རིགས་འདི་ལྔ་སྤྱི་ཚོགས་ཀྱིས་གནས་དབྱུང་གཏོང་གི་རེད།

རིགས་འདི་ལྔ་སྤྱི་ཚོགས་ཀྱིས་གནས་དབྱུང་གཏོང་གི་རེད།

images/stories/22.gif

རིགས་འདི་ལྔ་སྤྱི་ཚོགས་ཀྱིས་གནས་དབྱུང་གཏོང་གི་རེད།

These 5 will be eliminated by the society!

這5種人,將被社會淘汰!

ཁྱོད་རང་མི་འདི་འདྲའི་རིགས་མི་ཆག་པའི་རེ་བ་ཡོད།

 

 ༡། སློབ་སྦྱོང་མི་བྱེད་མཁན།

མི་དང་དུད་འགྲོ་དབར་གྱི་ཁྱད་པ་མང་ཆེར་ནི་མིས་རང་འགུལ་གྱིས་སློབ་སྦྱོང་བྱེད་དེ་ལག་ཤེས་གསར་པ་རྙེད་ཐུབ་པ་དེ་ཡིན། གནའ་བོའི་མིས་སློབ་སྦྱོང་དགོས་སྐོར་ལ་ནན་བཤད་དགོས་དོན་དེའང་ཉིན་རེར་གསར་བརྗེ་དང་། ཉིན་ལྟར་གསར་བརྗེ། སླར་ཡང་ཉིན་གསར་པ་བསུ་བ། ཞེས་པ་ནི་མི་རྣམས་འཚོ་བཞིན་པའི་སྐབས་མུ་མཐུད་སློབ་སྦྱོང་བྱེད་དེ་སོ་སོས་ནུས་ཤུགས་གསར་པ་སྤེལ་ཐུབ་དགོས་པའི་དོན་ཡིན།

 

དེང་གི་སྤྱི་ཚོགས་སུ་ལག་ཤེས་དང་རིག་པའི་གཞུང་ལུགས་གསར་པ་རྒྱུན་དུ་འབྱུང་ཞིང་སློབ་སྦྱོང་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཡིན། དེང་གི་རྒན་ཁོག་མང་པོས་ལག་ཁྱེར་ཁ་པར་བེད་སྤྱོད་བྱེད་སྟངས་སྦྱོང་གི་ཡོད། གང་ཡིན་ཟེར་ན། ཁོ་ཚོ་སྤྱི་ཚོགས་འདི་ནས་གནས་དབྱུང་གཏོང་བར་ལྟ་འདོད་མེད་པས་རེད།

དེ་མིན་མིག་མདུན་གྱི་གནས་སྟངས་ལ་ཡིད་ཚིམས་ནས་སློབ་སྦྱོང་མི་བྱེད་མཁན་ནི་རེ་བ་མེད་མཁན་རེད། སློབ་སྦྱོང་མི་བྱེད་མཁན་ཚོ་དུས་རབས་ཀྱིས་ག་ལེར་གནས་དབྱུང་གཏོང་གི་རེད།

 

 

༢། མཉམ་ལས་མི་བྱེད་མཁན།

ཧཱན་རྒྱལ་རབས་སྐབས་སུ་ལཱེའུ་པང་ནི་དམག་གི་རྒྱབ་རྟེན་ལྟ་བུ་འབྲུ་རིགས་དང་དམག་རྟའི་རྩ་གཟན་སྐོར་མི་ཤེས་མཁན་ཞིག་དང་། ཐབས་ཤེས་ལའང་མི་འཇོན་མཁན་ནམ་དམག་ལ་བཀོད་འདོམས་ཀྱིས་འཐབ་འཛིང་ལ་མཁས་པ་ཞིག་མིན། འོན་ཀྱང་ཁོས་ཞཱོ་ཧེ་དང་ཁྲིན་ཕིང་། ཀྲཱང་ལང་དང་ཧཱན་ཞིང་བཅས་ཁོའི་གཡོ་འོག་ཏུ་བཙུད་དེ་མཐར་ཞཱང་ཡུ་ཕམ་པར་བཏང་ཡོད་པ་རེད།

ཙཱིང་གོ་ཧྥན་གྱིས་དོན་ཆེན་སྒྲུབ་མཁན་གྱིས་གཞན་གྱི་བློ་གྲོས་དང་ནུས་ཤུགས་བེད་སྤྱོད་ཤེས་པ་དགོས་ཏེ་སོ་སོའི་ལས་དོན་འགྲུབ་ཐབས་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།

 

 

རྗེས་རབས་ཀྱི་མི་ཚོས་ཙཱིང་གོ་ཧྥན་ལ་རྒྱལ་ཁ་དེ་དག་ཐོབ་དགོས་དོན་གཙོ་བོའི་རྒྱུ་རྐྱེན་གྲལ་གཅིག་ནི་ཁོའི་མཐའ་འཁོར་དུ་ཤེས་འཇོན་ཅན་མང་ཞིང་ཁོས་དེ་དག་གི་བློ་གྲོས་ཡོངས་ཕྱོགས་གཅིག་ཏུ་བསྡུས་ཐུབ་པས་ཡིན་པར་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད།

དེང་དྲ་འབྲེལ་གྱི་དུས་རབས་འདིའི་ནང་མིའི་དབར་གྱི་འབྲེལ་བ་སྔར་བའི་དམ་ཟབ་དང་ས་ཁོངས་དབར་སྔར་བས་ཐག་ཇེ་ཉེར་སོང་བ་ལྟ་བུ་ནི་སྔོན་མ་ལས་སྟབས་ཧ་ཅང་བདེ་རུ་དང་མགྱོགས་སུ་སོང་བའི་སྟབས་ཀྱིས་འབྲེལ་བ་དམ་ཟབ་ཏུ་སོང་བ་ཞིག་ཆག་ཡོད།

མཉམ་འབྲེལ་དང་ཚོགས་པའི་རྣམ་པ་དེ་ནི་གང་ཟག་གང་འདྲ་ཞིག་ལ་མཚོན་ནའང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ཁེར་རྐྱང་གིས་ལས་ཀ་ཅི་ཞིག་སྒྲུབ་ཀྱང་དོན་ཆེན་འགྲུབ་ཐབས་མེད་པ་ཡིན།

 

 

༣། རྙིང་ཞེན་ཅན།

རྙིང་པར་མཁྲེགས་འཛིན་བྱེད་མཁན་ནི་དུས་རབས་ག་དུས་ཡིན་ཡང་ཚང་མ་གནས་དབྱུང་གཏོང་གི་ཡོད་པ་རེད།

ཁྱོད་ཀྱིས་དོ་སྣང་བྱས་མིན་མི་ཤེས། ཁྱོད་དུས་རབས་ཀྱིས་གནས་དབྱུང་གཏོང་དོན་ནི་ཐོག་མར་ཁྱོད་ཀྱིས་བློས་དུས་རབས་གནས་དབྱུང་བཏང་ཡོད་པས་རེད། ཁྱོད་ཀྱིས་དུས་རབས་ཀྱི་རྗེས་མ་ཟིན་པ་མ་ཡིན་པ་དེ་ནི་ཁྱོད་ཀྱིས་དུས་རབས་ཀྱི་རྗེས་ཟིན་ཐབས་མ་བྱས་པས་ཡིན།

 

 

དུས་རབས་ལ་བཅོས་བསྒྱུར་གཏོང་སྐབས་མཚམས་རེར་ཧ་ཅང་དལ་ལྷོད་ཡིན་ལ་སྐབས་འགར་ཁྱོད་ལ་ཧོན་འཐོན་དགོས་པའི་མགྱོགས་མྱུར་གྱིས་ཀྱང་སླེབས་སྲིད་པ་ཡིན།

སྤྱི་ཚོགས་ནས་ཁྱོད་གནས་དབྱུང་གཏོང་མི་དགོས་པ་ཞིག་བྱེད་དགོས་ན་ཁྱོད་རང་དུས་རབས་ཀྱི་སྔོན་དུ་འགྲོ་རྒྱུ་དེ་རེད།

དེ་བློས་གཏོང་མི་བྱེད་ཅིང་མདུན་སྤྱོད་ཀྱི་གོམ་པ་དེ་བློས་གཏོང་མི་བྱེད་རྒྱུ་དེ་རེད།

 

 

 ཁྱོད་མཚམས་རེར་རྗེས་ལུས་ཐེབས་སྲིད་ཀྱང་ཧུར་ཐག་འབད་ཐག་གིས་དེའི་རྗེས་སུ་ཟིན་ཐབས་བྱེད་དགོས་པ་དེ་རེད། དུས་རབས་ནས་ཧུར་བརྩོན་ལ་སྤྲོ་སྣང་མེད་མཁན་དེ་ཚོ་གནས་དབྱུང་བཏང་བ་དང་། དེ་བཞིན་ལས་དོན་ཅིའང་སྒྲུབ་མི་དགོས་པར་གྲུབ་འབྲས་ཐོན་པར་སྒུག་སྡོད་མཁན་ནི་དུས་རབས་ཀྱིས་གནས་དབྱུང་གཏོང་ངེས་ཡིན།

དེའང་དུས་རབས་ཀྱིས་དེ་དག་གནས་དབྱུང་གཏོང་བ་མ་ཡིན་པར་དེ་ནི་ཁོ་ཚོའི་སྒྱིད་ལུག་དང་འཚར་ལོང་ཁྱོན་ནས་ཡོང་ཐབས་མེད་པའི་སེམས་ཁམས་དེས་གནས་དབྱུང་གཏོང་བཞག་པ་ཞིག་ཆག་ཡོད།

 

 

༤། གྱོང་རྒུད་འཁྱེད་མི་ཐུབ་མཁན།

དེང་གི་སྤྱི་ཚོགས་ནས་མཉམ་འབྲེལ་གྱི་འདུ་ཤེས་ལ་བརྩི་མཐོང་བྱེད་མཁན་ཆག་ཡོད། ཧ་ཅང་སྤྱང་གྲུང་ཅན་དེ་ཚོས་གྱོང་རྒུད་ཁྱོན་ནས་འཁྱེར་གྱི་མེད་པར་བརྟེན། ཁོ་ཚོའི་མདུན་ལམ་ནི་ཇི་ཙམ་སོང་ན་དེ་ཙམ་གྱིས་ལམ་དོག་མོ་ཞིག་ཏུ་གྱུར་གྱི་ཡོད་པ་རེད།

 

 

གྱོང་རྒུད་འཁྱེར་འདོད་མེད་མཁན་ནི་ཧ་ཅང་སྤྱང་གྲུང་འཛོམས་པ་ཞིག་ཡིན་ཡང་གཞན་ལ་ཁེ་ཕན་སྟེར་བ་དང་། གཉིས་ཕན་དང་སྐྱིད་སྡུག་མཉམ་མྱོང་དེ་བས་ཀྱང་བྱེད་མི་ཤེས་མཁན་ཞིག་ཡིན། དུས་ཚོད་རིང་དུ་སོང་ན་དེའི་མི་གཤིས་ཤེས་ཐུབ་ཅིང་། ས་ཐག་རིང་ན་རྟ་དེའི་ཤེད་ཤུགས་ཤེས་ཐུབ། ཅེས་པའི་དཔེ་ལྟར་དུས་ཚོད་ཅི་ཙམ་རིང་དུ་སོང་ན་རོགས་པ་ཚང་མས་ཁྱོད་ནི་མི་གང་འདྲ་ཞིག་ཡིན་མིན་ཤེས་འགྲོ་གི་རེད།

 

 

དེ་མིན་གྱོང་རྒུད་འཁྱེར་ཞིང་གཞན་ལ་ཁེ་བཟང་སྤྲོད་ཤེས་མཁན་ནི་གཞན་དང་མཉམ་འབྲེལ་གྱི་གོ་རིམ་ནང་གྲུབ་འབྲས་ཐོན་སྲིད། མིའི་སེམས་ནི་ཕན་ཚུན་དབར་གཅིག་ལ་གཅིག་བསྟུན་གྱིས་འཚོ་བཞིན་ཡོད་པས་ཁྱོད་ཀྱིས་སོ་སོས་གྱོང་འཁྱེར་ཐུབ་པ་དེས་གཞན་གྱིས་ཀྱང་ཁྱོད་ལ་ཁེ་བཟང་སྤྲོད་སྲིད་པས་རེད།

མི་གཞན་ལྐུགས་པའི་གྲལ་དུ་བཞག་མི་རུང་། དེ་བས་གཞན་ལ་མགོ་བསྐོར་གཏོང་རྒྱུ་དེ་ནི་ལས་སྟབས་བདེ་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་མེད། དེ་འདྲ་བྱས་ན་ཁྱོད་ནི་ཆེས་རྨོངས་པ་ཅན་ཞིག་རེད།

 

 

 

༥། སོ་སོར་དོ་དམ་མེད་མཁན།

དེང་གི་སྤྱི་ཚོགས་སུ་འཚོ་དགོས་ན་ལས་སྟབས་བདེ་ཞིག་མིན། མཐོང་སྣང་ལ་ཁྲ་ཁྲ་ཟིང་ཟིང་གི་གྲོང་ཁྱེར་ནང་སྣ་ཚོགས་ཀྱི་བསླུ་བྲིད་དང་གནོན་ཤུགས་ཀྱིས་ཁེངས་ཡོད།

མི་རྣམས་རྒྱུན་དུ་ལས་དོན་གྱི་གནོན་ཤུགས་དེས་བཤུ་བཞོག་ལྟ་བུ་ཐེབས་ནས་ལྷག་ཡོད་པ་རེད།

སྐབས་དེར་སོ་སོས་སྒེར་ལ་ནན་ཏན་བྱེད་དགོས་པ་དང་། དེ་བས་བདེ་ཐང་གི་འཚོ་བ་བསྐྱེལ་སྟངས་ཤིག་གདམ་དགོས་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཡིན།

 

 

ཟས་བཅུད་དྲོ་བ་སྣ་ལྔ་ཡིས་ཁྱོད་ཀྱི་ལྕེ་རྩེ་ཙམ་ལ་ཞིམ་པོ་ཡོང་སྲིད་ཀྱང་མཚོན་ལྔ་ཡིས་ཁྱོད་ཀྱི་མིང་རྒྱང་ལོང་བ་ལའང་གཏོང་སྲིད།

སོ་སོས་ནན་ཏན་མི་བྱེད་མཁན་གྱིས་ལྷོད་གཡེང་གཏོང་དྲག་ན་མཐར་སོ་སོའི་བདེ་ཐང་བརླགས་ཅིང་། ལས་དོན་སྒྲུབ་སའི་མ་རྩ་དེའང་བརླགས་པ་རེད།

 

 

བདེ་ཐང་བརླགས་ཚར་བའི་གང་ཟག་ཅིག་ལ་མཚོན་ན་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་རེད།

དེ་དག་ནི་ལས་དོན་ཐོག་དུས་རབས་ཀྱིས་གནས་དབྱུང་བཏང་ཟིན་པ་མ་ཟད། དེ་བས་ཆེས་རྨང་གཞིའམ་ཆེས་སྟབས་བདེའི་འཚོ་བའི་སྤྲོ་སྣང་ཡང་ཧ་ཅང་དཀའ་ཚེགས་ཅན་དུ་གྱུར་རྒྱུ་དང་། དེ་འདྲ་ཙམ་ནི་བསམ་ཡུལ་ལས་འདས་པའི་སྟོང་བསམ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད།

 

 

 

གང་མགྱོགས་ཐ་མག་གཅོད་རྒྱུ་དང་། ཨ་རག་འཐུང་མཚམས་ཞོགས། དུས་ཐོག་ངལ་གསོ་རྒྱུ་དང་དུས་ཐོག་ལུས་སྦྱོང་གང་མཚམས་བྱེད་དགོས་་་་་་དེ་མིན་ད་དུང་ཁྱོད་ཀྱིས་བྱ་དགོས་པའི་བྱ་བ་མང་པོ་མང་པོ་ལྷག་སྡོད་ཡོད་པ་རེད།

 

 

 

 

མ་རྩོམ་འབྲེལ་ཐག

http://www.sydneytoday.com/content-50001518476

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།