྐོར་བཤད་ཡོད། དེར་བརྟེན། བཟའ་ཟླའི་རྒྱབ་སྐྱོར་མེད་ན་བུད་མེད་ཚོའི་ལས་དོན་གྱི་བྱ་བཞག་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་ཧ་ལས་དགོས་དོན་མེད་པ་རེད། དེའང་རྒྱུ་རྐྱེན་ཞིབ་ཏུ་བཀོད་ན། དེའི་ནང་བཟའ་ཟླས་ཕྲུ་གུར་ལྟ་སྐྱོང་དང་ཁྱིམ་ལས་ཞེན་པ། བཟའ་ཟླས་བུད་མེད་ངོས་ནས་ལས་ཀ་བརྗེ་བསྒྱུར་ཡོང་རེ་བྱས་པ་བཅས་ཡིན། དེའང་ཡ་མཚན་དགོས་དོན་མེད་དེ། ཧཱ་ཝ་ཊི་ Harvard སློབ་ཆེན་གྱི་སློབ་དཔོན་ཁཱིང་ཐེར་ Rosabeth Moss Kanter ཚོགས་འདུ་ཞིག་གི་ཐོག་བུད་མེད་འགོ་འཁྲིད་ཚོའི་གོ་དབང་མཐོར་འཛེགས་ལ་སྐྱེས་པ་ཚོས་རོགས་འདེད་ག་རེ་བྱེད་ཐུབ་བམ། ཞེས་དྲིས་པར་ཁཱིང་ཐེས་གྱོན་གོས་འཁྲུ་རྒྱུ་དེ་རེད། ཅེེས་ལན་འདེབས། གྱོན་གོས་འཁྲུ་རྒྱུ་དང་སྔོ་ཚལ་ཉོ་རྒྱུ། གཙང་སྦྲ་དང་ཟས་བཟོ་རྒྱུ་ལྟ་བུའི་ལས་ཀ་དེ་དག་ནི་ཧ་ཅང་སྤྱི་བཏང་དང་རྒྱུན་གཏན་ལྟར་ཡིན་ཡང་དེ་དག་ནི་མེད་དུ་མི་རུང་བ་ཞིག་ཡིན། དེའང་ལས་ཀ་དེ་དག་མང་ཆེར་བུད་མེད་ཀྱི་ལུས་ཐོག་སྤུངས་ནས་ཡོད་པ་རེད།

 

 

 

༢༠༡༢ ལོའི་ཟླ་དང་པོར་ང་ལ་རཱོ་ཐི་ཆཱང་གིས་ཡི་གེ་ཞིག་འབྱོར་བྱུང་། རཱོ་ཐི་ནི་སྨན་པ་ཞིག་རེད། མོ་རང་ལ་ལོ་དེ་ཙམ་ཆེན་པོ་མིན་པའི་ཕྲུ་གུ་གཉིས་ཡོད། རཱོ་ཐིས་དྲ་རྒྱའི་ TED ཐོག་ནས་ངའི་གཏམ་བཤད་ TEDTalks མཐོང་འདུག མོ་ལ་ལས་གནས་ཅིག་ཐོབ་པ་དེ་ནི་སྨན་བཅོས་ཁང་ཁག་ ༥ ཡི་སྨན་པ་ ༧༥ ལ་དོ་དམ་བྱེད་རྒྱུ་དེ་ཡིན། མོས་སྐབས་བབ་ཀྱི་ཚོར་སྣང་ལ་ལས་ཀ་དེ་ངོས་ལེན་མི་བྱེད་རྒྱུ་དེ་རེད། གང་ཡིན་ཟེར་ན་མོས་སོ་སོས་ཁྱིམ་ཚང་དང་ལས་གནས་དེའི་འོས་འགན་གཉིས་ཀ་ཡོང་ཐབས་མེད་པས་རེད།

 

 

འོན་ཀྱང་དེ་རྗེས་མོས་ག་རེ་དགོས་མིན་སྐོར་ཐེ་ཚོམས་ཟོས་རྐྱེན་ང་ལ་ཡི་གེ་དེ་བཏང་བྱུང་། མོས་ངའི་སེམས་ནང་ཁྱོད་གོ་དབང་གི་མདུན་ཅོག་དེར་སྡོད་ཅེས་བཤད་མྱོང་བ་དྲན་ནས། ངས་ལས་གནས་གསར་པ་དེ་ངོས་ལེན་འོས་པར་ཤེས་ཀྱི་ཡོད། ཉིན་དེའི་མཚན་མོར་ངས་བཟའ་ཟླར་ངས་ལས་གནས་དེར་ངོས་ལེན་བྱེད་ཀྱི་ཡིན་སོགས་བཤད་་་དེ་ནས་ངས་ནང་གི་སྔོ་ཚལ་ཉོ་བའི་རེའུ་མིག་ཤོག་བྱང་དེ་ཁོ་པར་སྤྲད་པ་ཡིན། ཁྱིམ་ཚང་གི་ལས་ཙག་ཙིག་ཁག་བགོས་ཀྱིས་མཉམ་ལས་བྱེད་ན་དེ་ནས་གནས་སྟངས་རྦད་དེ་མི་འདྲ་བ་རེད།

 

 

 

ཁྱོད་བུ་རྫིགས་པོ། བུ་སྡུག་ཆག་ཚང་མ་དང་མཉམ་དུ་འགྲོག་འབྲེལ་བྱེད་ཆོག

སྤྱི་བཏང་གི་ཆ་ནས་བུད་མེད་ཚོས་ཁྱིམ་ཚང་ལས་ཕྱིའི་ལས་ཀ་མང་བ་བྱེད་ཀྱི་ཡོད་ཅེས་པའི་བསམ་བློ་དེས་བུད་མེད་ཚོར་རྨས་སྐྱོན་བཟོ་བཞིན་ཡོད། གང་ཡིན་ཟེར་ན། ལས་གནས་ཀྱི་བདག་པོས་བུད་མེད་ཀྱི་ལས་གནས་ལ་དགའ་ཞེན་དེ་སོ་སོས་རེ་བ་བཅང་བ་ལྟར་འབྱུང་མི་ཐུབ་པར་ཚོད་དཔག་བྱས་པ་དེའི་རྐྱེན་གྱིས་རེད།

 

 

དེ་ལས་ལྡོག་སྟེ་མི་ཚོས་སྐྱེས་པས་ལས་གནས་དང་བྱ་བཞག་གཙོ་བོར་འཛིན་པར་སྔོན་དཔག་བྱེད་ཅིང་། དེའང་ལས་གནས་ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པར་མཇུག་བསྡོམས་རྒྱག་གི་ཡོད། སྤྱི་ཚོགས་ཀྱི་ངོས་ནས་མི་རྣམས་ཀྱི་སེམས་ཁམས་ཀྱི་གནས་སྟངས་དེ་གསལ་པོ་ཤེས་རྗེས་སྐྱེས་པས་རྐང་རྩེད་སྤོ་ལོའི་ཐང་དུ་སོ་སོས་བཟའ་ཟླ་མོའི་ཕྲུ་གུ་བཙས་དུས་ཀྱང་མཉམ་དུ་མེད་པར་རྐང་རྩེད་སྤོ་ལོ་རྩེས་ནས་ཡོད་པའི་སྐོར་འུར་བརྗོད་བྱེད་སྟངས་དེ་འདྲ་བྱུང་བ་ཡིན། གསལ་གནས་དེས་སྐྱེས་པ་ཚོར་ཆེད་ལས་མིན་པའི་གྲུབ་འབྲས་ཀྱིས་ཁོ་ཚོར་གཞན་གྱིས་ངོས་འཛིན་ཡོང་མི་ཐུབ་པའམ་ཡང་ན་སེམས་ལ་ཡིད་ཆིམས་ཐབས་མེད་པའི་བརྡ་ལོག་ཅིག་སྤྲད་ཡོད།

 

 

 

ཕོ་མོའམ་རྟགས་མཚན་དབར་གྱི་འགལ་ཟླ་ཇེ་ལོད་དུ་བཏང་བ་དེ་ནི་ཕྱིའི་གཏམ་བརྗོད་ཀྱིས་སྐྱེས་པར་གྲུབ་འབྲས་ཐོན་པར་ཆ་རྐྱེན་ཆ་ཚང་བ་སྐྲུན་ཡོད་པ་མ་ཟད། གཞན་གྱི་ཕྱོགས་ནས་ཀྱང་ཁོ་ཚོ་དང་བཟའ་ཟླ་མོའི་དབར་གྱི་གྲུབ་འབྲས་ཀྱི་དབྱེ་མཚམས་ལ་ཆ་རྐྱེན་ཆ་ཚང་ཡོད་པར་བཟོས།

བདེ་སྐྱིད་ལྡན་པའི་བཟའ་ཟླའི་རྣམ་པ་དེ་ནི་སྔར་བཞིན་སྐྱེས་པས་ལས་དོན་བྱ་བཞག་ཐོག་བུད་མེད་ལས་རྒྱལ་ཁ་ཆེ་བ་ཡོད་མདོག་སྐོར་དེ་ཡིན།

 

 

གལ་ཏེ་གཞན་གྱིས་རྒྱུན་དུ་ནས་བཟའ་ཟླ་མོ་ང་ཟུར་ཞིག་ལ་འཐེན་ནས་ཐུགས་འཁུར་ངང་ནས་སྐད་འགོ་དམའ་མོའི་ཐོག ཏཱེ་ཝེ་Dawei བདེ་པོ་ཡིན་ནམ། ཁོས་ཁྱོད་ཀྱི་གྲུབ་འབྲས་ཟེར་བ་དེ་ལ་ངོས་ལེན་བྱེད་ཐུབ་ཀྱི་ཨེ་འདུག ཅེས་པ་དེ་རེད།

ཏཱེ་ཝེ་ང་ལས་སྤོབས་པ་ཧ་ཅང་ཆེ་བའི་ཐོག ཁོས་སོ་སོའི་བྱ་བཞག་ཐོག་ལའང་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོན་ཡོད། གོང་གསལ་གྱི་ཁ་བརྡ་དང་གཏམ་གླེང་དེ་དག་ལ་ཏཱེ་ཝེ་གད་མོ་ཤོར་ཙམ་གྱིས་གཡུག་བཞག་གི་རེད།

 

 

 

མ་འོངས་པར་སྐྱེས་པ་གང་མང་ལ་ཏཱེ་ཝེ་ལྟ་བུའི་སྤོབས་པ་འདི་འདྲ་དགོས་ཀྱི་རེད། ཨ་རིར་ད་ཆ་ལས་གནས་སུ་ཡོད་པའི་བུད་མེད་བརྒྱ་ཆ་ ༣༠ ཡི་ཡོངས་འབབ་བཟའ་ཟླ་ལས་མཐོ་བ་ཡོད། ཁྱོ་ཤུག་གཉིས་ཀ་ལས་ཀར་ཡོད་པའི་གནས་སྟངས་དེའང་ཐེ་ཝན་དང་ OECD རྒྱལ་ཁབ་མང་ཆེར་གྱི་རྣམ་པའམ་གནས་སྟངས་ཤིག་གྱུར་ཡོད། བསྡུར་ཚད་ཀྱི་གྲངས་ཀ་དེ་མཐོ་རུ་འགྲོ་བཞིན་པ་འདི་བརྒྱུད་མ་འོངས་པར་ལྐོག་ལྐོག་སུབ་སུབ་ཀྱིས་ཁ་བརྡ་འདིའི་རིགས་སླར་མི་ཡོང་བའི་རེ་བ་ཡོད།

ཏཱེ་ཝེ་ངེད་གཉིས་ཀྱིས་ཁོའི་སྤོབས་པའི་ཉམས་ཆུང་སྟངས་ལ་བགྲོ་གླེང་དེ་དག་ལ་དགའ་སྤྲོའི་ངང་ནས་ལྟ་ཆོག་གི་རེད། འོན་ཀྱང་བུད་མེད་མང་པོས་འཛུམ་གྱིས་དེ་འདྲའི་གནས་སྟངས་ལ་ཁ་ཕྱོགས་ཐབས་མེད། བུད་མེད་ཚོ་བྱ་བཞག་ལ་བརྩོན་ལེན་བྱེད་པའི་ཐོག་འགག་རྡོ་ཧ་ཅང་མང་པོར་ཁ་གཏད་བཞིན་ཡོད། གལ་ཏེ་བུད་མེད་ཚོས་ད་དུང་ཡང་མུ་མཐུད་དེ་སོ་སོའི་གྲུབ་འབྲས་ཀྱིས་ཁྱོ་གའི་སྤོབས་པ་ལ་གནོད་སྐྱོན་གཏོང་བར་སེམས་འཁུར་ཡོད་ན། ང་ཚོས་འདྲ་མཉམ་གྱི་འཇིག་རྟེན་ཞིག་ཇི་ལྟར་རེ་སྒུག་བྱའམ།

 

 

ངས་བུད་མེད་ཀྱིས་མི་ཚེའི་འདུག་རོགས་འཚོལ་བའི་བསམ་འཆར་ནི། ཁྱོད་ཀྱིས་སྐྱེས་པ་སྣ་ཚོགས་དང་འགྲོག་འབྲེལ་བྱེད་ཆོག བུ་སྡུག་ཆག བུ་རྫིག་པོ། སྨྱོ་ཤེད་དང་སྟངས་འཛིན་མི་ཐུབ་མཁན་གྱི་སྐྱེས་པ། ཡང་ན་ཁེས་ལེན་བྱ་བར་འཇིགས་སྣང་སྐྱེ་མཁན་གྱི་སྐྱེས་པ་བཅས་གང་འདྲ་ཞིག་ཡིན་ཡང་འགྲོག་འབྲེལ་བྱེད་ཆོག འོན་ཀྱང་ཁོ་ཚོ་དང་ཆང་ས་མ་བརྒྱབ། སྐྱེས་པ་དབྱིངས་ཚ་པོ་དང་ཡིད་དབང་འཕྲོག་ཐུབ་པའི་སྤུས་ཚད་ལྡན་པ་ནི་བཟའ་ཟླའམ་ཁྱོ་ག་ཡག་པོ་ཞིག་བྱེད་རྒྱུའི་སྤུས་ཚད་དེ་མ་རེད།

 

 

གཏན་འཁེལ་ལམ་ཐག་གཅོད་ཆོག་པའི་དུས་ལ་དངོས་སུ་སླེབས་དུས་བུད་མེད་ཀྱིས་ཕན་ཚུན་འདྲ་མཉམ་གྱིས་ལྟ་ཆོག་པའི་ཁྱོ་བོ་ག་འཚོལ་དགོས།

 

 

 

བུད་མེད་ནི་སྤྱང་གྲུང་འཛོམས་ཤིང་སོ་སོའི་སྒེར་གྱི་ལྟ་བ་ཡོད་འོས་པ་ཞིག་ལ་ངོས་འཛིན་བྱེད་མཁན་གྱི་ཚེ་རོགས་ཤིག་དགོས། འདྲ་མཉམ་ངོས་ཟིན་པ་ཞིག་འཚོལ་དགོས་པ་དང་། ད་དུང་མ་འོངས་པར་ཁྱིམ་ཚང་གི་ལས་ཀའང་ཁག་བགོས་བྱ་དགོས་བསམ་ཐུབ་མཁན་ཞིག དེ་བས་ཁྱིམ་ལས་ངས་བྱའོ་བསམ་ཐུབ་མཁན་ཞིག་ཚེ་རོགས་ལ་གདམ་དགོས། འདི་ལྟ་བུའི་སྐྱེས་པ་ནི་ཡོད་ངོ་མ་ཡིན། དེས་མ་ཚད་ང་ལ་ཡིད་ཆེས་བྱོས་དང་། དུས་ཚོད་མང་པོ་སོང་རྗེས་སུ་སྐྱེས་པ་དེ་འདྲ་བ་ལས་དབྱིངས་ཚ་པོའམ་སྟེར་བཟོ་དོད་པ་ཞིག་ཡོད་མ་རེད་དོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།