རྟོགས་སླ་བའི་ཨོ་གླིང་སྤྱི་བཤད།

 images/stories/253.jpgརྟོགས་སླ་བའི་ཨོ་གླིང་སྤྱི་བཤད།

(Commonwealth of Australia)

 澳大利亚联邦國

 

དང་པོ། སྲིད་གཞུང་གི་ལམ་ལུགས།

རྒྱལ་ཁབ་ཀྱི་སྒྲོམ་གཞི།

ཨོ་གླིང་ནི་དུས་རབས་ ༡༧ དཀྱིལ་མར་རྒྱ་སྐད་དུ་ཧཱེ་ལན་མི་荷兰人དང་ཨིན་སྐད་ཀྱི་སྒྲ་ལྟར་ན་ཊཱ་ཆི་ Dutch མི་ཚོས་རྙེད་པ་ཞིག་ཆགས་ཡོད། ༡༧༨༨ ལོར་ཨིན་ཇིའི་མཚོ་དམག་གི་གྲུ་དཔོན་ཧྥི་ལི་ཕུས་ Philip གྲུ་གཟེངས་སྣེ་འཁྲིད་དེ་ཨིན་ཇིའི་རྒྱལ་པོ་ཅཱོ་ཊི་སྐྱེ་ཕྲེང་གསུམ་པའི་ King George III མིང་ཐོག་ནས་ཨོ་གླིང་དུ་འབྱོར་བ་མ་ཚད། ཨོ་གླིང་འདི་ཨིན་ཇིའི་བཙན་བཟུང་བྱས་པའི་ས་ཁོངས་སུ་བཙུད་ཡོད་པ་རེད།

 

 

དུས་རབས་ ༡༩ ཡི་ནང་ཨོ་གླིང་འདི་ས་ཁག ༦ ལ་བགོས་ཤིང་དེ་དག་རང་སྐྱོང་སྲིད་གཞུང་གི་ངོ་བོར་གྲུབ། ༡༩༠༡ ལོར་རང་སྐྱོང་གཞུང་རང་སྐྱོང་སྲིད་གཞུང་ཁག་དྲུག་གིས་ཨོ་གླིང་མཉམ་སྦྲེལ་མཐུན་ཚོགས་བཙུགས་ཏེ་བཅའ་ཁྲིམས་བཅས་ཤིང་། སྲིད་གཞུང་འདིར་ཆེས་མཐོའི་ཆབ་སྲིད་ཀྱི་དབང་ཆ་སྤྲད་དེ་ཨིན་ཇི་རྒྱལ་པོ་རྒྱལ་ཁབ་ཀྱི་དབུ་འཁྲིད་ཨང་དང་པོ་བཀོད་པ་དང་། རྒྱལ་པོས་བསྐོ་བཞག་བྱས་པའི་སྤྱི་ཁྱབ་དཔོན་ལ་ཐ་སྙད་ཀྱི་ཐོག་ནས་ཆེས་མཐོའི་དབང་ཆ་ལྡན་པར་བྱས།

དེའང་ཨོ་གླིང་གི་སྤྱི་ཁྱབ་དཔོན་ཁོ་ནས་མིང་འདོན་བྱས་པ་ཞིག་ཆག་ཡོད་ལ། ཨོ་གླིང་ད་ལྟ་ཡིན་ཡང་རྒྱལ་ཁབ་ཀྱི་མཐུན་ཚོགས་ཀྱི་ཚོགས་མི་ཡོད་པ་ཞིག་རེད།

 

 

གཉིས་པ། སྲིད་གཞུང་གྲུབ་སྟངས།

 

 

དེའང་འགན་ཆ་ཚང་ནང་ཁུལ་བཀའ་ཤག་ལ་ཡོད་པའི་ལམ་ལུགས་དང་། འདིའི་སྤྱི་ཁྱབ་དཔོན་ནི་སྤྱི་འཐུས་གྲོས་ཚོགས་ནས་མང་མོས་ཀྱིས་ཆབ་སྲིད་ཚོགས་པའི་ཚོགས་གཙོས་འགན་འཁྱེར་དགོས་པ་དང་། གྲོས་ཚོགས་གོང་འོག་གཉིས་ཡོད་པ་ནས་ནང་ཁུལ་བཀའ་ཤག་འདི་གྲུབ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ཐག་གཅོད་དགོས་པ་རེད།

 

 

 

གསུམ་པ། གྲོས་ཚོགས།

གྲོས་ཚོགས་གོང་འོག་གཉིས་ལ་བསྡོམས་སྤྱི་འཐུས་ ༧༦ དང་། རྒྱལ་ཡོངས་ཁུལ་དྲུག་ནས་སྤྱི་འཐུས་ ༡༢ གདམས་ཐོན་དགོས་ཤིང་། དེའང་ལོ་དྲུག་གི་ལས་ཡུན་ཡིན། ཨོ་གླིང་གི་རྒྱལ་ས་ཁཱམ་བྷེ་ར་ Australian Capital Territory, ACTདང་བྱང་ཕྱོགས་ས་གནས་Northern Territoryགཉིས་ནས་སྤྱི་འཐུས་གཉིས་དང་དེའི་ལས་ཡུན་ནི་ལོ་གསུམ་ཡིན།

 

 

གྲོས་ཚོགས་གོང་མར་ལོ་གསུམ་རེར་སྤྱི་འཐུས་གསར་འདེམས་རེ་བྱེད་ཅིང་གོང་གསལ་ས་གནས་གཉིས་ཀྱི་གྲོས་ཚོགས་འོག་མའི་སྤྱི་འཐུས་ཀྱི་ལས་ཡུན་ནི་ལོ་གསུམ་ཁོ་ན་ཡིན་པར་བརྟེན། གྲོས་ཚོགས་གོང་མའི་འོས་འདེམས་ཆེན་མོའི་སྐབས་སུ་འོག་མའང་དུས་མཚུངས་གསར་འདེམས་བྱེད་ཀྱི་ཡོད། གྲོས་ཚོགས་འོག་མར་བསྡོམས་མི་གྲངས་ ༡༥༠ ཡོད། ས་གནས་ཀྱི་མི་འབོར་གྱི་བསྡུར་ཚད་ལ་གཞིགས་ནས་རྒྱལ་ཡོངས་ས་གནས་ཁག་ནས་སྤྱི་འཐུས་གདམ་དགོས་པ་རེད།

ཐོ་གཞུང་ལྟར་ས་གནས་ཁག་བགོས་ལམ་ལུགས་ལྟར་ལོ་གསུམ་གྱི་ལས་ཡུན་དང་། ཚོགས་གཞོན་གྱིས་སྤྱི་ཁྱབ་དཔོན་ཕྱོགས་ནས་མོས་མཐུན་གྱི་ཆོག་མཆན་ཞུས་ན། དེ་ནས་གྲོས་ཚོགས་ཕྱིར་བསྡུའང་ཆོག་ལ་དུས་ཚོད་དེའི་སྔོན་དུ་འོས་འདེམས་ཆེན་མོ་འགོ་བརྩམས་དགོས།

 

 

ས་ཁུལ་གྱི་གྲོས་ཚོགས་ཕྱོགས་སུ་ཁཱོན་སི་ལན་ Queensland གྱི་གྲོས་ཚོགས་གོང་མ་དེ་མེད་པར་བཟོས་ནས་ད་ཆ་གྲོས་ཚོགས་གཅིག་མ་གཏོགས་མེད་པ་ཆག་ཡོད་ཀྱང་། ས་གནས་ཁུལ་གཞན་དག་གྲོས་ཚོགས་གོང་འོག་ལམ་ལུགས་ཡིན། དེ་མིན་རྒྱལ་སའི་ཁོངས་དང་བྱང་ཕྱོགས་གཉིས་ནས་གྲོས་ཚོགས་གཅིག་གི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད།  

 

 

བཞི་པ། ཆབ་སྲིད་ཚོགས་པ།

 

 

ཨོ་གླིང་ལ་བཟོ་པའི་ཆབ་སྲིད་ཚོགས་པ་Australian Labour Party)、དང་། རང་དབང་ཆབ་སྲིད་ཚོགས་པ། Liberal Party of Australia

རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་The Nationalsབཅས་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་དང་།

གཞན་ཡང་དམངས་གཙོ་ཚོགས་པ་Australian Democratsདང་ལྗང་ཁུ་ཚོགས་པ། Australian Greensམི་རིགས་གཅིག་གི་ལམ་ལུགས་ཀྱི་ཚོགས་པ། Pauline Hanson's One Nationགྲོང་གསེབ་ཀྱི་རང་དབང་ཚོགས་པ། Country Liberal Party ཁྱིམ་ཚང་གི་ཚོགས་པ་ཐོག་མ། Family First Party

དེ་མིན་རང་དབང་ཆ་ཚང་ལྡན་པའི་ཚོགས་པ་Independentsབཅས་ཡོད་པ་རེད།

 

 

བཟོ་པའི་ཆབ་སྲིད་ཚོགས་པ་ནི་ ༡༨༩༡ ལོར་བཙུགས་ཤིང་ཨོ་གླིང་རྒྱལ་ཁབ་ཏུ་ལོ་རྒྱུས་རིང་ཤོས་ལྡན་པའི་ཆབ་སྲིད་ཚོགས་པ་ཞིག་རེད། དེའི་སྒྲིག་འཛུགས་ཀྱི་རྒྱབ་ལྗོངས་ནི་བཟོ་པའི་ཚོགས་པ་ཡིན་ལ་དེའང་བཟོ་པའི་དབང་ཆ་བརྩོན་ལེན་དང་སྤྱི་ཚོགས་ལ་རོགས་དངུལ་དགོས་འདུན་བཏོན་མཁན་དང་། དམངས་གཙོ་སྤྱི་ཚོགས་རིང་ལུགས་གཡོན་ཐལ་གཙོ་བོར་འཛིན་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན།

 

 

དེ་ནས་རང་དབང་ཚོགས་པ་ནི་ ༡༩༤༤ ལོར་བཙུགས་པ་དང་། ཆབ་སྲིད་ཀྱི་མ་གདན་དུ་ཁེ་ལས་པའམ་མཁས་པའི་ཁེ་ཕན་སྲུང་སྐྱོར་བྱེད་རྒྱུའི་དམིགས་ཡུལ་བཟུང་ཞིང་། དེ་བཞིན་རང་དབང་གི་ཁྲོམ་ར་དཔལ་འབྱོར་དང་འདྲ་མཉམ་གྱི་འགྲན་རྩོད་དགོས་འདུན་སྤེལ་མཁན་ཡིན་ལ། དེའང་གཡས་ཐལ་གྱི་ཆབ་སྲིད་ཚོགས་པའི་ཁུངས་སུ་རྟོགས།

 

 

ལྔ་པ། འོས་འདེམས།

 

 

རྒྱལ་ཡོངས་སུ་གཤམ་འོག་རིམ་པ་ཁག་གི་སྲིད་གཞུང་འདེམས་ཐོན་ལམ་ལུགས་དེ་ནི་ཚང་མས་ངེས་པར་དུ་འོས་འཕེན་དགོས་པ་ཞིག་ཡིན་ལ། རང་ལོ་ ༡༨ ཡས་ཀྱི་ཚད་ལྡན་གྱི་ཡུལ་མི་རྣམས་ནས་གལ་ཏེ་འོས་འདེམས་ཆེན་མོའི་ནང་མ་བཞུགས་པ། ཆ་ཤས་མ་ལེན་པའམ་དེར་དགོས་ངེས་སམ་ལུགས་མཐུན་གྱི་རྒྱུ་མཚན་འགྲེལ་བརྗོད་མ་བྱུང་ན། གང་ཟག་དེར་སྒོར་མོའི་ཉེས་ཁྲིམས་ཕོག་གི་ཡོད་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།