རྒྱལ་པོས་སངས་རྒྱས་བསྟན་པ་བསྣུབས།

images/stories/distable buddha .jpg
རྒྱལ་པོས་སངས་རྒྱས་བསྟན་པ་བསྣུབས་ཏེ་དམྱལ་བར་ལྷུང་རྗེས་སྡུག་བསྔལ་མྱངས།

(  འགྱུར་རྩོམ། )

After king destruction Buddhism, he suffering in the hell

滅佛教  北周武帝死後身陷地獄難脫苦海

རྩོམ་པ་པོ། ལེའུ་ཞོ།

བྱང་གི་པཱེ་ཝེ་ཐེ་ཝུའུ་རྒྱལ་པོ་གོང་མ།北魏太武帝  བྱང་ཀྲུའུ་ཝུའུ་རྒྱལ་པོ།北周武帝  ཐཱང་ཝུའུ་རྒྱལ་པོ།唐武宗   ཀྲུའུ་རྒྱལ་རབས་མཇུག་མའི་ཧྲཱི་ཙོང་རྒྱལ་པོ་後周世宗  བཅས་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་སངས་རྒྱས་བསྟན་པ་བསྣུབས་མཁན་གྱི་རྒྱལ་པོ་བཞི་རེད།

རྒྱལ་པོ་ཝུའུ་གསུམ་དང་ཙོང་གཅིག་ཅེས་འབོད་སྲོལ་ཡོད་པའི་དུས་ངན་ནང་བྱང་གི་པཱེ་ཝེ་ཐེ་ཝུའུ་རྒྱལ་པོ་གོང་མས་ནང་པ་བསྣུབ་རྒྱུ་རེད་ལ། དེའང་ལུས་ཀྱི་བསྟན་གྲྭ་བཙུན་རྩ་མེད་བཟོ་རྒྱུ་ཚུད། དེར་བརྟེན། ཁོས་མི་བསད་རྟ་འགྱེལ་གྱི་གྱོན་དོན་བཟོས་ཏེ་གྲྭ་བཙུན་ཁག་ཅིག་བསད་ཡོད་པ་རེད། བྱང་ཀྲུའུ་ཝུའུ་རྒྱལ་པོ་ནས་ནང་ཆོས་རྩ་མེད་བཟོ་རྒྱུ་ཙམ་མ་ཟད། ཏཱོའོ་ཆོས་ལུགས་ཀྱང་རྩ་འགོག་བཟོས་པ་རེད། ཐཱང་ཝུའུ་རྒྱལ་པོས་ཏཱོ་ཆོས་ལུགས་ལ་དམད་ཅིང་ནང་ཆོས་རྩ་མེད་བཟོ་རྒྱུ་ཡིན་པས་དགོན་པ་མང་པོ་གཏོར།

 

 

ཀྲུའུ་ཧྲི་ཙོང་རྒྱལ་པོ་ནི་ནང་ཆོས་བཀག་སྡོམ་དང་རྩ་གཏོར་གྱིས་ཏཱོའོ་ཆོས་ལུགས་ཀྱི་ཟངས་ཀྱིས་བཟོས་པའི་སངས་རྒྱ་སྐུ་མགར་ཡོད་པ་དེ་དག་དབུས་གྲོང་ཁྱེར་དུ་འདེད་ནས་རྩ་མེད་བཟོ་རྒྱུ་དང་། ཟངས་དེ་དག་གིས་དངུལ་ཞོ་མགར་རྒྱུ་བཟོས།

 

 

 

ཡིན་ཡང་རྒྱལ་པོ་འདི་བཞི་ཀ་དར་གཞོན་སྐབས་སུ་ཤི་སོང་བ་རེད། སྤྱི་ལོ་སྔོན་གྱི་ ༤༥༢ ལོའི་ཟླ་ ༣ པར་བྱང་གི་པཱེ་ཝེ་ཐེ་ཝུའུ་རྒྱལ་པོ་ཁོའི་དཔོན་བློན་གྱིས་བསད་ཅིང་དེ་དུས་ཁོ་རང་ལོ་ ༤༥ སོན། སྤྱི་ལོ་སྔོན་གྱི་ ༥༧༨ ལོའི་ཟླ་ ༦ པར། བྱང་ཀྲུའུ་ཝུའུ་རྒྱལ་པོར་ན་ཚ་ཚབ་ཆེན་ཕོག་ཅིང་ལུས་ཡོངས་རུལ་ནས་ཤི་དུས་རང་ལོ་ ༣༦ སོན། སྤྱི་ལོ་སྔོན་གྱི་ ༨༤༦ ལོའི་ཟླ་ ༣ པར་ཐཱང་ཝུའུ་རྒྱལ་པོས་སྒོམ་སྒྲུབ་བྱེད་མཁན་གྱིས་ཁོ་ལ་སྦྱིན་པའི་ཚེ་རིང་རིལ་བུ་ཞེས་པ་དེ་ཟོས་ཆེ་དྲག་སྟེ་སྨན་ལོག་སོང་ནས་དུག་ཕོག་སྟེ་ཤི་དུས་རང་ལོ་ ༣༣ ཡིན། སྤྱི་ལོོ་སྔོན་གྱི་ ༩༥༩ ལོའི་ཟླ་ ༦ པར་ཧྲཱི་ཙོང་རྒྱལ་པོ་ན་ནས་ཤི་དུས་རང་ལོ་ ༣༩ སོན། དེ་རྗེས་རྒྱལ་རབས་དེའང་རྩ་ཐོར་དུ་སོང་།

 

 

ནང་པར་དད་པ་ཡོད་མཁན་ཚོས་མཐོང་སྣང་དུ་མི་དེ་དག་ཚང་མར་ལས་རྒྱུ་འབྲས་འཁོར་བ་རེད། འོན་ཀྱང་ཤ་ཁྲག་གིས་གྲུབ་པའི་ལུས་ཕུང་འདི་ཤི་བ་ཙམ་གྱིས་ལས་རྒྱུ་འབྲས་ཀྱི་འཁོན་ལེན་དེའང་རྫོགས་སོང་བ་དེ་འདྲ་མ་ཡིན།

 

 

ཐཱང་རྒྱལ་རབས་སྐབས་མཱིན་ཚགས་དེབ་ཀྱི་ཟིན་བྲིས་ཅེས་པའི་ནང་སྒྲུང་འདི་འདྲ་ཞིག་བཤད་ཡོད་པ་རེད། དེའང་བྱང་ཀྲུའུ་ཝུའུ་རྒྱལ་པོ་གསོན་དུས་སྒོ་ང་ཟ་རྒྱུར་ཧ་ཅང་དགའ་ཞིང་ཟ་ཐེངས་རེེར་སྒོ་ང་ཁ་ཤས་ཟ་ཐུབ་ཀྱི་ཡོད། པཱ་པེའུ་ཞེས་པའི་མི་དེ་ནི་སྐབས་དེར་རྒྱལ་པོ་དེའི་ཟས་རིགས་ལ་དོ་དམ་བྱེད་མཁན་གྱི་གཡོག་ཅིག་ཡིན། དེའང་རྒྱུན་དུ་རྒྱལ་པོར་ཟས་སྤྱོད་ཞབས་ཞུ་དགོས་པར་བརྟེན་རྒྱལ་པོས་ཁོ་ལ་ཧ་ཅང་དགའ་པོ་བྱེད་ས་ཤིག་གྱུར། བྱང་ཀྲུའུ་ཝུའུ་ཡི་རྒྱལ་ཁབ་རྩ་མེད་སོང་རྗེས་སཱོའེ་ཝུན་ཏིས་རྒྱལ་པོས་གོ་ས་བཟུང་། པཱ་པེའུ་མུ་མཐུད་སྔར་གྱི་གོ་ས་དེར་རང་སྲོལ་བསྡད། རྒྱལ་ས་བཟུང་བའི་འགོ་སྟོད་ཙམ་དུ་རྒྱལ་པོ་འདི་གློ་བུར་དུ་ཤི་སོང་བ་རེད། སྐབས་དེར་རྒྱལ་པོའི་སྙིང་ལ་ད་དུང་དྲོད་ལྡན་པར་བརྟེན་ནང་མི་ཚོས་རྒྱལ་པོ་དེ་མུར་ས་སྦས་བྱ་སྙིང་མ་འདོད། ཉིན་གསུམ་རྗེས་པཱ་པེའུ་གློ་བུར་དུ་གཉིད་ལས་སད། སད་རྗེས་ཀྱི་སྐད་ཆ་ཐོག་མ་ནི་ང་རྒྱལ་པོ་སར་འཁྲིད་རོགས། ངས་བྱང་ཀྲུའུ་ཝུའུ་རྒྱལ་པོའི་སྐད་ཆ་འཁྱེར་ནས་ཡོད། ཅེས་བཤད་སྟབས་ཟུར་གྱི་མི་ཚོས་ཁོ་རྒྱལ་པོར་ཐུག་ཆོག་པའི་དུས་ཚོད་བཀོད་བསྒྲིག་བཟོས།

 

 

དེ་ནས་རྒྱལ་པོ་ཐུག་དུས་སྐད་ཆ་ག་རེ་བཤད་རྒྱུ་ཡོད་མེད་འདྲི་སྐབས་པཱེ་པེའུ་ཡིས་སོ་སོ་གློ་བུར་དུ་ཤི་རྗེས་གཞན་གྱིས་ཁོ་རང་འབོད་པ་ཐོས་པས་སྐད་སྒྲ་དེད་ནས་རི་ཕུག་ཆེན་པོ་ཡོད་སར་སོང་། དེ་ནས་ལམ་ཡོངས་རྫོགས་རི་ཕུག་དེར་འགྲོ་ཆོག་པ་ཡིན། ཁོ་ཕུག་པར་སླེབས་དུས་ནུབ་ཕྱོགས་སུ་རྟ་པ་བརྒྱ་སྐོར་ཞིག་དེར་འབྱོར། དེ་དག་གིས་རྒྱལ་པོ་འདྲ་བའི་མི་ཞིག་སྲུང་སྐྱོར་ལྟ་བུ་བྱས་ནས་འདུག ཁོ་ཚོ་ཕུག་པའི་ནང་ཡར་འཛུལ་དུས་པཱ་པེའུ་ཡིས་མི་དེ་ནི་བྱང་ཀྲུའུ་ཝུའུ་རྒྱལ་པོ་ཡིན་པ་གཞི་ནས་ངོ་ཤེས། དེར་བརྟེན། ཁོས་རྒྱལ་པོར་གུས་ལུགས་ཞུས། རྒྱལ་པོས་ཨ་མྱེ་དམྱལ་བའི་ཆོས་རྒྱལ་གྱིས་ཁྱོད་འབོད་དགོས་དོན་ནི་ངའི་ཆེད་དུ་དཔང་རྟགས་དོན་རྒྱུ་ཙམ་ཡིན་པ་ལས། ཁྱོད་རང་ལ་ནག་ཉེས་གང་ཡང་མེད། ཅེས་བཤད་རྗེས་ཕུག་པར་འཛུལ་སོང་།

 

 

དམྱལ་ཁབས་ཀྱི་ཕོ་ཉས་ཀྱང་པཱ་པེའུ་ཕུག་པར་འཁྲིད་དེ་དམྱལ་ཁམས་རྒྱལ་པོའི་ཕོ་བྲང་དུ་སླེབས། ཁོས་བྱང་ཀྲུའུ་ཝུའུ་རྒྱལ་པོ་དང་དམྱལ་ཁམས་རྒྱལ་པོ་མཉམ་གཅིག་ཏུ་བསྡད་པ་མཐོང་། ཀྲུའུ་ཝུའུ་རྒྱལ་པོས་དམྱལ་ཁམས་རྒྱལ་པོ་ལ་ཧ་ཅང་གུས་ཞབས་བྱེད། ཕོ་ཉས་པཱ་པེའུ་ཡིས་དམྱལ་ཁམས་རྒྱལ་པོར་གུས་ལུགས་མཚོན་དགོས་པ་བྱས།

 

 

དམྱལ་ཁབས་རྒྱལ་པོས། ཁྱོད་ཀྱིས་ཀྲུའུ་ཝུའུ་རྒྱལ་པོར་ཟས་སྤྱོད་ཞབས་ཞུ་བྱས་པའི་ལོ་དེ་དག་རིང་རྒྱལ་པོས་ཐོག་མཐའ་བར་གསུམ་དུ་གྲོ་རྡོག་དཀར་པོ་ག་ཚོས་ཟོས་སོང་ངམ། ཞེས་དྲིས། ཁོས་གྲོ་རྡོག་དཀར་པོ་དེ་ག་རེ་ཡིན་མིན་མ་ཤེས་ནས་གཡས་གཡོན་གྱི་མི་ཚོར་ལྟ་ཙམ་བྱས། ཕོ་ཉས་གྲོ་རྡོག་དཀར་པོ་ཟེར་བ་དེ་སྒོ་ང་ལ་གོ་དགོས་པ་རེད། ཅེས་བཤད། དེ་ནས་པཱ་པེའུ་ཡིས་རྒྱལ་པོས་རྒྱུན་དུ་སྒོ་ང་མཆོད་ཀྱི་ཡོད་པ་བདེན་ཡང་། བསྡོམས་སྒོ་ང་ཅི་ཙམ་ཟོས་མིན་བརྩི་མྱོང་ཡོད་མ་རེད་ཅེས་བཤད།

 

 

 

དམྱལ་བའི་རྒྱལ་པོས་ཀྲུའུ་ཝུའུ་རྒྱལ་པོར་མི་འདིས་ཁྱོད་ཀྱིས་ག་ཚོད་ཟོས་མིན་བརྩིས་མི་འདུག་པར་བརྟེན། ང་ཚོས་དེ་དག་ཚང་མ་ཕྱིར་བཏོན་ནས་བརྩི་དགོས། ཅེས་བཤད། ཀྲུའུ་ཝུའུ་རྒྱལ་པོས་དམྱལ་ཁམས་རྒྱལ་པོའི་སྐད་ཆ་དེ་དག་གོ་མ་ཐག་ཧ་ཅང་མི་དགའ་བའི་སྒོ་ནས་ཡར་ལང་། དུས་ཡུན་ཙམ་དམྱལ་ཁམས་ཕོ་བྲང་མདུན་གློ་བུར་དུ་ལྕགས་ཀྱི་ཉལ་ཁྲི་ཞིག་བཞག་འདུག་ལ། ད་དུང་བཙོན་ཁང་སྲུང་མཁན་སྒོ་སྲུང་བཅུ་གྲངས་ཙམ་ཡང་འདུག་པ་དེ་དག་ནི་ཕྱུགས་ཀྱི་མགོ་དང་མིའི་ལུས་ཅན་ཤ་སྟག་རེད་འདུག

 

 

ཀྲུའུ་ཝུའུ་རྒྱལ་པོ་མལ་ཁྲིར་ཉལ་ནས་སྒོ་སྲུང་ཚོས་ལྕགས་ཀྱི་ཀ་བས་རྒྱལ་པོ་མར་བསྣན། རྒྱལ་པོའི་གཟུགས་པོ་ཕྱོགས་གཉིས་སུ་གས་ཤུལ་ནས་སྒོ་ང་རྒྱུན་མ་ཆད་པར་ཕྱིར་ལུད། དུས་ཡུན་སྒོ་ང་ཉལ་ཁྲི་ལྟར་མཐོན་པོ་ཆག་ཅིང་། ཕལ་ཆེར་ཟོ་བ་ལྔ་ཙམ་དོན་བྱུང་།

 

 

དམྱལ་ཁམས་རྒྱལ་པོས་སྒོ་སྲུང་འབོད་ནས་སྒོ་ང་གྲངས་ཀ་བརྩིས། གྲངས་བརྩིས་ཚར་རྗེས་ཉལ་ཁྲི་དང་སྒོ་སྲུང་དེ་དག་ཀྱང་གློ་བུར་དུ་མེད་པར་གྱུར། ཡིན་ཡང་ཀྲུའུ་ཝུ་རྒྱལ་པོ་སླར་བསྡད་སར་ཡོད།

དམྱལ་ཁམས་རྒྱལ་པོས་པཱ་པེའུ་ལ་ཕྱིར་ལོག་ན་འགྲིག་ལུགས་བཤད། པཱ་པོའུ་གཞན་གྱིས་ཕུག་པའི་ཕྱིར་འཁྲིད་དུས་ཀྲུའུ་ཝུའུ་རྒྱལ་པོའང་ཕྱིར་ཡོང་ནས་ཁོ་ལ། ཁྱོད་ཀྱིས་ཟཱེའེ་རྒྱལ་ཁབ་ཆེན་པོའི་རྒྱལ་པོར་ངའི་སྐད་ཆ་ཞིག་འཁྱེར་རོགས། ཁོ་དེ་སྔོན་ངའི་ལས་རོགས་རེད། འོན་ཀྱང་ད་ཆ་རྒྱལ་ཁབ་ཀྱི་བང་མཛོད་ནང་གི་གསེར་དངུལ་རྒྱུ་ནོར་ཚང་མ་ངས་བསགས་བཞག་པ་ཤ་སྟག་ཡིན། དེའང་ང་གསོན་དུས་རྒྱལ་པོ་ཡིན་སྐབས་སངས་རྒྱས་ཀྱི་བསྟན་པར་ངན་སྨྲ་བྱས་པར་བརྟེན། ད་ཆ་ངས་སྡུག་ཆེན་པོ་མྱོང་ནས་ཡོད། ངའི་ཆེད་དུ་ལས་བཟང་པོ་གསོག་རོགས་ཅེས་ཁོ་རང་ལ་བསྐུལ་རོགས། ཅེས་བཤད།

 

 

 ཟུའུ་ཝུན་ཏི་རྒྱལ་པོས་ཀྲུའུ་ཝུའུ་རྒྱལ་པོའི་སྐད་བསྐུལ་དེ་གོ་རྗེས་གནམ་འོག་ལ་བརྡ་ཁྱབ་བསྒྲགས་ནས་ཁྱིམ་ཚང་མི་རེ་ངོ་རེ་ནས་སྒོར་མོ་གཅིག་རེ་བཏོན་ནས་བྱང་ཀྲུའུ་ཝུའུ་རྒྱལ་པོའི་ལས་ངན་དག་ཐབས་ཀྱིས་སྨོན་ལམ་ཚོགས།

 

དེ་མིན་རབ་བྱུང་གི་ལོ་རྒྱུས་རྒྱུད་པ། ཞེས་པའི་དེབ་ནང་དུའང་སྒྲུང་དེའི་སྐོར་བྲིས་ཡོད། དེབ་ནང་ཟུའུ་ཝུན་ཏི་རྒྱལ་པོས་སྲིད་བཟུང་ནས་ལོ་བརྒྱད་སྐབས་སྤྱི་ལོ་སྔོན་གྱི་ ༥༨༨ ལོར་ཅཱིང་ཀྲོ་ཡི་ཏུའུ་ཆིང་ཤི་ནས་ཉིན་གསུམ་རྗེས་འཆི་ལོག་གིས་སད་ནས་ཁོས་དམྱལ་ཁམས་རྒྱལ་པོ་མཐོང་ལུགས་བཤད་ཡོད་པ་མ་ཟད། ཁོས་ནང་པའི་བསྟན་པ་བསྣུབས་ནས་ལས་འབྲས་འཁོར་ཏེ་དམྱལ་ཁམས་སུ་སྡུག་བསྔལ་མྱོང་བཞིིན་པའི་ཀྲུའུ་ཝུའུ་ཏི་རྒྱལ་པོའང་མཐོང་ལུགས་བཤད་ཡོད།

 

 

ཏུའུ་ཆིང་གིས་ཀྲུའུ་ཝུའུ་རྒྱལ་པོར་དམྱལ་བར་སྡོད་དགོས་དོན་དྲིས་པར་རྒྱལ་པོས་དེ་ནི་སོ་སོས་དེ་སྔོན་ནང་པའི་བསྟན་པ་བསྣུབས་པའི་རྐྱེན་གྱིས་ཡིན་ལུགས་བརྗོད་འདུག རྒྱལ་པོས་ཏུའུ་ཆིང་བརྒྱུད་མིའི་རིགས་ལ་སྐད་བསྐུལ་ཞིང་། དེ་བཞིན་བློན་ཆེན་ཝེ་ཡོན་ཁྲོང་གིས་དགེ་བ་བསགས་ནས་སྔ་ཙམ་ཁོ་རང་སྡུག་བསྔལ་གྱི་རྒྱ་མཚོ་ནས་སྐྱོབས་ཐབས་ཡོང་བའི་རེ་སྨོན་ཡང་ཞུས་འདུག

དོན་དངོས་ཐོག་གོང་གསལ་གྱི་གནས་ཚུལ་གཉིས་ནས་འགྲོ་བ་མིའི་རིགས་ལ་དེ་སྔོན་མཐོ་རྒྱལ་པོ་བྱས་མྱོང་བའི་བྱང་ཀྲུའུ་ཝུའུ་རྒྱལ་པོ་ནི་སངས་རྒྱས་བསྟན་པ་བསྣུབས་ནས་ཤི་རྗེས་དམྱལ་བར་ལྷུང་ཞིང་སྡུག་བསྔལ་མྱངས་བ་དང་། ཁོས་དེར་འགྱོད་བཤག་བྱས་ཡོད་ཀྱང་ཕྱི་དྲག་པ་ལས། མི་གཞན་ལ་རེ་བ་ཞུས་སྟེ་སྡུག་གི་རྒྱ་མཚོ་ལས་བརྒལ་ཐབས་བྱེད་རྒྱུ་ཙམ་ཡིན་པའི་སྐོར་འཁོད་ཡོད། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བསྣུབས་མཁན་གྱི་རྒྱལ་པོ་དེ་གསུམ་ཤི་རྗེས་ཀྱི་གནས་སྟངས་ཀྱང་དེ་འདྲ་ཡིན་གྱི་རེད།

 

 

འོ་ན་མིག་སྔར་རྒྱ་ནག་དམར་ཤོག་གཞུང་གིས་སངས་རྒྱས་བསྟན་པར་ཉམས་ལེན་བྱེད་མཁན་ཚོར་གཉའ་གནོན་གཏོང་བཞིན་ཡོད་ན་སྔོན་དེ་ལས་མི་འདྲ་བའི་བྱུང་འབྲས་ཤིག་ཡོང་སྲིད་ཀྱི་མ་རེད་དམ།

 

དཔྱད་གཞི་ཡིག་ཆ།

༡། ཐཱང་རྒྱལ་རབས་ཀྱི་གསང་བའི་ཟིན་བྲིས།

༢། རབ་བྱུང་གི་ལོ་རྒྱུས་རྒྱུད་པ། ཝེའེ་ཡོན་ཁྲོང་གི་ལོ་རྒྱུས།

 

 

མ་རྩོམ་གྱི་འབྲེལ་ཐག

 



ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།