ཝཱེ་ལེན་ཌེ་ཝེ་ཁི་རོ་ཟི།

images/stories/Gangkarsem/11.jpgཝཱེ་ལེན་ཌེ་ཝེ་ཁི་རོ་ཟི།

Rev. William David Crews 

威廉大卫克鲁斯牧师

 

མཆན་འགྲེལ།

རྒན་རབས་མགོ་སེར་འདི་ནི་ང་ལ་མཚོན་ན་ཁ་ཡོད་ལག་ཡོད་ཀྱི་རླབས་ཆེན་མི་སྣ་ཞིག་ཏུ་ངོས་འཛིན་བྱུང་། དེའང་ཕྱི་ལོ་ ༢༠༡༩ ཟླ་ ༣ པའི་ཚེས་ ༡༠ ནི་བོད་མིའི་གསུམ་བཅུའི་དུས་དྲན་ལོ་རྒན་དྲུག་བཅུ་འཁོར་བའི་ཉིན་མོ་ཡིན་ལ། ང་དང་བཟའ་ཟླ་ངེད་གཉིས་ཨོ་གླིང་རྒྱལ་ཁབ་ཀྱི་གྲོང་ཁྱེར་སཱི་ཉིར་དུས་དྲན་སྲུང་བརྩི་བྱེད་སར་སོང་།

 

 

སྐབས་དེར་གཏམ་བཤད་གནང་མཁན་སྐུ་མགྲོན་གཙོ་བོའི་གྲལ་དུ་ཨཱོ་གླིང་དུ་ལོ་མང་དགེ་རྩའི་རོགས་སྐྱོར་རམ་སྤྱི་ཚོགས་ཞབས་ཞུ་གཟེངས་མཐོ་གནང་མྱོང་ཞིང་། གོང་ས་རྒྱལ་བ་རིན་པོ་ཆེའི་གྲོགས་པོ་རྙིང་པའི་གྲལ་ཞིག་རེད་འདུག ཁོང་གིས་གཏམ་བཤད་ཧ་ཅང་འདུམ་བདེ་ཞིང་སེམས་ཐག་ཉེ་པོ་ཞིག་གནང་སོང་བ་དེ་ནི་ང་ལ་མཚོན་ན་རང་དབང་མེད་པར་མིག་ནང་མཆི་མ་འཁོར་བྱེད་དུ་བྱུང་། ཁོང་གི་གཏམ་བཤད་གནང་གྲུབ་མཚམས་ང་རང་ཆེད་དུ་ཟུར་དུ་བཅར་ནས་ལེགས་གསོལ་ཞུས་ཤིང་། ཧ་ཅང་མཛའ་བརྩེ་དང་ལྡན་པའི་རྒན་རབས་འདི་དང་ངེད་གཉིས་མཉམ་པར་ཡང་ལེན་པའི་བསྐལ་བ་ལྡན། དེ་རྗེས་ངས་ཁོང་གི་བྱས་རྗེས་དག་ཁོང་གི་དགེ་རྩ་ཚོགས་པ་དེའི་དྲ་ཐོག་ནས་ཞིབ་ཏུ་བཀླགས་ཅིང་། བོད་བསྒྱུར་གྱི་རྩོལ་བ་འདི་ཞུས་པ་དང་། ཀློག་པ་པོ་ཚོས་གཤམ་གསལ་གྱི་བོད་འགྱུར་རྩོམ་འདི་ཨཱིན་ཡིག་གི་མ་དཔེ་ལ་གཞི་འཛིན་གནང་རོགས་ཞུ།

 

ཝཱེ་ལེན་ཌེ་ཝེ་ཁི་རོ་ཟི་ནི་ ༡༩༤༤ ལོར་ཨཱིན་ཇིར་ England སྐུ་འཁྲུངས་ཤིང་ཨཱོ་གླིང་ Australia དུ་ཤེས་ཡོན་སློབ་གསོའི་གོ་རིམ་ཐོབ། ཁོང་ལ་ A.W.A ཚོགས་པ་ནས་སློབ་ཡོན་རག་སྟེ་ཨཱོ་གླིང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སཱི་ཉིའི་སློབ་ཆེན་ Sidney university དུ་གློག་རིག་གི་ཆེད་ལས་སྦྱངས། དེ་རྗེས་རོགས་ཚོགས་དེ་དང་མཉམ་འབྲེལ་གྱིས་གློག་རྡུལ་ཕྲ་མོར་ཞིབ་འཇུག་གནང་། དེའི་རིང་སཱི་ལི་ཀོན་ silicon ཞེས་པའི་ལྕགས་རིགས་མིན་པའི་ཁམས་རྫས་དེ་ཞིབ་འཇུག་བྱེད་སའམ་རྫས་རིགས་དེའི་རིགས་འདེབས་ལས་བྱེད་སའི་འཁྲུལ་འཁོར་ཐོག་མ་དེ་གསར་བསྐྲུན་མཛད།

 

 

༡༩༦༩ ལོའི་ལོ་མཇུག་ཁོང་སཱི་ཉིའི་གྲོང་ཁྱེར་དབུས་སུ་ཆགས་པའི་ཁཱིན། ཁུ་རོ་ཟི་ཞེས་འབོད་པའི་ Kings Cross ཁྲོམ་རཱའི་ལམ་ཟུར་གྱི་དགོན་པར་ལྟ་བསྐོར་སོང་ཞིང་། མཐར་དྭངས་བླང་བའི་ཆེད་གཉེར་ཚོགས་པ་དེའི་ནང་མཉམ་བཞུགས་ཀྱིས་ཝཱོ་ལུ་མོ་ལུ་ཞེས་འབོད་པའི་ Woolloomooloo-Kings Cross ས་གནས་དེའི་རྒན་འཁོག་དང་ནད་པ་ཚོར་འཚམས་འདྲི་དང་ལྟ་རྟོགས་ཕྱིར་ཆེད་བཅར་གནང་།

 

 

༡༩༧༡ སླེབས་མཚམས་ཁོང་ཆེད་ལས་ཚོགས་པ་དེ་ནས་ཕྱིར་འཐེན་གྱིས་ལམ་ཟུར་གྱི་དགོན་པ་ཞེས་པའི་དོན་གྱི་ Wayside Chapel ལས་སྒོ་དེར་ཆེད་གཉེར་གནང་། ཚོགས་པ་དེས་ཨཱོ་གླིང་དུ་ཆུ་ཚོད་ ༢༤ ཡི་ནང་ཉུར་སྐྱོབས་ཀྱི་ལྟེ་བའི་ལས་ཁུངས་གསར་གཏོད་དང་ཁོང་ནི་ཚོགས་པ་དེའི་ཚོགས་མི་གྲལ་ཡིན། ༡༩༧༢ ལོར་ཁོང་ཚོགས་པ་དེའི་སྡེ་ཚན་འགན་འཛིན་དང་། ༡༩༨༣ ལོར་ཁོང་གིས་ཚོགས་པ་དེའི་ལས་དོན་ཡོངས་གཙོ་སྐྱོང་གནང་། དེའི་རིང་ཁོང་གིས་ཨཱོ་གླིང་དུ་ག་འགྲོ་མེད་པའི་མི་འཁྱམ་པོ་དེ་ཚོ་ཉར་རོགས་དང་། ཕ་མ་མཉམ་འཛོམས་ཀྱི་ཚོགས་པའམ་མཉམ་འཛོམས་ཐོ་འགོད་དེབ་གསར་གཏོད་མཛད་པ་མ་ཟད། ཕ་མར་རོགས་རམ་བྱེད་མཁན་གྱི་ལས་འཆར་ཐོག་མ་དེ་གསར་སྟོན་དང་། བུ་རྒྱུད་ལ་མནར་གཅོད་བཏང་བའི་བྱ་ངན་རིགས་སེལ་ཕྱིར་ཞབས་ཞུའི་ལས་ཁུངས་དེའང་བསྐྲུན། དེ་མིན་ཁོང་གིས་ད་དུང་ཨཱོ་གླིང་དུ་གཞོན་ནུ་ལ་དཀའ་ངལ་འཕྲད་དུས་ཉེན་ཡོལ་བྱེད་སའི་ལྟ་རྟོགས་ཁང་ཐོག་མ་དེའང་གསར་གཏོད་མཛད།

 

 

༡༩༧༣ ལོར་ཁོང་ས་ཁུལ་འདིའི་སྨན་རྫས་དང་ཆང་རག་དོ་དམ་ལས་ཁུངས་ཀྱི་ཚོགས་མིར་ཆགས་ཅིང་། ས་ཁུལ་འདིར་དུ་ནག་གམ་ཐ་མག་ནག་པོ་འགོག་ཅིང་མི་རྣམས་ཀྱི་བདེ་ཐང་སླར་གསོ། དེའི་ཐད་སློབ་གསོ་དང་སྔོན་འགོག་གི་ལས་འཆར་དུ་ཧུར་བརྩོན་ཆེན་པོས་བཞུགས།

༡༩༧༨ ལོར་ཁོང་དང་ཊཱེ་ཏི་ Rev. Ted Noffs གཉིས་མཉམ་འབྲེལ་ཐོག་ཚེ་སྲོག་གི་སློབ་གསོའི་ལྟེ་གནས་ཅེས་པའི་ཚོགས་པ་དེ་གསར་གཏོད་མཛད། ཚོགས་པ་དེའི་ཡན་ལག་ལས་ཁུངས་ཨཱོ་གླིང་རྒྱལ་ཁོངས་རང་དང་ཧཱང་ཁོང་།Hong Kong ཐཱེ་ལན་ཊི།Thailand,  ཉུའུ་ཙི་ལན་ཊི།New Zealand, ཨཱིན་ཇི་United Kingdom དང་ཨ་རི་United States བཅས་སུ་ཁྱབ་ཡོད་པ་རེད།

 ༡༩༨༣ ལོར་ཁོང་ཆོས་ཚོགས་ནས་བྲལ་ཏེ་མཉམ་འབྲེལ་ཆོས་ཚོགས་ཀྱི་ལྷའི་རིག་པའི་སློབ་ཆེན་དུ་སློབ་སྦྱོང་གནང་ཞིང་། ༡༩༨༦ ལོར་དེ་ནས་སློབ་མཐར་ཕྱིན། དུས་མཚུངས་ཁོང་སཱི་ཉིའི་ཁུལ་ནུབ་ཕྱོགས་ཨཱ་ཕྱི་ཧྥི་ཏེ་ Ashfield ཆོས་ཚོགས་ཀྱི་འགན་འཛིན་དུ་བསྐོ་བཞག་གནང་།

 

 

ཁོང་གིས་ཆོས་ཚོགས་དེར་ཨཱེ་ཅི་ཐེབས་རྩ་ཁང་གསར་འཛུགས་ཀྱིས་ཁྱིམ་མེད་འཁྱམ་པོའམ་ག་འགྲོ་མེད་པའི་གཞོན་ནུ་ཚོར་རོགས་སྐྱོར་དང་། གཞན་ཡང་དགོས་མཁོ་ཡོད་རིགས་ལ་ཕན་པ་བསྒྲུབས།

དེང་ཐེབས་རྩ་ཁང་དེ་ནི་སཱི་ཉི་ཁུལ་གྱི་བྱང་སེམས་དགེ་ཕན་ཚོགས་པ་ཆེ་ཤོས་གྲལ་ཞིག་རེད།

ཨཱེ་སི་ཊོ་ཟི་ཞེས་པའི་ཐེབས་རྩ་ཁང་ Exodus འདིས་རིན་མེད་ཟས་ཁང་ LoavesFishes གཉེར་ཏེ་ཟས་རིགས་དགོས་མཁོ་ཡོོད་མཁན་ལ་ཐེངས་གྲངས་ ༨༠༠ ཙམ་མཁོ་སྤྲོད་གནང་གི་ཡོད་པ་མ་ཚད། རིགས་སྣ་ཚོགས་ཅན་གྱི་བདེ་ཐང་ལུས་སྦྱོང་ཁང་དང་དེ་འབྲེལ་གྱི་ལྟེ་གནས་ཁང་ཡང་གསར་གཏོད་མཛད་དེ་སྤྱི་ཚོགས་ཞབས་ཞུ་བ་དང་ཆོས་དཔོན། དཀའ་སེལ་དྲི་བ་དྲིས་ལན་ཚུལ་གྱི་མི་སྣ་བཅས་མཁོ་སྤྲོད་དང་། ཟས་རིགས་ཐུམ་རྫས་རིགས་རོགས་སྐྱོར་དང་ཐོག་མའི་བདེ་ཐང་འགན་སྲུང་བཅས་ཐད་རོགས་ཕན་དང་ཞབས་ཞུ་བསྒྲུབས།

 

 

 

༡༩༩༢ ལོར་ཁོང་ལ་ཐེབས་རྩ་ཁང་གི་རྒྱལ་སྤྱིའི་གཟེངས་རྟགས་ Paul Harris Fellow འདི་ཐོབ་ཅིང་། ལོ་བསྡོམས་སུ་ཨ་ཕ་ཡག་ཤོས་དང་མི་ཆོས་རིང་ལུགས་པའི་མི་སྣར་གདམས་ཐོབ་ཀྱང་བྱུང་།

༡༩༩༨ ལོར་ཁོང་རྒྱལ་ཁབ་ཀྱི་ཡིད་ཆེས་ཐེངས་རྩ་ཁང་ ༡༠༠ ཡི་འཚོ་བའི་ནོར་བུ་ཞེས་པའི་དོན་གྱི་མི་སྣའི་གྲལ་དུའང་ཚུད།

༡༩༩༩ ལོར་ཁོང་ལ་ཨཱོ་གླིང་རྒྱལ་ཁབ་རང་གི་དེ་འབྲེལ་གྱི་གཟེངས་རྟགས་ཐོབ་ཅིང་ཉམས་ཆུང་རྣམས་ལ་ཞབས་ཞུ་སྒྲུབ་པ་དང་འགྲོ་ས་མེད་པའི་གཞོན་སྐྱེས་ཚོར་རོགས་ཕན་མཛད་པར་གཟེངས་གསོལ་ཐོབ།

དེ་མིན་ ༢༠༠༠ ལོར་ཨཱོ་གླིང་ཕིག་olympic ལུས་རྩལ་འགྲན་ཚོགས་ཆེན་མོའི་ཆ་ཤས་སུ་ཁོང་སྤར་འབར་ལག་བརྒྱུད་ཀྱི་ལས་འགུལ་དུ་བཞུགས་ཅིང་། དེ་མིན་དབང་པོ་སྐྱོན་ཅན་གྱི་སྤར་འབར་ལག་བརྒྱུད་ཀྱི་ལས་འགུལ་དུའང་བཞུགས།

ད་དུང་ཁོང་གིས་སྐབས་དེར་ལུས་རྩལ་འགྲན་བསྡུར་དེའི་མཛད་སྒོར་ཞུགས་མི་ཐུབ་པའི་མི་ཚོར་སྒོ་སྤང་གི་འཛིན་བྱང་བརྒྱ་ཁྲག་ཁ་ཤས་རིན་མེད་ཀྱིས་སྦྱིན་གནང་མཛད།

 

 

ཁོང་གི་བྱས་རྗེས་ཀྱིས་ཐབས་དང་ཤེས་རབ་སྣ་ཚོགས་སྤྱོད་པའི་འགོ་འཁྲིད་ཀྱི་ནུས་པ་དེ་གསལ་སྟོན་བྱས་ཡོད་པ་དང་། དེས་སྤྱི་ཚོགས་སུ་ཤུགས་རྐྱེན་ཇི་ཙམ་བཞག་མིན་ཡང་གསལ་སྟོན་བྱས་ཡོད།

༢༠༠༡ ལོར་ཁོང་གིས་ས་གནས་རང་ལ་བྱས་རྗེས་བཞག་སྟབས་ལོ་རེའི་སྡེ་ཚོགས་ལེགས་ཤོས་སུ་གདམ་ཐོན་བྱུང་།

༢༠༠༡ ལོའི་ཟླ་ ༦ པར་ཨཱོ་གླིང་རྒྱལ་བ་སེང་གེ་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་པའི་ཝཱེ་ལེན་ William R. Tresise གཟེངས་རྟགས་ཐོབ། གཟེངས་རྟགས་དེ་ནི་ཚོགས་པས་མི་ཆོས་རིང་ལུགས་ལ་བྱས་རྗེས་ཅན་ཚོར་གནང་བའི་ཆེས་མཐོའི་གཟེངས་བསྟོད་ཅིག་ཡིན་པ་རེད། དེ་བཞིན་ ༢༠༠༡ ལོར་ཁོང་ལ་གྲོང་ཁྱེར་འདིའི་ནང་གི་སློབ་གྲྭ་ཆེན་མོའི་སློབ་ཟུར་གྱི་གཟེངས་རྟགས་ཀྱང་ཐོབ།

 

 

 

ཁོང་གིས་ཧུར་བརྩོན་ཆེན་པོས་རིག་གཞུང་མི་འདྲ་བའི་ཆོས་དད་པ་རྣམས་དབར་གྲོས་མོལ་དང་ཕན་ཚུན་བསམ་གཞིགས་དགོས་ལུགས་གསུངས། ཁོང་དུས་ཐོག་(བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད།) གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་མཛད་ཅིང་། ཨཱོ་གླིང་དུ་གནས་པའི་བོད་རང་དབང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད། ཁོང་ ༢༠༡༠ ལོར་ཁྲིམས་དཔོན་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ཁྱད་དུ་འཕགས་པའི་ཁོང་གི་མཆེད་གྲོགས་ཏཱ་ལའི་བླ་མ་དང་མཉམ་གཅིག་ཏུ་ནཱེའུ་ཡོག་ཊིན་ Network Ten གྱི་མ་བྱན་སློབ་དཔོན་ Masterchef ཞེས་པའི་དོན་གྱི་ གློག་བརྙེན་ལེ་ཚན་ནང་མཉམ་བཞུགས་གནང་།

 

 

ཁོང་ད་དུང་ཨཱོ་གླིང་དུ་ལས་མཚམས་མཇུག་སྒྲིལ་ཚར་ཙམ་བྱུང་བའི་ཡུལ་གྱར་བའི་ལས་འཆར་གྱི་རོགས་སྐྱོར་གནང་མཁན་གྲལ་དང་། ཨཱོ་གླིང་གི་བཟང་ལམ་ཞེས་པའི་དོན་གྱི་ལས་གཞི་དེའི་འགན་འཛིན་གནང་། དེ་ནི་གྲོང་ཁྱེར་འདིའི་སྲིད་གཞུང་གིས་རོགས་དངུལ་གནང་བའི་ཐལ་ཆ་ཆེ་བའི་མི་རིགས་རིང་ལུགས་ལ་རྒོལ་བའི་ལས་འཆར་ནང་ཚུད་པའི་ཁུལ་འདིའི་ལྷན་ཁང་ཞིག་རེད།

 

 

༢༠༠༢ ལོའི་ཟླ་ ༨ པ་ནས་བཟུང་ཁོང་གིས་སཱི་ཉི་འབབ་ཚིགས་རླུང་འཕྲིན་ས་ཚིགས་ 2GB-873AM ཀྱི་སྡེ་ཚན་དུ་ཆེད་གཉེར་ལེའུ་ཚན་གཙོ་སྐྱོང་གནང་འགོ་བརྩམས། ལེའུ་ཚན་དེ་ནི་ཨ་རི་རྒྱལ་ཡོངས་སུའང་ཆེས་བསྔགས་བརྗོད་ཐོབ་པའི་གཟའ་མཇུག་གི་རླུང་འཕྲིན་ལེའུ་ཚན་ཞིག་ཡིན་ལ། ཉན་མཁན་གྲངས་ཚད་བརྒྱ་ཆ་ 17.8 དང་ ཉན་མཁན་ ༡༠༢༠༠༠ ཙམ་ཡོད་པ་རེད།

༢༠༠༦ ལོར་ཁོང་ལ་ལོ་མཇུག་སྤྱི་ཚོགས་ཚོང་ལས་ཆེད་མཁས་ཀྱི་གཟེངས་རྟགས་ཐོབ། དེ་ནི་ཁོང་གིས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སུ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དབུ་འཁྲིད་ཀྱི་ནུས་པ་དང་གསར་གཏོད་ལ་གཟེངས་གསོལ་ཐོབ་པ་ཞིག་ཆགས་ཡོད། ༢༠༠༧ ལོར ཁོང་གསར་འགྱུར་བདུན་རེའི་ཚགས་དེབ་ཅེས་པའི་ནང་ཨཱོ་གླིང་དུ་ཆེས་ཤུགས་རྐྱེན་ཐེབས་མཁན་གྱི་མི་སྣ་གྲགས་ཅན་ ༡༠༠ ཡི་ནང་དུ་ཚུད།

 

 

༢༠༡༠ ལོར་ཁོང་གིས་དགེ་ཕན་ཐེབས་རྩ་ཁང་དེ་བཙུགས་པ་ནི་དབུལ་ཕོངས་རྣམས་ལ་རོགས་སྐྱོར་དང་གསར་གཏོད་ཀྱི་བསམ་བློ་སྤེལ་བའི་ཆེད་དུ་ཡིན་ལ། དེའང་གཙོ་བོ་འཕེལ་རྒྱས་འགྲོ་བཞིན་པའི་ས་ཁུལ་ཁག་ཏུ་ཡོད་པ་རེད།

ཐེབས་རྩ་ཁང་དང་སྤྱི་ཚོགས་ཚོང་ལས་མཁས་ཅན་ཞེས་པའི་དབར་འབྲེལ་བ་དམ་ཟབ་ཚུགས་ཡོད་ཅིང་། དེའང་དོན་དམ་གྱི་ལས་དོན་ཐོག་ནས་ས་གནས་རང་གི་མི་དམངས་རྣམས་ལ་དུས་ཐོག་དང་ཧུར་བརྩོན་ཆེན་པོས་གསར་གཏོད་གནང་བ་དེས་རེད།

 

 

ཁོང་ནི་དཀའ་ངལ་མཛད་མེད་ཀྱིས་རྩེད་མོའི་རིགས་ཀྱི་འཕྲུལ་འཁོར་བཅོས་བསྒྱུར་གནང་མཁན་གྲལ་ཡིན། ཁོང་གིས་གནད་དོན་དེར་དོ་སྣང་ཤུགས་ཆེན་དགོས་དོན་དེའང་ཁོང་གིས་རྒྱན་བཞག་མཁན་དབྱིངས་ཞུགས་པ་རྣམས་དབར་ཕྱག་ལས་གནང་བའི་རྐྱེན་གྱིས་ཡིན་པ་དང་། བྱ་བ་དེས་རྒྱན་བཙུག་བྱེད་མཁན་ཚོའི་འཚོ་བོར་ཤུགས་རྐྱེན་ངན་པ་ཐེབས་པའི་རྐྱེན་གྱིས་ཁོང་གི་ལས་དོན་དེ་སྒྲུབ་དགོས་དོན་ཡང་དེ་ཡིན།

 

 

༢༠༡༡ ལོར་ཁོང་ཆོས་ཚོགས་སུ་རྒྱན་བཙུགས་སྐོར་གྱི་ཆེད་བརྗོད་ཚོགས་ཆུང་གི་ས་གནས་དེའི་ཕྱོགས་ཀྱི་ཡན་ལག་སྡེ་ཚན་གྱི་འགན་འཛིན་ཡང་གནང་། ༢༠༡༢ ལོར་ཁོང་གིས་རི་མོ་ཆེན་པའི་སྒོ་ནས་གློག་བརྙེན་དུས་སྟོན་ཞེས་པའི་དོན་གྱི་ The Big Picture Film Festival དེ་འཚོགས་ཅིང་། གློག་བརྙེན་དུས་སྟོན་དེ་༢༠༡༣ ལོའི་ཟླ་ ༢ པའི་སཱི་ཉི་གྲོང་ཁྱེར་ལྟེ་བའི་ Event Cinemas གློག་བརྙེན་ཁང་དུ་ཐོག་མར་འགྲེམས་སྟོན་བྱས། དུས་སྟོན་དེར་ཧ་ཅང་རྒྱལ་ཁ་ཐོབ་ཡོད་ཅིང་། ༢༠༡༤ ལོའི་གློག་བརྙེན་དུས་སྟོན་ཡང་འགོ་བརྩམས་ཚར་བ་རེད།

 

 

 

༢༠༡༥ ལོའི་ཟླ་ ༩ པར་ཁོང་ལ་གྲོང་ཁྱེར་ས་གནས་འདིའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐོབ། གཟེངས་བསྟོད་འདིས་ཉམས་ཆུང་མི་རྣམས་དང་། འཚོ་བའི་གནོན་ཤུགས་སྣ་ཚོགས་འཕྲད་ཅིང་སྤྱི་ཚོགས་ནས་དབྱུང་བཞིན་པའི་མི་རྣམས་ཀྱི་སེམས་ལ་སྤོབས་པ་སྦྱིན་ཞིང་། ལས་དོན་དང་བྱ་བཞག་འདིས་ས་གནས་འདི་སྔར་བའི་ལེགས་པའི་ཁུལ་ཞིག་ཆགས་ཐུབ་པའི་ཆེད་དུ་ཧུར་བརྩོན་བྱེད་བཞིན་པར་གཟེངས་བསྟོད་ཀྱང་རེད།

ད་ལྟའི་ཆར་ཝཱེ་ལེན་ཌེ་ཝེ་ཁི་རོ་ཟི་མཆོག་སཱི་ཉི་གྲོང་ཁྱེར་དུ་གནས་བཞུགས་ཡོད་ཅིང་ཁོང་ལ་ཕྲུ་གུ་བཞི་ཡོད་པ་རེད།

 

 

 

 

མ་རྩོམ་འབྲེལ་ཐག

https://www.exodusfoundation.org.au/about-exodus/bill-crews/?fbclid=IwAR38imR3xNM-T7Kcx6YOaRSPvHtaopjRLgqdDJ33LOG8M0tiRc8EA-4cZIk

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།