ལས་ཀར་སྤྲོ་སྣང་ལྡན་ན་འཚོ་བ་ནི་ལོངས་སྤྱོད་ཡིན།

images/享.jpg
ལས་གནསུ་སྤྲོ་སྣང་ལྡན་ན་འཚོ་བ་ནི་ལོངས་སྤྱོད་ཡིན།

When work is fun, life is enjoyment

當工作是樂趣,生活就是享受

 

ཁྱོད་ལ་དགའ་སྣང་བྱེད་སའི་ལས་ཀ་མི་རག་པའི་གནས་སྟངས་ཡོང་སྲིད་ཀྱང་སོ་སོའི་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་བསྐྱེལ་རྒྱུའི་གདམ་ཁ་དེ་ལོས་ཡོད་དགོས།

སོ་སོའི་མིག་སྔར་གྱི་ལས་ལ་དོ་སྣང་ལྡན་པའི་སྒོ་ནས་སྒེར་གྱི་ཚེ་སྲོག་ལ་ལོངས་སྤྱོད་ཡག་པོ་བྱེད་དགོས།

 

ཨོ་རུ་སུག་གི་རྩོམ་པ་པོ་མཱ་ཁི་ཞི་མུ་ཀཱོ་ཨར་ཅིས། Russian writer Maxim. Gorky གལ་ཏེ་ཁྱོད་ལ་སྤྲོ་སྣང་འཕེལ་བྱེད་ཀྱི་ལས་ཀ་ཅིག་བྱུང་ན་འཚོ་བ་ནི་ལོངས་སྤྱོད་ལྡན་པ་ཞིག་རང་རེད། སེམས་སུ་ལས་ཀ་ནི་ལས་འགན་ཞིག་ཏུ་གྱུར་ཚར་ན་འཚོ་བ་ནི་གཞན་གྱི་བྲན་དུ་ཚུད་པ་དང་གཅིག་མཚུངས་ཡིན་ཞེས་བཤད་ཡོད། ང་ཚོས་ལས་ཀ་བྱེད་པ་ནི་སོ་སོའི་རེ་སྨོན་གྱི་འཚོ་བ་བསྐྱེལ་ཐུབ་ཆེད་ཡིན། འོན་ཀྱང་རྒྱུན་གཏན་དུ་དེ་ལས་ལྡོག་པའི་གནས་སྟངས་ཤིག་ཡོང་གི་ཡོད།

དུས་ཚོད་མང་ཆེར་ལས་ཀའི་ཐོག་བསྐྱེལ་ཞིང་དུས་ཁོམ་ཅུང་ཙམ་རེ་ཡོད་དུས་ཅི་བསམ་འདི་ཡིན་མེད་པའི་ཉོབས་སྣང་སྐྱེ་བཞིན་སོ་སོའི་རེ་སྨོན་གྱི་འཚོ་བ་ཞིག་བསྐྱེལ་ཐུབ་མེད་པར་བརྟེན། ང་ཚོའི་སེམས་ལ་སྡུག་བསྔལ་འབྱུང་གི་ཡོད་པ་རེད།

ཁྱོད་ཀྱིས་ང་ངོ་མོ་ལས་བྲེལ་ཆེན་པོ་ཡིན་ཞེས་བཤད་སྲིད། འོན་ཀྱང་བྲེལ་བ་ཆེ་མིན་དེ་ནི་ལས་དོན་མང་ཉུང་དང་འབྲེལ་མེད་ཅིག་ཆག་ཡོད།

 

 

འགའ་རེས་ཟས་བཟོ་རྒྱུར་དགའ་ཞིང་། ཟས་བཟོ་དུས་དེར་སྔོན་ནས་རྒྱུ་ཆ་མང་པོ་གྲ་སྒྲིག་དགོས་པ་དང་ཐབ་ཚང་གི་ཚ་རླངས་ལ་བཟོད་སྒོམ། མཐར་ཟས་སྣོད་གཙང་མ་བཟོ་རྒྱུ་སོགས་བྱ་བ་མང་པོ་རེད། འོན་ཀྱང་ནང་མི་ཚོས་སོ་སོས་བཟོས་པའི་ཟས་ལ་དགའ་པོ་བྱེད་དུས་སོ་སོར་བྲེལ་འཚུབ་བྱུང་བ་དེ་ནི་དོན་གོ་ཆོད་པ་ཞིག་ལ་ཚོར་སྲིད།

 

 

 ཡང་འགའ་རེས་ཕྱི་རྒྱལ་ཁག་ཏུ་སྤྲོ་འཆམ་ལ་འགྲོ་རྒྱུར་དགའ། དེར་དུས་ཚོད་མང་པོ་མེད་པའི་རྐྱེན་གྱིས་སྤྲོ་འཆམ་གྱི་བྱ་རིམ་གཅིག་རྗེས་གཉིས་མཐུད་ལྟ་བུ་བྲེལ་བ་ཆེན་པོ་འདྲ་བཟོས་ནས་ཡོད། དེའང་ཞོགས་དེ་ཕོ་ལས་སྔ་ལང་དང་རྒྱུགས་སྟངས་རྟ་མཆོག་ལས་མགྱོགས་སྟངས་ཤིག་དགོས་ཀྱི་ཡོད། འོན་ཀྱང་སྐབས་དེར་བྲེལ་བ་ཅི་ཙམ་ཆེ་ཡང་དེར་བྲོ་བ་ལྡན་པ་ཞིག་ཚོར་གྱི་ཡོད་པ་རེད།

 

 

གནའ་མིས་སེམས་ལ་དཀའ་ངལ་འཕྲད་ཅེས་པའི་ཡི་གེ་བཟོ་དུས་དེ་ནི་ངོ་མ་བྲེལ་བ་ཆེ་ཞིང་སེམས་ཀྱང་ཤི་ཚར་བ་ལྟ་བུ་བཏོན་གྱི་ཡོད་པ་རེེད། གང་ཟག་ཅིག་ལ་རང་འགུལ་གྱི་ལས་ཅིག་མེད་ཅིང་། བྱ་བ་དེ་སྒྲུབ་དགོས་པའི་དམིགས་ཡུལ་མེད་ལ། དེ་བཞིན་ཤེས་བཞིན་པའི་སྒོ་ནས་གཞན་དང་ཕན་ཚུན་འབྲེལ་མཐུད་ཀྱང་མེད་སོང་ན་དེ་ནས་ཁྱོད་ནི་ཁོག་སྟོང་གི་ཤ་གཟུགས་ཙམ་གྱི་འདྲ་གཟུགས་དེས་གཞན་གྱིས་མངག་བྱ་བྱས་པའི་བྱ་བ་དག་སྒྲུབ་ཤེས་ཙམ་མམ་བན་རོ་ལྟར་བསམ་མེད་ཀྱིས་འཚོ་བཞིན་པ་ཙམ་ཡིན། ཁྱོད་ཀྱིས་སོ་སོའི་གནས་སྟངས་དེ་འདྲ་ཞིག་ཅི་ཙམ་འདས་ཟིན་མིན་དང་། དེ་ལྟ་བུའི་བརྒྱུད་རིམ་ཇི་ཙམ་སོང་མིན། ཁྱོད་ལ་ལས་དོན་དེ་ནས་ཐོབ་བྱ་ཅི་ཞིག་བྱུང་མིན་བཅས་ལ་ཕྱི་བལྟས་བྱེད་མྱོང་ངམ།

 

 

གཞན་གྱི་མངག་ཆའམ་བཀའ་བཀོད་ཁོ་ནའི་རྗེས་སུ་འབྲང་ནས་བྲེལ་འཚུབ་ཀྱིས་རྒྱུགས་བཞིན་པའི་སྐབས་སུ་ཁྱོད་རང་གཞན་གྱིས་ཚབ་མཚོན་བྱེད་མི་ཐུབ་པའི་གནས་སྟངས་སྐོར་བསམ་བློ་ཙམ་གཏོང་མྱོང་ངམ། མི་གཞན་ལ་མཚོན་ན། ཁྱོད་ཀྱི་རིན་ཐང་དེ་ཅི་ཞིག་རེད། དེའི་ནང་ཁྱོད་ཀྱིས་གཞན་ལ་ལེགས་ཆའི་ཤུགས་རྐྱེན་ཇི་ཙམ་བཞག་ཐུབ་ཡོད་དམ། བྱ་བ་དང་གང་ཟག་སུ་འདྲ་ཞིག་ཡིན་ཡང་དེ་དག་ལ་ཚོར་སྣང་གང་འདྲ་བྱུང་མྱོང་ངམ།

ངས་སྒེར་གྱི་ལོ་རེར་ངལ་གསོའི་དགུང་སེང་ཐེངས་གཉིས་བཞག་སྟེ་སོ་སོར་ལེགས་སྐྱེས་ལྟ་བུ་སྤྲོད་པའམ་སོ་སོར་སེམས་ཤུགས་སྤར་ཨེ་ཐུབ་ལྟ་གི་ཡོད།

 

 

 

ཡུལ་སྐོར་སྤྲོ་འཆམ་ནས་ཕྱིར་ལོག་ཐེངས་རེར་ངས་ཉེ་འབྲེལ་གྱི་གཅེན་མོ་དང་ད་ཐེངས་སྤྲོ་འཆམ་སྐབས་སུ་ཆེས་བརྗེད་པར་དཀའ་བའི་བྲོ་བ་ལྡན་པའི་ཟས་རིགས་དང་ཡུལ་ལྗོངས་གང་དག་འཕྲད་མིན། དོ་དབྱིངས་ཡོད་པའམ་ཕྱི་དྲན་འོས་པའི་གནས་ཚུལ་ཇི་ཞིག་བྱུང་མིན་བཅས་སྐོར་ཁ་བརྡ་བྱེད་ཀྱི་ཡོད་ལ། སོ་སོ་མིག་སྔར་འཚོ་བཅུག་ཐབས་དང་། མིག་སྔར་གྱི་མཛེས་ལྗོངས་ལ་ལོངས་སྤྱོད། ཁའི་ནང་གི་ཟས་ཞིམ་པོ་དེ་དག་ཞིབ་ཏུ་ཟོས་པའམ། དོ་ནན་གྱི་སྒོ་ནས་ཉེ་འཁོར་གྱི་མཚར་སྣང་གི་གནས་ཚུལ་སེམས་ཀྱིས་མྱོང་ཞིང་། ཉེ་འབྲེལ་ཚོ་དང་མཉམ་དུ་ཕན་ཚུན་འབྲེལ་བ་སོགས་བྱེད་ཀྱི་ཡོད།

 

 

འོན་ཀྱང་འཚོ་བའི་ནང་ང་ཚོ་མང་ཆེར་གྱིས་ལས་ཀར་ཁ་ཕྱོགས་དགོས་དུས་དེ་དག་ཕྱི་འདང་རྒྱག་རྒྱུའི་གལ་ཆེན་རང་བཞིན་དེ་བརྗེད་འགྲོ ལས་བྲེལ་ཆེ་བའི་ནང་ཁྱོད་ཀྱིས་ལས་བྲེལ་གྱིས་ཁྱོད་ལ་ངལ་དུབ་དང་གནོན་ཤུགས་ཅི་ཙམ་སྤྲོད་ཀྱི་ཡོད་མེད་ཤེས་ཀྱི་ཡོད་ལ། དུས་མཚུངས་སུ་ལས་བྲེལ་གྱིས་ཁྱོད་ལ་གཏན་འཇགས་ཀྱི་ཡོང་འབབ་དང་། སོ་སོའི་འཇོན་ནུས་ཕྱིར་སྡེངས་ཆ་དེ་ནས་མངོན་ཆོག་པའི་ཁོར་ཡུག ལྷིང་འཇགས་ཀྱི་ལས་ཀ་དང་མཉམ་འགྲོག་གི་ལས་རོགས་བཅས་ཀྱང་ཚོར་ཐུབ། ཡིན་ཡང་ལས་ཀས་ཁྱོད་ཀྱི་སེམས་གཏིང་གི་རེ་སྨོན་གྲུབ་པའམ་ཁྱོད་ཀྱི་འདོད་མོས་དེ་གྲུབ་སོང་ངམ།

ལས་ཀ་གང་འདྲ་ཞིག་ཡིན་ཡང་ཁྱོད་ཀྱིས་སོ་སོའི་སྲོག་ཀྱང་གཏོང་དགོས་པ་ཞིག་ནམ་ཡང་མེད་ཅེས་པའི་སྐད་ཆ་ཞིག་ཡོད་པ་ལྟར་ཡིན།

 

 

 

ངས་འདི་ནས་ལས་ཀ་གལ་ཆེན་པོ་མ་རེད་རྩ་བ་ནས་ཟེར་གྱི་མེད་མོད། འོན་ཀྱང་ངས་ལས་ཀ་ལས་ཁྱོད་རང་གལ་ཆེ་བ་ཡོད་ཅེས་བཤད་འདོད་པ་དེ་ཡིན། གང་ཡིན་ཟེར་ན། ཁྱོད་ཀྱི་ལུས་སེམས་གཉིས་ཀྱི་བདེ་ཐང་བློས་གཏོང་ནས་སྒེར་གྱི་འཚོ་བའི་སྤུས་ཚད་ལ་བརྗེ་བཞིན་པ་དང་། དེ་བཞིན་ལས་ཀས་གནོན་ཤུགས་འདི་འདྲའི་བྲེལ་ཟིང་འོག་ཁྱོད་ཀྱིས་རྒྱུན་མཐུད་ཅི་ཙམ་ཐུབ་བམ། སྤྱི་བཏང་གི་ཆ་ནས་བཤད་ན། ཁྱོད་ཀྱིས་ཚེ་སྲོག་གི་འགྲོ་འགྲོན་གཏོང་དགོས་པའི་ལས་གནས་དེ་དག་ནི་ཁྱོད་ཀྱིས་རྒྱུན་མཐུད་བྱེད་མི་འོས་པའི་བྱ་བ་ཞིག་ཆག་ཡོད། རྒྱུན་འཁྱོང་བྱེད་འོས་པའི་ལས་གནས་དེ་དག་གིས་ཁྱོད་ཀྱིས་ཚེ་སྲོག་གི་འགྲོ་འགྲོན་གཏོང་བཅུག་མི་སྲིད་པ་རེད།

 

 

 

མི་གཅིག་གིས་ལས་གནས་སུ་གཞན་ལ་ཤུགས་རྐྱེན་བཞག་ཐུབ་པ་དེ་ནི་ཧ་ཅང་ཚད་ཡོད་ཅིག་རེད། ཧུར་བརྩོན་ངང་ལས་གནས་ཀྱི་འོས་འགན་འཁྱེར་དགོས་པ་ནི་དགོས་ངེས་གཅིག་ཡིན་ཡང་། ཁྱོད་ཀྱིས་སོ་སོའི་སེམས་གཏིང་གི་རེ་འདུན་དེ་ལ་ཉན་མྱོང་ཡོད་དམ། ཁྱོད་ཀྱི་སེམས་གཏིང་གི་སྐད་མགོ་དམའ་བའི་འབོད་སྒྲ་དེར་ཡག་པོ་བྱས་ཏེ་ཉན་མྱོང་ངམ། དེ་ནི་ཁྱོད་ཀྱི་སེམས་གཏིང་གི་རེ་འབོད་དང་སྨོན་འདུན་ཡིན་སྲིད། ཡང་ན་དེ་ནི་ཉིན་མཚན་རྨི་ལམ་དུའང་འཆར་བཞིན་པའི་རེ་འདུན་ཞིག་ཡིན་སྲིད་པ་རེད།

 

 

དེའང་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་མ་བྱན་ཅཱང་གིས་བཤད་མྱོང་བ་ལྟར། ཁྱོད་ཀྱིས་ད་ངོ་མ་སོ་སོས་ལས་ཀའི་དཀའ་སྡུག་མྱོང་གི་ཡོད་བསམ་སྐབས་ཁྱོད་ནི་ལས་ཀ་དེར་དགའ་སྣང་མེད་པའི་རྟགས་རེད། ཡིན་ཡང་སྤྲོ་སྣང་དེ་དག་མེད་ཚར་སོང་ན་ཁྱོད་ལ་ད་དུང་ཅི་ཞིག་ལྷག་ཡོད་དམ། ཁྱོད་ཀྱིས་བྱ་བ་ཞིག་བརྒྱུད་མཐུད་བྱེད་པ་ནི་སོ་སོའི་དད་འདུན་ཞིག་དང་། རེ་སྨོན་ཞིག དེ་ནི་ཁྱོད་ཀྱི་ཚེ་སྲོག་ལ་ཧ་ཅང་གལ་ཆེན་གྱི་བྱ་བ་ཞིག་ཀྱང་ཡིན་སྲིད་པ་རེད། སྤྲོ་སྣང་ཉམས་ཚར་རྗེས་ད་དུང་སེམས་ཀྱི་གཏིང་རུམ་ལ་ལྷག་ཡོད་པ་དེ་ནི་རིན་ཐང་ཆེ་ཤོས་ཀྱི་ཆ་ཡིན། དེ་ནི་ཁྱོད་མུ་མཐུད་བརྒྱུད་དགོས་མིན་གྱི་གལ་གནད་དེའང་ཡིན་ནོ།

 

 

ཁྱོད་ཀྱི་མི་ཚེ་འདིའི་ནང་སོ་སོས་དགའ་སྣང་ཚོར་བའི་ལས་ཀ་རག་མི་སྲིད་པའང་ཡོད་སྲིད་པ་རེད། འོན་ཀྱང་ཁྱོད་ལ་སྤྲོ་སྣང་ལྡན་པའི་སྒེར་གྱི་འཚོ་བ་ཞིག་བསྐྱེལ་རྒྱུའི་གདམ་ཁ་དང་རང་དབང་དེ་ཡོད་ངོ་མ་ཡིན། ཁྱོད་ཀྱིས་སེམས་ལྷོད་ལ་ཕབ་སྟེ་བསམ་བློ་ཞིག་ཐོངས་དང་། ཁྱོད་ཀྱིས་སོ་སོའི་མི་ཚེ་ཅི་འདྲ་ཞིག་བསྐྱེལ་བསམ་གྱི་ཡོད་དམ།

 

( ཕྱི་གླིང་དུ་འཚོ་གནས་ཡོད་པའི་རང་རིགས་ཀྱི་སྤུན་ཟླ་མང་ཆེར་ལ་མཚོན་ན། འདི་ནི་མི་ཚང་མས་ཐོག་མར་འབྱོར་དུས་ནས་བཟུང་སོ་སོར་འདྲི་དགོས་ཤིང་མི་ཚེའི་ནང་ངོ་མ་ཧ་ཅང་གལ་ཆེན་གྱི་དྲི་བ་ཞིག་ཆག་འདུག་གོ )

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།