བྱ་བ་འདི་དྲུག་གིས་ཁྱོད་གང་མགྱོགས་རྒས་སུ་བཅུག་གི་ཡོད།

images/aao.jpeg

 

 

 

 

རྒྱུན་གཏན་གྱི་བྱ་བ་འདི་དྲུག་གིས་ཁྱོད་གང་མགྱོགས་རྒས་སུ་བཅུག་གི་ཡོད།

( ཨོ་གླིང་ཆེད་མཁས་ཀྱི་ཉེན་བརྡ། )

These six things accelerating your aging

這六件事加速了你的衰老

འབུམས་རམས་པ། LibbyWeaver

འགྱུར་རྩོམ། 

ལུས་སེམས་གསོ་ཞིང་བདེ་ཐང་ཡོང་ཐབས་ནི་དར་གཞོན་དང་རྒས་འཁོག་ཚོར་ཆེད་དུ་དབང་པའི་བརྗོད་བྱ་ཞིག་མིན་པར། གཞོན་ནུ་ཚོས་ཀྱང་ལུས་ཀྱི་བདེ་ཐང་སྲུང་བར་དོ་སྣང་སྔར་ལྷག་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་མི་མང་པོས་རྒྱུན་གཏན་གྱི་འཚོ་བའི་ནང་བྱེད་བཞིན་པའི་བྱ་བ་འདི་དྲུག་གིས་ཁྱོད་གང་མགྱོགས་རྒས་སུ་བཅུག་གི་ཡོད་པ་དེ་ཤེས་ཀྱི་མེད།

 

དེང་ཕོ་མོ་རྒན་གཞོན་མེད་པར་ཚང་མས་ངོ་གདོང་གཞོན་ཤ་དོད་ཐབས་སམ་ལོ་ཟླས་ཁྱོད་ཀྱི་ལུས་ལ་རྒས་ཤུལ་དེ་དག་བཞག་མི་བཅུག་པར་འབད་ཀྱི་ཡོད། འོན་ཀྱང་ང་ཚོས་ཉིན་ལྟར་བྱེད་བཞིན་པའི་བྱ་བ་འདི་དག་གིས་གང་མགྱོགས་རྒས་སུ་བཅུག་གི་ཡོད་པ་མ་ཟད། ང་ཚོས་ཀྱང་དེའི་སྐོར་ལ་དོ་སྣང་ཙམ་ཡང་བྱུང་མེད་པ་དེ་རེད།

 

 

 

༡། ཚད་ལས་བརྒལ་བའི་ལུས་སྦྱོང་།

ཚང་མས་ལུས་སྦྱོོང་ནི་ང་ཚོའི་བདེ་ཐང་ལ་ཕན་པའི་སྐོར་ཤེས་ཀྱི་ཡོད་ཀྱང་། ལུས་སྦྱོང་ཅི་ཙམ་མང་ན་དེ་ཙམ་གྱིས་ཕན་ཆེ་བ་མཚོན་གྱི་མེད། མི་མང་པོར་ལུས་སྦྱོང་གིས་ཕན་བདེ་སྐྲུན་ཡོད་ཀྱང་འདི་ནི་ཕྱོགས་གཅིག་གི་གནས་ཚུལ་ཙམ་ཡིན། ཚད་ལས་བརྒལ་བའི་ལུས་སྦྱོང་ངམ་དམིགས་བསལ་དུ་ཚད་ལས་བརྒལ་བའི་ཤུགས་རྐྱེན་ཆེན་པོ་སྤྲོད་པ་དང་དུས་ཡུན་རིང་པོར་བརྒྱུད་དགོས་པའི་ལུས་སྦྱོང་བྱེད་མཁན་རིགས་ལ་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད།

 

 

གང་ཡིན་ཟེར་ན། ཚད་བརྒལ་བའི་འགུལ་སྤྱོད་ཀྱིས་ལུས་ལ་ངལ་དུབ་ཚད་ལས་བརྒལ་བ་སྟེར་ཞིང་། དེས་གཟུགས་པོའི་ངོས་ནས་དུས་ཚིགས་དང་ལྡན་ཞིང་རང་བཞིན་གྱིས་བདེ་ཐང་བསྐྱར་གསོ་དང་སྐྱེ་གནས་འགུལ་སྤྱོད་ལ་གཏོར་བཅོམ་གཏོང་གི་ཡོད་པས་རེད།

ཚད་བརྒལ་གྱི་ལུས་སྦྱོང་བྱེད་སྐབས་དབུགས་འབྱིན་རྔུབ་ཀྱིས་ཀྱང་ལུས་པོར་རང་དབང་གི་རྫས་ཤིག་གམ།  Free radical ཞེས་པ་དེ་གང་མང་འཕེལ་ཞིང་། གལ་ཏེ་དུས་དེར་སྲོག་འཛིན་གྱི་རླུང་རིགས་སམ་ Antioxidants ཁ་གསབ་བརྒྱབ་མ་ཐུབ་པའི་ཐོག་དེ་ནང་འཇུག་ཤུགས་ཆེར་སོང་བའི་རྐྱེན་གྱིས་ལུས་པོ་གང་མགྱོགས་རྒས་སུ་གཏོང་གི་ཡོད་པ་རེད།

 

 

 

༢། སེམས་ལ་གནོན་ཤུགས་དང་ཛ་དྲག་གི་ཚོར་བ།

འཚོ་བའི་ནང་གང་མགྱོགས་རྒས་སུ་གཏོང་བྱེད་ཀྱི་གྲལ་གཅིག་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཁྱོད་ལ་ཁ་གཏད་བཞིན་པའི་འཚོ་བ་དངོས་ཀྱི་གནོན་ཤུགས་དང་བྲེལ་བ་དེ་དག་ཡིན།

འབུམ་རམས་པ་ Weaver ཡིས་བཤད་སྟངས་ལྟར་ན། ང་ཚོར་རྒྱུན་གཏན་གྱི་འཚོ་བའི་ནང་ལུས་སེམས་གཉིས་ལ་གནོན་ཤུགས་དང་ཛ་དྲག་གི་ཚོར་བ་འབྱུང་དུས་ང་ཚོའི་གཟུགས་པོ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། གནོན་ཤུགས་ཆུང་ཙག་རིགས་ཀྱིས་ང་ཚོའི་ལུས་པོའི་སྐྱེ་འཕེལ་གྱི་མ་ལག་ལ་འགྱུར་བ་གཏོང་བར་བསྐུལ་འདེད་གཏོང་བར་ཕན་གྱི་ཡོད། འོན་ཀྱང་རྒྱུན་རིང་པོའི་གནོན་ཤུགས་ཀྱིས་ལུས་པོའི་རྫས་ཤིག་སྟེ་ Hormone cortisol ཅེས་པ་དེ་ཚད་ལས་བརྒལ་བ་འཕེལ་ཞིང་། དེས་ཤ་གཟུགས་སམ་ཤ་རྒོད་རིགས་རིམ་གྱིས་ཉུང་དུ་གཏོང་བ་དང་། མཐར་ལུས་གཟུགས་ཡོངས་ཀྱི་གསར་རྙིང་བརྗེ་ལེན་གྱི་སྐྱེ་འཕེལ་གྱི་ནུས་པ་དེའི་ཚད་གཞིར་གནོན་ཤུགས་སྤྲོད་ཀྱི་ཡོད།

 

 

དེ་བས་ཤ་རྒོད་ཀྱི་སྤུས་ཚད་ནི་རྒན་རབས་ཚོར་མཚོན་ན་ཧ་ཅང་གལ་ཆེན་ཡིན། གལ་ཏེ་འདི་ལྟར་རྒྱུན་རིང་སོང་ན་རྒན་རབས་རྣམས་ཀྱི་འགུལ་སྤྱོད་ལ་གནོན་སྐྱོན་ཡང་གཏོང་སྲིད་པ་རེད།

 

 

 

༣། བཅུད་ལྡན་སྨན་སྣ་ཚོགས་ multi-vitamins

ཀྱིས་ལུགས་མཐུན་གྱི་ཟས་སྤྱོད་རིགས་ཚབ་བྱེད་བསམ་པ།

མི་མང་པོར་ནོར་འཕྲུལ་གྱི་ལྟ་སྟངས་ཤིག་ཡོད། དེ་ནི་བདེ་ཐང་མིན་པའི་ཟས་སྤྱོད་སྟངས་ཀྱི་གོམས་གཤིས་དེར་བཅུད་སྨན་སྣ་ཚོགས་གཏོང་ནས་དེའི་ཕྱོགས་ལ་ཁ་གསབ་ཡོང་ཐབས་ཀྱི་བསམ་བློ་ནོར་འཕྲུལ་ཅན་ཞིག་ཡོད་པ་དེ་རེད། དེ་ནི་ཧ་ཅང་ནོར་འཕྲུལ་གྱི་ལྟ་བ་ཞིག་ཡིན། དོན་དངོས་ཐོག བཅུད་སྨན་གཏོང་ན་ལུས་པོར་དེའི་ཐད་ཁ་གསབ་ཡོང་ཐབས་དང་ཕན་པའི་རྫས་རིགས་ཁ་གསབ་ཡོང་ངེས་གཏན་རེད། འོན་ཀྱང་དེས་ཟས་སྤྱོད་སྟངས་ངན་པས་བཟོས་པའི་བཅུད་མི་མདང་བའི་ཕྱོགས་དེ་ཁ་གསབ་བམ་ཁ་སྐོང་བྱེད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། སྔོ་ཚལ་རིགས་དང་ཤ་རིགས་ཀྱིས་མིའི་གཟུགས་པོར་བཅུད་མཁོ་སྤྲོད་དང་། ལུས་ལ་ཕན་པའི་རྫས་རིགས་མཁོ་སྤྲོད་བྱེད་པ་ཙམ་མ་ཟད། ད་དུང་སྲོག་འཛིན་གྱི་རླུང་སོགས་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དེ་ནི་བཅུད་སྨན་ཚུད་གཞན་གྱིས་ཚབ་བྱེད་མི་ནུས་པའི་རིགས་གཅིག་ཡིན་ནོ།

 

 

 

༤། དུས་ཐོག་གཉིད་མི་ཉལ་བའི་སྐྱོན།

བྲེལ་འཚུབ་ཆེ་བའི་གྲོང་ཁྱེར་གྱི་འཚོ་བའི་ནང་མི་མང་པོ། དེའང་དམིགས་བསལ་དུ་གཞོན་ནུའི་རིགས་རྒྱུན་གཏན་དུ་མཚན་མོ་མཚན་གང་དུ་བསྡད་པ་དང་། གཉིད་མི་ཉལ་ཞིང་གཉིད་ཉལ་བའི་དུས་ཚོད་དེ་གཏོང་ནས་བྱ་བ་གཞན་དག་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་ཁོ་ཚོས་དུས་ཐོག་གཉིད་ཉལ་རྒྱུ་དེ་ནི་གང་མགྱོགས་ལོ་རྒས་རུ་འགྲོ་བར་འགོག་ཐབས་ཀྱི་གལ་ཆེན་རང་བཞིན་ཞིག་ཡིན་པ་ཤེས་ཀྱི་མེད་པ་རེད།

 

 

འབུམ་རམས་པ་ཡིས་མིའི་གཟུགས་པོ་ནི་གཉིད་ཀྱི་ནང་དུ་རང་འགུལ་གྱིས་བསྐྱར་གསོ་དང་ཁ་གསབ་རྒྱག་དགོས་པ་ཞིག་ཡིན། དར་གཞོན་རིགས་ཉིན་རེར་ཆུ་ཙོད་བདུན་དང་དགུ་བར་གཉིད་ཉལ་དགོས་པ་རེད། ཅེས་བཤད་ཡོད།

ད་དུང་གཉིད་མ་མདང་བའི་རྐྱེན་གྱིས་མིའི་གཟུགས་པོས་ངེས་པར་དུ་དགོས་མཁོའི་བཅུད་ནང་འཇུག་བྱེད་པར་གནོན་ཤུགས་སྟེར་ནས་གང་མགྱོགས་རྒས་སུ་འགྲོ་བར་བསྐུལ་འདེད་གཏོང་གི་ཡོད་པ་རེད།

 

 

 

༥། མངར་མོའི་ཐོན་རྫས་རིགས།

མིང་ཚིག་དེ་ནི་ཐོས་པ་ཙམ་གྱི་དོན་དག་ཧ་ཅང་གཏིང་ཟབ་པོ་ཞིག་ཡིན། འོན་ཀྱང་དོན་དངོས་ཐོག་མངར་མོའི་རིགས་དང་བཅུད་ཆེན་པོའི་རིགས། ཚིལ་རིགས་སོགས་བསྡུས་པའི་རྗེས་སུ་མིའི་ལུས་ནང་ཆགས་པའི་རྫས་རིགས་གཅིག་ལ་གོ་ཞིང་། དེ་ལ་མངར་མོའི་ཐོབ་རྫས་ཅེས་འབོད། འབུམ་རམས་པས་རྫས་འདིའི་རིགས་ཀྱིས་ཁྲག་རྩ་དང་དེའི་ཕུང་ཚོགས་རྣམས་ལུགས་མཐུན་གྱིས་འགུལ་སྤྱོད་མི་ཐུབ་པ་བཟོ་གི་ཡོད་ལ། དེས་གང་མགྱོགས་རྒས་སུ་འགྲོ་རྒྱུ་དང་། དམིགས་བསལ་དུ་དེ་དག་མང་དྲག་པའི་གནས་སྟངས་ཁག་ཅིག་ཏུ་དེ་བས་ན་ཚའང་འབྱུང་གི་ཡོད་པའི་སྐོར་བཤད་ཡོད་པ་རེད།

 

 

ང་ཚོས་དྲོད་ཚད་མཐོའམ་བཅུད་ཚད་གཞི་བརྒལ་བའི་ཟས་རིགས་དང་། འཕྲུལ་ཆས་བསྐྱར་བཅོས་ཡང་བཅོས་བྱས་པའི་ཟས་རིགས། སྣུམ་བཙོས་ཀྱི་ཟས་རིགས་ཟ་དུས་རྒྱུན་གཏན་དུ་མིའི་གཟུགས་པོའི་ནང་གོང་གསལ་གྱི་མངར་རྫས་རིགས་དེ་དག་འཕེལ་གྱི་ཡོད་པ་རེད། གོང་གསལ་གྱི་མངར་རྫས་རིགས་དེ་དག་གཟུགས་པོ་ནས་ཉུང་དུ་གཏོང་དགོས་ན་དེ་ལ་ཕན་ཤོས་ཀྱི་སྨན་མཆོག་ལྟ་བུ་ནི་སྔོ་ཚལ་རིགས་དང་ཤིང་ཏོག་རིགས་ཡིན།

 

 

༦། ཁ་དབུགས་འབག་བཙོག

ཁ་དབུགས་འབག་བཙོག་ཤོར་བ་དེས་ཀྱང་མི་རྣམས་གང་མགྱོགས་རྒས་སུ་གཏོང་བྱེད་ཀྱི་རྒྱུ་ཞིག་རེད། ང་ཚོས་ཁ་དབུགས་འབག་བཙོག་ཤོར་བའི་ཁོར་ཡུག་ནས་ཐར་པའི་ལམ་ཞིག་མེད་མོད། འོན་ཀྱང་ང་ཚོས་དེར་ཐབས་ལམ་དང་རྩལ་བཏོན་ནས་གཟུགས་པོའི་ནང་དུ་འབག་བཙོག་ཤོར་ཚར་བའི་རྫས་ངན་རིགས་ཕྱིར་ཕུད་ཐབས་བྱེད་ཆོག གློ་བ་ནི་དབུགས་ཀྱི་འབག་བཙོག་ཤོར་སླ་བའི་མིའི་དབང་པོ་ལྔའི་གྲལ་གཅིག་རེད། ལུགས་མཐུན་གྱི་སྙིགས་དོར་བཅུད་ལེན་གྱི་ཐབས་ལམ་ཡག་ཤོས་ནི་སྔོ་ལྗང་ལྡན་པའི་སྔོ་ཚལ་རིགས་གང་མང་སྤྱོད་རྒྱུ་དེ་རེད། གཞན་ཡང་ཨ་རག་དང་ཚིགས་ཇ། མངར་མོའི་རིགས་དང་གཟུགས་པོའི་ནང་གི་ཚིལ་རིགས་ཉུང་དུ་གཏོང་བྱེད་ཀྱི་ཟས་རིགས་སྤྱོད་ཐབས་དགོས་རྒྱུ་དེ་ཡིན། ད་དག་གིས་མཆིན་པ་ལའང་བཙོག་པ་མི་ཤོར་བར་རོགས་འདེད་བྱེད་ཐུབ་ཀྱི་ཡོད།

 

 

མཇུག་འདིར་ཚང་མས་གོང་གསལ་གྱི་འཚོ་བའི་ནང་གི་བྱ་བ་ཆུང་ཙག་རིགས་དེ་དག་ལ་དོ་སྣང་ཡག་པོ་ཡོང་རྒྱུ་དང་། ང་ཚོའི་བདེ་ཐང་ལ་གནོད་པའི་ལུགས་མཐུན་མིན་པའི་བྱ་ངན་དེ་དག་དོར་ཐབས་ཀྱིས་མི་ཚེ་བདེ་ཐང་ཡོང་བར་འབད་བརྩོན་ཡོང་བའི་རེ་སྨོན་ཡང་ཡོད།

 

 

མ་རྩོམ་གྱི་འབྲེལ་ཐག

https://rank.aoweibang.com/item/aEeYGP/

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།