འཁྲབ་སྟོན་མ་གྲགས་ཅན་གྱིས་དཔལ་རྒྱལ་དབང་ཀརྨ་པར་མཇལ།

ggg.jpeg

འཁྲབ་སྟོན་མ་གྲགས་ཅན་གྱིས་དཔལ་རྒྱལ་དབང་ཀརྨ་པར་མཇལ།

Famous movie star Lin Qing Xia met Holiness Karmapa

著名電影明星林青霞拜見法王噶瑪巴上師

 

 

ལོ་ལྔའི་སྔོན་ང་རྒྱ་གར་ལྡི་ལི་གསར་པར་རྒྱལ་དབང་ཀརྨ་པ་མཇལ་བའི་ལས་དང་བསྐལ་བ་བྱུང་། རྒྱལ་དབང་ཀརྨ་པ་མཆོག་ཕྱི་ལོ་ ༡༩༩༢ ལོར་ཟླ་ ༦ པར་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་ཆེས་མཐོའི་དབུ་བླ་ཀརྨ་པའི་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གྱིས་སྐུ་ཕྲེང་བཅུ་བདུན་པ་དེ་ཆགས། ལོ་དེར་ཁོང་དགུང་ལོ་བརྒྱད་ལ་ཕེབས།

ཁོང་དགུང་ལོ་བཅུ་བཞིའི་སྐབས་བོད་ནས་རྒྱ་གར་དུ་བྱོལ་ཕེབས་ཞིང་བྱས་རྗེས་དེས་འཛམ་བུ་གླིང་ཧ་ལས་པར་གྱུར། དུས་དེ་ནས་བཟུང་ཁོང་འཛམ་གླིང་རིམ་པའི་བསམ་པའི་དབུ་གཙོར་གྱུར་ཞིང་། འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་ཆེན་པོ་དབུ་འཁྲིད་མཛད་པ་དང་། དེ་མིན་ཁོར་ཡུག་སྲུང་སྐྱོར་བཅས་སྤྱི་ཚོགས་ཀྱི་བྱ་འགུལ་ལ་བསྐུལ་འདེད་གཏོང་ཞིང་། བོད་ཀྱི་རིག་གཞུང་སྲུང་སྐྱོར་ཡང་གནང་། རྒྱལ་དབང་ཀརྨ་པ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་ཉེ་འཁོར་གྱི་རྒྱུད་སྟོད་དགོན་པར་བཞུགས་ཡོད། ལོ་རེར་འཛམ་གླིང་གང་ས་ནས་ཡོང་བའི་སྐུ་མགྲོན་ཁྲི་སྟོང་མང་པོ་ཁོང་ལ་མཇལ་བཅར་ཞུ་བཞིན་ཡོད།

 

 

ང་ཚོ་མི་བཅུ་གྲངས་ཁ་ཤས་ཀྱིས་ལག་ཏུ་ཕྱི་སྤྱོད་མཐོང་ཆེན་ལག་དེབ་བཟུང་ནས་ས་མཚམས་བརྒལ་ཏེ་རྒྱལ་དབང་ཀརྨ་པ་མཆོག་བཞུགས་སའི་མགྲོན་ཁང་གི་སྣེ་ལེན་བྱེད་སའི་ཁང་མིག་ཆུང་ངུ་དེར་ཡར་འཛུལ་མ་ཐག ས་ཆེན་ཡང་གཡོ་འགུལ་བྱེད་ཅིང་རྣ་བར་སྒྲའང་ཏོག་ཙམ་གྲགས་བཞིན་པའི་ཚོར་སྣང་འདྲ་བྱུང་།

 

 

 

ཁོང་གིས་གསང་སྔགས་འཆང་བའི་བོད་པའི་གྲྭ་ཆས་བནབས་ཏེ་སྒེའུ་ཁུང་མདུན་དུ་བཞུགས་འདུག སྐུ་རྒྱབ་ལ་ཉི་འོད་འཕྲོས་པའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་དེའང་ལྷུན་པོ་ལྟར་བརྗིད་ཉམས་མཐོང་སྣང་བྱུང་། དཀར་ནག་ཧ་ཅང་གསལ་བའི་སྤྱན་གཉིས་ལ་དྭངས་གསལ་གྱི་འོད་འཚེར་བཞིན་འདུག ཁོང་གིས་མཇལ་བཅར་བ་ཚང་མར་ཁ་དར་དཀར་པོ་རེ་གཡོག་སྟེ་འཚམ་འདྲི་དང་སྨོན་ལམ་མཚོན་པར་གནང་བྱུང་།

 

 

ངས་སྐབས་དེར་རྒྱལ་དབང་མཆོག་གིས་བྱང་ཆུབ་སེམས་ཀྱི་ནུས་སྟོབས་ཚོར་བའི་རྐྱེན་གྱིས་ངས་ལུས་སེམས་གཉིས་ལ་སྤྲས་པའི་རིམ་པ་དགུ་བརྩེགས་ཀྱི་དྲག་ཆས་ལྟ་བུའི་འདྲི་དོགས་དེ་དག་མར་ཕུད་དེ་རྒྱལ་དབང་མཆོག་ལ་ངའི་མ་ཡུམ་གྱི་སྐུ་ཚེའི་ཡོངས་སུ་སྙིང་ནད་ལྟ་བུའི་སུན་སྣང་གི་ན་ཚས་མནར་ཏེ་སྡུག་ངལ་ཟམ་མི་ཆད་པ་མྱོང་བའི་སྐོར་ཞུས།

 

 

 

རྒྱལ་དབང་མཆོག་གིས་དེར་ཧ་ཅང་ཐུགས་འཁུར་བཞེས་ཤིང་ངའི་སྐད་ཆ་གསན་ཟིན་མ་ཐག་སྤྱན་གཉིས་གཟིམ་ནས་ཅུང་བཞུགས་སོང་། ངས་ཁོང་གིས་མ་ཡུམ་ལ་ཐུགས་སྨོན་གནང་བཞིན་པ་ཤེས། ཁང་པའི་ནང་ཁུ་སིམ་མེར་གནས། ཅུང་འགོར་རྗེས་ཁོང་གིས་སྤྱན་གྱིས་གཟིགས་ཏེ་ཁྱོད་ཀྱི་ཨ་མ་ལགས་ངོ་མ་དགའ་སྤྲོ་བྱུང་མི་འདུག་ཅེས་གསུངས། དེ་རྗེས་ཁོང་གིས་སླར་ཡང་ཁྱོད་ལ་དགའ་སྤྲོ་ཡོང་ཐུབ་ན་ཁྱོད་ཀྱི་ཨ་མ་ལགས་ཀྱང་དགའ་སྤྲོ་ལྡན་པ་ཞིག་ཡོང་ཐུབ་ཅེས་གསུངས་བྱུང་། ང་གློ་བུར་དུ་ཧ་ལས་ཤིང་མིག་ཆུ་རང་དབང་མེད་པར་ཤོར་བྱུང་། ཨ་མ་ལགས་བསྙུན་གཞི་ལྕི་བའི་སྐབས་སུ་ང་ལ་སྐད་ཆ་དེ་འདྲ་ཞིག་གསུངས་མྱོང་ཡོད་ཨང་། ཁང་པའི་ནང་གི་མི་ཚོས་ཁོང་གི་གསུངས་དེ་ཐོས་མ་ཐག་ངུས་སོང་།

 

 

 

རྒྱལ་དབང་ཀརྨ་པ་མཆོག་གིས་ང་ཚོ་ཕྲུ་གུར་གདམ་པ་ལྟར། ད་འགྲིག་སོང་། ཚང་མ་ངུ་མ་སྡོད་གསུངས། ཁོང་གིས་ངའི་ཨ་མ་ལགས་ཀྱི་མཚན་འཁྱེར་ཤོག་གསུངས་ཏེ་རྡོ་རྗེ་གདན་ཀྱི་བཀའ་བརྒྱུད་སྨོན་ཆེན་པོའི་སྐབས་སུ་ཐུགས་སྨོན་གསུང་རྒྱུ་ཡིན་པ་རེད་འདུག ཁོང་དང་ཁ་བྲལ་སྐབས་རྒྱལ་དབང་མཆོག་གིས་ང་ཚོ་རེ་རེ་བཞིན་དུ་ཕྱག་བཏང་སོང་། ང་ལ་ཕྱག་གཏོང་དུས་ཐུགས་གཟབ་ཀྱིས་གཟིགས་སྐབས་ང་ཧོན་འཐོར་བར་གྱུར། ཁོང་གིས་སྤྱན་གྱིས་གཟིགས་སྟངས་དེ་ནི་དུས་ཀྱི་ཡོ་ལང་ལས་བརྒལ་ཞིང་ལོ་ངོ་སྟོང་ཕྲག་གི་བློ་གྲོས་ཀྱི་ལམ་བུར་རྒྱུ་བཞིན་པ་དང་ཤིན་ཏུ་ནས་འདྲ་བྱུང་།

 

 

 

ཁོང་གིས་ལྷག་བསམ་དག་པའི་སྒོ་ནས་ང་དང་ཁ་བརྡ་གནང་གི་འདུག་ལ། དེ་ནི་གྲོགས་པོ་ཞིག་གིས་ཁྱོད་དང་ཁོའི་བྱིས་པའི་དུས་ཀྱི་འདས་སོང་ཞིག་དང་འཚར་ལོང་གནང་བའི་བརྒྱུད་རིམ་དེ་ནས་རྒྱུ་མཚན་རྟོགས་པ་བཅས་ཀྱིས་ཕྱི་དྲན་ཐེངས་ཤིག་གནང་བཞིན་པ་དང་མཚུངས་སོ།

ཁོང་གིས་བརྗོད་གཞི་ཡོངས་རྫོགས་ལ་ཁ་བརྡ་གནང་ཞིང་། དེའི་ནང་བདེ་ཐང་ངམ་ལེགས་ཆོས་ཀྱི་མིའི་དབར་གྱི་འབྲེལ་བ། སེམས་ཁམས་ཀྱི་བརྒྱུད་རིམ། ནམ་ཡང་ཆད་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས། དབྱེན་འཁྲུག་ཞི་ཐབས། ཁོར་ཡུག་སྲུང་སྐྱོར། ཟས་རིགས་ཀྱི་བདེན་དོན་སོགས་ཚུད་ཡོད།

 

 

 

རྒྱལ་དབང་ཀརྨ་པ་མཆོག་གིས་ཕྱག་དེབ་ནང་སངས་རྒྱས་ཀྱིས་སོ་སོའི་སྐུ་ཚེའི་ཐོག་གི་བློ་གྲོས་ཀྱིས་སོ་སོའི་ཚེ་སྲོག་གི་དོན་སྙིང་འཚོལ་གནང་མཛད་ཡོད། རྒྱལ་དབང་མཆོག་གིས་ཁེངས་སྐྱུང་ལྡན་པའི་སྒོ་ནས་ཁོང་ནི་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་གམ་སངས་རྒྱས་ཀྱི་ཞབས་རྗེས་སུ་བསྙེགས་བསམ་མཁན་ཞིག་ཡིན་ཞེས་གསུངས་འདུག

 

 

 

དོན་དངོས་ཐོག་ཁོང་གིས་ཀྱང་སོ་སོའི་བློ་གྲོས་བསྐྱེད་དེ་སོ་སོའི་སྐུ་ཚེའི་ནང་དུ་ཚེ་སྲོག་གི་དོན་སྙིང་འཚོལ་བཞིན་པ་དང་ཅི་ལ་མིན་ཨང་།

 

 

 

མཆན། རྩོམ་དུམ་འདི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ལཱིང་ཆིང་ཞ་བཅས་ཀྱིས་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་མཇལ་བཅར་ཞུས་པའི་སྐབས་ཀྱི་གནས་ཚུལ་ཡིག་ཐོག་བཀོད་པའི་དྲ་རྩོམ་ཞིག་ཡིན་པ་འདྲ་འདུག་པས་ངས་བོད་བསྒྱུར་ཞུས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།