ཕྱུག་བདགི་འཆི་ཁའི་ཁ་ཆེམས།

images/stories/45/222.jpg
ཕྱུག་བདགི་འཆི་ཁའི་ཁ་ཆེམས།

Steve Jobs's last words
史蒂夫喬布斯的遺言

(ཀུ་ཤུ་རྟགས་ཅན་གསར་སྐྲུན་མཁན།)

 

 

ཧྲཱི་ཊི་ཧྥིན་ཆོ་པུ་ཟི་Steve Jobs ནི་རང་ལོ་ ༥༦ ལོར་གཤེར་རྨན་སྐྲན་ནད་

Pancreatic cancer ཀྱིས་འཆི་སོང་བའི་མ་རྩ་དུང་ཕྱུར་ཡོད་པའི་ཕྱུག་བདག་ཆེན་མོ་ཞིག་གམ་ཀུ་ཤུ་རྟགས་ཅན་ཁ པར་གྱི་གསར་གཏོད་པ་རེད། འདི་ནི་ཁོས་འཆི་ཁར་བཞག་པའི་མཐའ་མཇུག་གི་སྐད་ཆ་ཞིག་ཡིན།

 

ང་ནི་ཚོང་ལས་ཀྱི་འཇིག་རྟེན་དུ་རྒྱལ་ཁའི་རྩེ་མོར་སོན་མཁན་ཞིག་ཡིན། གཞན་གྱིས་ང་ལ་ཚུར་བལྟས་ན་ངའི་འཚོ་བ་ནི་རྒྱལ་ཁའི་རྩེ་མོར་སོན་པའི་མིག་དཔེ་འོས་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ལས་ཀ་ཕུད་ང་ལ་བདེ་སྐྱིད་དེ་ཙམ་མེད། མཐར་རྒྱུ་ནོར་ནི་ང་ལ་གོམས་ལོབ་སོང་བའི་དོན་དངོས་ཙམ་རེད། སྐབས་དེར་ངས་མལ་ཁྲིར་ཉལ་ནས་སོ་སོའི་མི་ཚེར་ཕྱི་དྲན་བྱས། ངས་མི་ཚོས་གདིང་འཇོག་དང་ང་རང་གིས་ཀྱང་ཧ་ཅང་སྤོབས་པར་ངོས་འཛིན་བྱས་པའི་རྒྱུ་ནོར་དག་འཆི་ལ་ཉེ་བའི་དོན་དངོས་མདུན་དེ་ལྟར་ཡ་ང་ཞིང་དོན་སྙིང་སྤུ་ཙམ་མེད་པ་ཞིག་ཏུ་གྱུར་ཟིན་འདུག

 

 

 

ངས་གང་ཟག་ག་གེ་མོ་ཞིག་གླས་ཏེ་ཁོས་ཁྱོད་ལ་རླངས་འཁོར་གཏོང་རོགས་བྱེད་བཅུག་ཆོག་ལ། དེ་དག་ཁྱོད་ཀྱི་ཆེད་དུ་དངུལ་བསགས་མཁན་ཡང་བཟོ་ཆོག འོན་ཀྱང་ཁོས་ཁྱོད་ཀྱི་ལུས་ཐོག་གི་ན་ཚ་འཁྱེར་རོགས་བྱེད་མི་ཐུབ། བརླགས་ཟིན་པའི་རྒྱུ་ནོར་ཕྱིར་འཚོལ་ཐུབ་ཀྱང་དོན་དག་ཅིག་བརླགས་ཟིན་ན་ནམ་ཡང་ཕྱིར་འཚོལ་ཐབས་མེད། དེ་ནི་མིའི་ཚེ་སྲོག་རེད།

 མི་ཞིག་བཤག་བཅོས་ཁང་དུ་འཛུལ་སྐབས་སུ་ཁོས་ད་དུང་ཡང་དཔེ་དེབ་ཅིག་བལྟས་ཚར་མེད་པ་ཤེས་ལ། དེ་ནི་བདེ་ཐང་གི་འཚོ་བ་ཞེས་པའི་དེབ་དེ་རེད།

 

 

 

ད་ལྟ་ང་ཚོ་འཚོ་བའི་གོ་རིམ་ཅི་ཞིག་གི་རྒྱུད་རིམ་དུ་གནས་ཡོད་ཀྱང་དུས་ཚོད་ཡལ་བཞིན་པ་དང་དུས་མཚུངས་ང་ཚོས་མི་ཚེའི་ཟློས་གར་ཚར་འགྲོ་བའི་ཉིན་དེར་ཁ་ཕྱོགས་དགོས།

ཁྱོད་ལ་དགའ་བའི་ཁྱིམ་མི་དང་བཟའ་ཟླ། གྲོགས་པོ་བཅས་ལ་གཅེས་སྤྲས་བྱོས། སོ་སོར་གཅེས་སྤྲས་བྱོས། ཕ་རོལ་པོར་གཅེས་སྤྲས་བྱོས། ལོ་ན་ཇེ་མཐོར་འགྲོ་བ་དང་ཆབས་གཅིག་ང་ཚོ་སྔར་བའི་སྤྱང་གྲུང་ཆེ་བ་ཆག་གི་ཡོད། ང་ཚོས་ག་ལེར་ཨཱ་སྒོར་ ༣༠༠ ཅན་དང་ཨཱ་སྒོར་ ༣༠ ཅན་གྱི་ཆུ་ཚོད་ག་རེ་བཏགས་ཀྱང་དེ་དག་གི་དུས་ཚོད་སྟོན་སྟངས་གཅིག་མཚུངས་ཡིན་པ་ཤེས་འོང་ལ། ང་ཚོས་ཨཱོ་སྒོར་ ༣༠༠ དང་ཡང་ན་ ༣༠ ཡི་ཁུག་མའམ་དངུལ་ཁུག་ག་རེ་འཁྱེར་ཡང་དེའི་ནང་བླུགས་ཡོད་པའི་དངུལ་ནི་གཅིག་མཚུངས་རེད། ང་ཚོས་ཨཱ་སྒོར་ཁྲི་ ༡༥ དང་ཡང་ན་ཁྲི་ ༣ གྱི་རླངས་འཁོར་ག་རེ་གཏོང་ཡང་དེའི་མདུན་གྱི་ལམ་བུ་དང་བར་ཚད་ནི་ཡོངས་རྫོགས་གཅིག་མཚུངས་རེད།

 

 

 

ང་ཚོ་སླེབས་སའང་གཅིག་པ་རེད་ལ། ང་ཚོས་ཨཱ་སྒོར་ ༣༠༠ ཅན་ནམ་ ༡༠ ཅན་གྱི་ཨ་རག་ག་རེ་བཏུངས་ཀྱང་བཟི་སྟངས་གཅིག་མཚུངས་རེད། ང་ཚོ་སྡོད་སའི་ཁང་པ་ནི་རྨིས་གྲུབ་བཞི་མ་ ༣༠༠ འམ་ ༣༠༠༠ ག་རེ་ཡིན་ཡང་ཁེར་རྐྱང་ལུས་སྟངས་ཀྱང་གཅིག་མཚུངས་རེད། ཁྱོད་ཀྱིས་སེམས་ནང་གི་བདེ་སྐྱིད་ངོ་མ་དེ་ནི་འཇིག་རྟེན་འདིའི་དངུལ་དངོས་རྒྱུ་ནོར་ནས་ཡོང་གི་མེད་པ་ཤེས་ཐུབ། ཁྱོད་གོང་ཆུང་དང་རིན་ཆེན་གྱི་གནམ་གྲུའི་ནང་སྡོད་ས་ཅི་འདྲ་ཡིན་ཡང་གལ་ཏེ་གནམ་གྲུ་དེ་ལ་བརྡབས་སྐྱོན་བྱུང་ན་ཁྱོད་ལའང་ཡོང་རྒྱུའི་བྱུང་འབྲས་གཅིག་མཚུངས་རེད། དེར་བརྟེན། ངས་ཁྱོད་ཀྱིས་དེ་ངོས་འཛིན་ཐུབ་པའི་རེ་བ་ཡོད།

 

 

 

ཁྱོད་ལ་དགའ་རོགས་དང་གྲོགས་པོ། སྤུན་ཉེ་གཅེན་གཅུང་ཡོད་སྐབས་ཁྱོད་ཀྱིས་དེ་དག་དང་ཁ་བརྡ་བྱེད་ཅིང་དགའ་སྤྲོ་ལྡན་པའི་དགོད་སྒྲ་སྒྲོག་ཅིང་། གླུ་གཞས་གཏོང་ཞིང་ཤར་ལྷོ་ནུབ་བྱང་གི་བརྗོད་གཞི་མོལ་བ་དང་། ཡང་ན་ལྷ་ཡུལ་དང་སའི་གོ་ལའི་སྐོར་གླེང་སློང་བྱེད་སྐབས་དེ་ནི་ངོ་མ་བདེ་སྐྱིད་རེད།

 

 

 

ངོས་ལེན་མི་བྱེད་དཀའ་མེད་ཀྱི་འཚོ་བའི་དོན་དངོས་ལྔ།

༡། ཁྱོད་ཀྱི་ཕྲུ་གུར་ཕྱུག་པོ་བཟོ་དགོས་པའི་བསླབ་བྱ་སློབ་གསོ་མ་བརྒྱབས། ཕྲུ་གུ་ཚོར་བདེ་སྐྱིད་ཀྱིས་འཚོ་སྟངས་སྐོར་བསླབ་བྱ་སློབ་གསོ་རྒྱོབས། དེར་བརྟེན། ཁོ་ཚོ་ཆེན་པོར་ཆགས་རྗེས་དངོས་པོའི་རིན་ཐང་རྟོགས་སྲིད་པ་ལས་དེའི་རིན་གོང་ཤེས་པ་ཙམ་མིན།

 

 

༢། ལཱོན་ཊོན་Londonལ་གཟེངས་རྟགས་ལེགས་ཤོས་ཐོབ་མྱོང་པའི་སྐད་ཆ་སྟེ། ཁྱོད་ཀྱི་ཟས་ཟ་མ་ནི་སོ་སོའི་སྨན་ལ་བརྩིས་ཏེ་ཟོས། དེ་མ་བྱས་ཚེ་ཁྱོད་ཀྱིས་སྨན་ནི་ཟས་ཟ་མ་ནང་བཞིན་ཟ་དགོས་འཁེལ་ངེས།

 

 

༣། ཁྱོད་ལ་དགའ་མཁན་གྱིས་དུས་ནམ་ཡང་ཁྱོད་གཞན་ལ་བོར་མི་སྲིད། གང་ཡིན་ཟེར་ན། ཁྱོད་ཀྱིས་ཕ་རོལ་པོ་དེ་བློས་གཏོང་བྱེད་པའི་རྒྱུ་མཚན་བརྒྱ་ཙམ་བགྲང་རྒྱུ་ཡོད་རུང་ཁོས་རྒྱུ་མཚན་གཅིག་རང་བགྲང་ནས་དེ་བརྒྱུན་མཐུད་བྱེད་སྲིད།

 

 

 

༤། མི་དང་མིའི་དབར་ཁྱད་པར་ཧ་ཅང་ཆེན་པོ་རེད། དོན་དེ་དག་ནི་མི་ཉུང་ཤོས་ལས་བསམ་གཞིགས་བྱེད་མི་ཐུབ། ཁྱོད་རང་འཇིག་རྟེན་འདིར་སྐྱེས་དུས་ནས་བཟུང་གཞན་གྱིས་དགའ་སྲིད་ལ་འཆི་དུས་ཀྱང་གཅིག་མཚུངས་དགའ་སྲིད། དེའི་དབར་ཁྱོད་ཀྱིས་ངེས་པར་དུ་དོ་དམ་སྟངས་འཛིན་ལེགས་པོ་བྱེད་དགོས།

 

 

དོ་སྣང་དགོས་པ།

གལ་ཏེ་ཁྱོད་རང་མགྱོགས་པོར་སླེབས་དགོས་ན་སོ་སོ་རྒྱུགས། འོན་ཀྱང་ཁྱོད་རང་ཐག་རིང་སར་འགྲོ་དགོས་ན་གཞན་དང་མཉམ་དུ་རྒྱུགས།

 

 

འཚོ་བའི་སྨན་ཆེན་དྲུག

གཅིག ཉི་འོད། Sunlight

གཉིས། ངལ་གསོ།

གསུམ་པ། ལུས་སྦྱོང་།

བཞི་པ། ཟ་མ། Diet

ལྔ་པ། སྤོབས་པ་དང་།

 དྲུག་པ། གྲོགས་པོ།

 

 

 

མིའི་ཚེ་སྲོག་གི་གོ་རིམ་ཡོངས་སུ་གོང་གསལ་དོན་ཚན་དྲུག་རྒྱུན་འཁྱོང་དང་བདེ་ཐང་ལོངས་སུ་སྤྱོད་དགོས།

 

དཀོན་མཆོག་གིས་ཁྱོད་ལ་བརྩེ་བ་བཅང་ནས་ཡོད།

 

(དྲ་རྩོམ་ཕྱོགས་བསྡུས་སམ་བོད་བསྒྱུར་བྱས།)

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།