གནམ་སྔོན་པོ་དང་སྤྲིན་དཀར་པོ།


གནམ་སྔོན་པོ་དང་སྤྲིན་དཀར་པོ།

(ཨིན་ཡིག་རྩོམ་འབྲི་ཚོད་ལྟ།)

 The Blue sky and white clouds

藍天白雲

ང་བོད་པ་ཡིན། མ་འོང་པར་ང་ཨོ་གླིང་བ་ཞིག་ཆག་གི་རེད། ང་འདིར་སླེབས་ནས་ལོ་གསུམ་ལྷག་སོང་། ང་འདིར་སྡོད་པ་ཧ་ཅང་དགའ་པོ་ཡོད་ལ་དེའི་རྐྱེན་གྱིས་ངས་མཛེས་སྡུག་ལྡན་པའི་རྒྱལ་ཁབ་འདིར་ལེགས་གསོལ་ཞུ་འོས། ང་མཚོ་འགྲམ་དང་བྱ་ཚོགས། ལྕང་མ་དང་མེ་ཏོག སྤང་ཐང་དང་སྲོག་ཆགས་སོགས་ལའང་དགའ་པོ་ཡོད། ངས་ད་དུང་འདིར་གནས་པའི་མི་ཡོངས་རྫོགས་ལ་སེམས་འཁུར་ཡང་ཡོང་ཐབས་བྱེད་ཀྱི་ཡོད།

 

རྒྱུན་གཏན་ཉིན་ལྟར་ཞོགས་པ་ང་ཕྱིར་སོང་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོར་ལྟ་རྒྱུར་དགའ། ཅི་ཡིན་མི་ཤེས་དེས་ང་རང་ཉིན་གང་ལ་སྤྲོ་སྣང་ཡོང་གི་འདུག གང་ཡིན་ཟེར་ན། འདིར་ཧ་ཅང་མཛེས་སྡུག་ལྡན་པའི་ཕྱིའི་ཁོར་ཡུག་ཡོད་པས་རྒྱལ་ཁབ་འདི་ལ་ལེགས་གསོལ་ཞུ་འོས་པ་ཞིག་ཚོར་གྱི་ཡོད། དེར་བརྟེན། ངས་ནུས་པ་དང་སེམས་ཤུགས་ཡག་ཤོས་དེ་བཏོན་ནས་སློབ་སྦྱོང་དང་ལས་ཀ་བྱེད་ཀྱི་ཡོད། ད་ལྟའི་ཆར་ང་རང་མི་སྒེར་པར་རོགས་སྐྱོར་བྱེད་མཁན་གྱི་ལྟ་སྐྱོང་བ་ཞིག་ཡིན། མཚམས་རེར་ང་རང་ཁེངས་སྤོབས་ཀྱང་སྐྱེ་གི་འདུག གང་ཡིན་ཟེར་ན། ངས་རྒྱལ་ཁབ་འདི་ལ་དཔྱ་ཁྲལ་མཇལ་ཐུབ་ཀྱི་ཡོད་པས་རེད། ངས་ངོ་མ་དེ་འདྲ་ཞིག་བྱེད་ཀྱང་ཐུབ་ཡོད།

 

 

བོད་ནང་ང་ཚོར་གངས་རི་མང་པོ་ཡོད། ང་ཚོས་ཀྱང་རྒྱུན་དུ་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོ་མཐོང་ཐུབ། སྤྱི་བཏང་གི་ཆ་ནས་བོད་ནི་འཛམ་གླིང་གི་ཡང་རྩེ་གསུམ་པ་ཞེས་འབོད་སྲོལ་ཡོད། ངས་རྟག་ཏུ་ནང་མི་དྲན་གྱི་འདུག དམིགས་བསལ་དུ་ངས་རང་གི་མ་ཡུམ་རྒན་མོ་ཧ་ཅང་དྲན་གྱི་འདུག འོན་ཀྱང་ང་མི་གཞན་དང་འདྲ་བ་ངའི་ནང་ལ་ཕྱིར་ལོག་ཐབས་མེད། གང་ཡིན་ཟེར་ན་ང་ཚོའི་མི་རིགས་འདིའི་རང་བཙན་ཤོར་ནས་དུས་རབས་ཕྱེད་ལྷག་སོང་ཞིང་ད་ཆ་ང་ཚོ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་གནས་ཡོད། ངའི་བོད་ནང་གི་གྲོགས་པོ་འགའ་རྒྱ་ནག་གཞུང་ལ་ཞེད་སྣང་སྐྱེ་གི་འདུག་ཟེར། ཁོང་ཚོ་བོད་ཀྱི་ཕྱིའི་ཁོར་ཡུག་དེའང་རྒྱ་ནག་ནང་བཞིན་འབག་བཙོག་ཅན་དུ་འགྱུར་མི་ཡོང་ངམ་བསམ་ནས་ཞེད་ཀྱི་འདུག་ཟེར། དེ་བཞིན་ང་ཚོས་གཞན་གྱི་སྐོར་ལའང་ཁ་བརྡ་བྱེད་ཀྱི་ཡོད། ངའང་མ་འོང་པའི་དུས་སུ་ངའི་ཚ་བོ་ཚ་མོ་ཚོས་གནམ་སྔོན་མོ་དང་སྤྲིན་དཀར་པོ་མཐོང་གི་མ་རེད་བསམ་ནས་ཞེད་སྣང་སྐྱེ་གི་འདུག

 

 

ད་ལྟའི་ཆར་མི་མང་པོས་སའི་གོ་ལའི་དྲོད་ཚད་དང་རང་བྱུང་ཁོར་ཡུག་འགྱུར་ལྡོག་འགྲོ་བཞིན་པའི་སྐོར་བཤད་ཀྱི་འདུག ངས་དེའི་སྐོར་མང་པོ་ཤེས་ཀྱི་མེད། དེའི་སྐོར་ངས་གྲོས་ཅི་ཞིག་བཏོན་དགོས་མིན་ཡང་མི་ཤེས། འོན་ཀྱང་ཨོ་གླིང་དུ་རི་མེ་སྤར་ནས་བཟུང་ད་ཆ་ངས་གནམ་སྔོན་མོ་དང་སྤྲིན་དཀར་པོ་མ་མཐོང་ནས་ཟླ་བ་འགོར་ལ་ཉེ། ང་ད་ཐེངས་ཁྱིམ་ཚང་བོར་བའི་མི་དེ་དག་ལ་ངོ་མ་སེམས་ཁྲལ་འདུག ལ་ལའི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད། ད་ཐེངས་ཀྱི་མེ་སྐྱོན་ནང་ད་དུང་སྲོག་ཆགས་དུད་འགྲོ་མང་པོ་ཤི་བ་རེད། ང་སྐྱོ་སྣང་ཆེན་པོ་ཡོང་གི་འདུག ད་ང་ཚོས་དོན་དམ་པ་ཅི་ཞིག་བྱེད་ཐུབ་མིན་ཡང་ཤེས་ཀྱི་མིན་འདུག

 

 

འོན་ཀྱང་ང་ཚོས་ཧ་ཅང་གསལ་པོ་ཤེས་པ་ཞིག་ནི་འཇིག་རྟེན་འདིའི་ཐོག་གི་ཆག་འཇིགས་ཡོངས་རྫོགས་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་བགྱིས་པ་དེ་རེད། མ་འོངས་པར་འགྲོ་བ་མིའི་ཡོངས་རྫོགས་ཀྱིས་འདོད་རྔམ་ལས་དོན་སྙིང་ལྡན་པའི་མི་ཚེ་ལ་དོ་སྣང་མང་ཙམ་བྱེད་པའི་སྨོན་ལམ་ཡོད། མིའི་ནང་སེམས་ཀྱི་སྤུས་ཚད་ལ་མང་ཙམ་དོ་སྣང་བྱེད་པའི་སྨོན་ལམ་ཡོད། དངུལ་དང་སྒོར་མོ་ལས་མིའི་བདེ་སྐྱིད་གལ་འགངས་ཆེ་བར་དོ་སྣང་མང་ཙམ་བྱེད་ན་བསམ་ཡོད། དཔལ་འབྱོར་ལས་འགྲོ་བ་མིའི་ནང་སེམས་ཀྱི་སྤུས་ཚད་ལ་མང་ཙམ་དོ་སྣང་བྱེད་ན་བསམ་གྱི་ཡོད།

 

 

གལ་ཏེ་ང་ཚོས་མུ་མཐུད་དེ་ཁྱིམ་ཚང་འདིའི་རང་བྱུང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་ན་ང་ཚོ་བདེ་འཇགས་དང་བདེ་སྐྱིད་ངང་ནས་འཚོ་ཐུབ། ངོ་མ་ཡིན། གལ་ཏེ་ང་ཚོ་འགྲོ་བ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་ཡུམ་སའི་གོ་ལ་འདི་བརླགས་པ་ཡིན་ན་ང་ཚོས་གཞན་གྱི་སྐོར་གང་འདྲ་བཤད་ཐུབ་བམ།

 

 

 

རང་བྱུང་ཁམས་ཀྱི་གོད་ཆགས་ཧ་ཅང་ཆེན་པོའི་མདུན་དུ་མཚམས་རེར་མིའི་རིགས་ཀྱི་ནུས་པ་ལ་ཚོད་བཀག་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ཐེངས་འདིར་ཨོ་གླིང་གཞུང་ངོས་ནས་གནད་དོན་སེལ་ཐུབ་པར་ཡིད་ཆེས་ཆ་ཚང་ཡོད། ང་ཚོས་གོད་ཆག་འདིར་ཁ་གཏད་གཅོག་ཐུབ་པར་ཡིད་ཆེས་ཡོད། ང་ཚོས་གང་མགྱོགས་ཁྱིམ་གསར་པར་འཛུགས་སྐྲུན་ཐུབ་པར་ཡིད་ཆེས་ཡོད། ངསད་ཐེངས་ཁྱིམ་གཞིས་བརླགས་ཀྱང་ད་ལྟའི་ཉེན་ཁ་ལས་གྲོལ་ཐུབ་པའི་མི་རྣམས་ལ་སྨོན་ལམ་དང་རེ་འདུན་བཅང་བཞིན་ཡོད། མཛེས་སྡུག་ལྡན་པའི་ནགས་ཚལ་དེ་དག་ཀྱང་བསྐྱར་གསོ་ཡོང་བར་སྨོན་འདུན་ཞུ་བཞིན་ཡོད།

 

 

 

ང་ཚོས་འགྲོ་བ་མིའི་སེམས་ནང་དུ་ཞི་བདེ་དང་བརྩེ་བ་མང་ཙམ་བསྐྲུན་ཐབས་བྱུང་ན། ང་ཚོར་དེ་མཚུངས་ཀྱི་བདེ་སྐྱིད་ཀྱང་ཐོབ་ཐུབ། དེ་ལས་ལྡོག་ན་ང་ཚོར་སྡུག་ངལ་མང་ཙམ་ཡོང་རྒྱུ་ཉག་ཅིག་རེད། ངའི་བླ་མའི་གསུངས་པ་ལྟར། ངས་འཛམ་གླིང་འདིར་ཞི་བདེ་དང་བརྩེ་བ་མང་ཙམ་དགོས་ཀྱི་འདུག་བསམ་གྱི་ཡོད། དེ་ནི་ཧ་ཅང་ལས་སྟབས་བདེའི་དྲི་བ་ཞིག་ཀྱང་རེད། དེ་ནི་ང་ཚོ་འགྲོ་བ་མིའི་རིགས་ལ་དགོས་པ་གཙོ་བོ་དེའང་རེད། ངས་ད་དུང་ང་ཞོགས་པ་སྔ་པོ་ལང་ནས་སླར་ཡང་གནམ་སྔོན་པོ་དང་སྤྲིན་དཀར་པོའང་མཐོང་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད།

 

 

I’m Tibetan, in the future, I will be an Aussie. I have been here for more than 3 years, I’m very happy living here and very grateful for this beautiful country. I love beaches, birds, trees, Grassland, flowers, and animals…. I also try to care about everyone who lives in this country.

Usually, I like to go out to look at the blue sky and white clouds every morning, I don’t know why, but that makes me happy all day. Because of this beautiful external environment, I feel appreciate this country! That’s why I’m trying my best to be a hard learner and hard worker, now I’m working as an individual support worker, sometimes I’m proud of myself because I can pay the tax to the government, I really did!

In Tibet, we have many Snow Mountain. We also can see the blue sky with clouds always, Tibet is often called the “roof of the world ”or word third poll, I miss my family all the time. Especially I miss my old mother so much, but I can't back to visit my homeland like other people do, because our lost independent more than a half-century, now we are under the Chines government’s control. Some of my friends said they afraid of the Chinese government, they’re also scared of Tibet’s environmental will pollution and weather changes like china, and we also talk about other factors.in the future  I’m afraid of my great-grandchildren can't see the blue sky anymore...

In this time, many people talking about climate change, I don’t know too much about this topic, I have no idea for that, but since Australia bush fire, today I can't see the blue sky nearly month ago, I really worrying those people lost home, some of them lost their life, lots of animals died. I feel so sad, but I don't know, what we can really help or we can do about this?

But we know very well, that human beings cause our selves all the great disasters in this world! In the future, I hope all the human beings can pay attention to people’s meaningful life more than Greedy desire, pay attention to people's happiness or life inner value, humans happiness more important than the economy, people's life inner value more important than money…

if we continue to love our home, the world’s clean external environment we can live safely and happy. Truly, if we lost our human beings' motherland or Earth, this beautiful world's External environment, how we can talk about other things.

In the face of including powerful natural disasters, I know some times our capabilities are limited, but This time I fully trust the Australia government can fix this problem.

I believe we can survive this crisis, we can build new home as soon as possible, I pray and wish those people who lost home but can escape the danger of fire as soon as possible, I believe that we can survive this crisis, believe that those affected by the disaster can build new homes as soon as possible, believe that those people in the disaster area can escape the danger of fire as soon as possible, that beautiful woods can be gradually restored.

Like my master said, The more we care about building peace and love in people's hearts, the more happiness we can get, Otherwise, we will suffer more… I want to say this world needs more peace and love, that’s simple. This is all we humans need! I also hope every morning can see the blue sky and white clouds again!

 

 

我是西藏人,將來我會成為澳洲人。我到這裡三年有餘,非常喜歡這裡,因此這個美麗的國家也得我感恩戴德。我也喜歡海灘,樹木和花草,草地和動物等等,我還試著從心裡關心住在這裡的所有人。

平常清晨早起,我喜歡看看外面的藍天白雲,不知為何,這讓我一整天都感到非常歡喜,因為這美麗的外在環境,我感恩這個國家的付出。由此,我也盡我最大的能力,努力學習和勤奮工作。我現在是一名個人護理員,有時候我為自己感到驕傲,因為我可以付出自己的勞動成果,向國家繳,這點我也真的做到了。

西藏境有很多雪山,平常我們也可以看到藍天白雲。一般來,西藏被稱作世界屋脊。現在,我時常想念我的家人,特別思念我年邁的老母親,但我不能像其他人一樣回家探望我的家人,因為我們失去了獨立自主權快半個多世紀,而生存在中國政府的統治下。我的一些老或朋友他們害怕中國政府,他們也害怕西藏的自然環境將會遭受中國地一樣的汙染,我們還談論一些別的問題,我也很害怕,怕我家的子孫後代們再也看不到那方的藍天白雲了。

如今很多人在討論地球變暖和自然環境變化等主題,我不太清楚這方面的事情,我也不清楚該提出些什麼建議比較好,我非常悲哀,不知道我們真能為此做些什麼。但是我們非常清楚,這世界上的一切大的災難都是我們人為造成的!

我祈禱未來全人類可以多注重有意義的人生,而不是貪婪;更多注重人類在的價,注重人類的幸福多於金錢;注重在的素質多於錢財。

若我們繼續保護地球的自然環境這個大家園,我們就可以生活在安全和幸福的地方,真的,若我們人類居住的地球母親被毀,我們還有什麼其他可以談的呢?!我知道,在大自然面前,有時我們的能力非常有限,我相信並希望澳洲政府可以面對這此的問題,相信可以面對這次災害,相信我們可以儘快建造新家園。對於這次受災的群眾,我從心祈禱和寄予期望,祈禱那些被毀掉的美麗森林可以逐漸恢復原貌。

像我的上師的那樣,若我們人類可以多建構在心靈的平和與慈愛,我們也可以獲得相同的幸福指數,反之,我們會遭受更多的苦難,我認為這個世界需要更多的和平和慈愛,這也是一個非常簡單的問題,更是我們人類的主要需求,我也祈禱,每天早晨起來,像往常一樣,我仍然可以看到這方的藍天白雲!

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།