རྟ་ཐོག་གི་བུད་མེད། (་དམར་ཧྲེང་མ།) The lady on horseback 馬背上的夫人

images/stories/Gangkarsem/20_n.jpgརྟ་ཐོག་གི་བུད་མེད།

The lady on horseback

馬背上的夫人

ཁྱོད་ཀྱིས་པར་ནང་གི་རྟར་བཞོན་སྡོད་པའི་བུད་མེད་དེ་ཁོ་ན་མཐོང་བ་ལས་དེའི་རྒྱབ་ཀྱི་ལོ་རྒྱུས་མི་ཤེས། ( རྟ་ཐོག་གི་ལྕམ་སྐུ་གྷོ་ཊི་ཝ།)

༡༠༤༠ ལོར་ཨིན་ཇིའི་གྲོང་ཁྱེར་ཁཱོ་ཝན་ཁྲུའེ་ Coventry City ཡི་ནང་གོ་གནས་ལྡན་པའི་སྐུ་ཞབས་ལཱི་ཨོ་ཧྥི་ལི་ཁི་ Lioflik ཡིས་ལྕམ་གྷོ་ཊི་ཝ་མནའ་མར་བསུས། ལྕམ་གྷོ་ཊི་ཝ་ནི་ཧ་ཅང་མཛེས་མ་ཞིག་ཡིན་ཐོག་བག་ཚུགས་བརྗིད་ཉམས་དོད་པ་ཞིག་ཡིན་པར་ཚང་མས་མོ་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་མོ་རང་རྒྱུན་གཏན་ཧ་ཅང་སུན་སྣང་ཅན་ཞིག་ཡོད།

 

 སྐུ་ཞབས་ལཱི་ཨོ་ཧྥི་ལི་ཁིས་གནས་སྟངས་དེ་མཐོང་རྗེས་སོ་སོའི་སེམས་ཀྱང་སྡུག་དང་ངལ་བར་གྱུར། ཉིན་ཞིག་ཁོས་བཟོད་མ་ཐུབ་པར་ལྕམ་གྷོ་ཊི་ཝར་ཁྱོད་རང་འདི་ལྟར་དགའ་སྤྲོ་དང་བྲལ་ཞིང་སྐྱོ་མདོག་གནང་དགོས་དོན་ཅི་ཡིན་ནམ། འོ་ན་གཡོག་ལས་ཚོས་ཁྱེད་ལ་ཞབས་ཞུ་ཡག་པོ་སྒྲུབ་ཀྱི་མེད་པ་རེད་དམ། ཞེས་དྲིས་ཤོར།

 

 

ལྕམ་གྷོ་ཊི་ཝས་མགོ་བོ་ཕྲེད་གཡུག་ཙམ་གྱིས། འདིར་ཡོད་པའི་མི་དམངས་ཀྱི་ངོ་གདོང་ལ་ཁོང་ཁྲོ་དང་སྡུག་གིས་ཁེངས་ནས་འདུག་པས་ང་དགའ་སྤྲོ་ཡོང་ཐབས་ག་ནས་ཡོད་དམ། ཞེས་པར་སྐུ་ཞབས་ཁོང་ཁྲོ་དང་བཅས་ཁྱེད་ཀྱིས་མི་སེར་དཀྱུས་མ་ཚོའི་ཆེད་དུ་སེམས་མི་སྐྱིད་པ་ཆག་དོན་ཅི། དེ་འདྲ་ནི་ལུགས་སྲོལ་དང་འགལ་བ་རང་རེད། ཅེས་བཤད།

 

 

ལྕམ་གྷོ་ཊི་ཝས་ཧ་ཅང་སྐྱོ་སྣང་དང་བཅས་སྐུ་ཞབས་ལཱི་ཨོ་ཧྥི་ལི་ཁིར་རེ་འདུན་ཞུ་དོན་ལ། འོན་ཀྱང་ཁོ་ཚོ་ད་ནས་བཟུང་མུ་མཐུད་འཚོ་ཐབས་མེད་པ་ཆག་རྒྱུ་རེད་འདུག་ཨང་། ཁྱེད་ཀྱིས་ཁོ་ཚོའི་ཁྲལ་བསྡུ་ཏོག་ཙམ་ཉུང་དུ་གཏོང་ན་འགྲིག་གམ། ཞེས་དྲིས།

 

 

དོན་དངོས་ཐོག་དེའང་སྐུ་ཞབས་ནས་ཨིན་ཇིའི་དམག་མི་གཡུལ་སར་འགྲོ་ཕྱིར་རོགས་སྐྱོར་བྱ་ཆེད་དུ་མི་དམངས་ས་ནས་ཁྲལ་ཧ་ཅང་མང་པོ་བསྡུ་དགོས་པའི་བཀོད་རྒྱ་བཏང་ཡོད་པའི་རྐྱེན་གྱིས་མི་དམངས་རྣམས་སྡུག་གི་ངུ་ངག་གང་སར་ཁེངས་པ་ལྟར་གྱུར་ཡོད་པ་རེད། ཁྱོ་ཤུག་གཉིས་དོན་དག་དེའི་ཆེད་དུ་ཁ་རྩོད་ཤོར། སྐུ་ཞབས་ཀྱིས་ཧ་ཅང་མཁྲེགས་འཛིན་དང་བཅས། ང་ནི་ཕོ་བྲང་ནང་གནད་འགག་ཧ་ཅང་ཆེ་བའི་བློན་ཆེན་ཞིག་རེད། དེའང་ངས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྱེར་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད། ཅེས་བཤད།

 

 

ལྕམ་སྐུ་གྷོ་ཊི་ཝས་ཀྱང་དེ་མཚུངས་ཧ་ཅང་སྲ་བརྟེན་འགྱུར་མེད་ཀྱི་སྒོ་ནས་ཁྱེད་ཀྱིས་མི་མང་གི་ལུས་ཐོག་ནས་བཤུ་བཞོག་བྱས་བཞག་པ་དེ་དག་ནི་ཧ་ཅང་མང་པོ་རེད། ཐེངས་འདིར་ཁྱེད་ཀྱིས་ཁོ་ཚོར་གུ་ཡངས་གཏོང་རོགས་བགྱིས་དང་།

ཞེས་པར་སྐུ་ཞབས་ཤིན་ཏུ་ཁོང་ཁྲོ་དང་བཅས་བཤད་དོན། ཁོ་ཚོར་གུ་ཡངས་གཏོང་ན་འགྲིག་གི་རེད། དེས་ན་ཁྱེད་རང་ལུས་དམར་ཧྲིང་གིས་རྟ་ཐོག་བཞོན་ཏེ་ཁྲོམ་ལམ་དུ་ཐེངས་གཅིག་བསྐོར་ནས་སོང་ན་ངས་མི་མང་གི་ཁྲལ་བསྡུ་ཉུང་དུ་གཏོང་བའི་བཀོད་རྒྱ་ཁྱབ་བསྒྲག་བྱ་ཆོག ཅེས་བཤད།

 

 

ཕྱི་ཉིན་ཞོགས་པར་ལྕམ་གྷོ་ཊི་ཝས་དེ་སྔོན་བཤད་པ་ལྟར་གྱོན་གོས་ཕུད་དེ་དམར་ཧྲེང་ངེར་རྟ་ཐོག་བཞོན་ནས་ཕོ་བྲང་ནས་ཁ་བྲལ་ནས་སོང་བ་རེད། སྐུ་ཞབས་ནས་དེར་བཀག་འགོག་བྱ་དགོས་བསམ་ཡང་ཁ་དྲག་མ་ཕོད་པས་ཁོས་ཀྱང་རྟ་བཞོན་ནས་ལྕམ་གྱི་རྗེས་སུ་འབྲང་ནས་སོང་། ལྕམ་གྷོ་ཊི་ཝས་ལུས་དམར་ཧྲེང་མས་རྟ་བཞོན་ཏེ་ཁྲོམ་ལམ་དུ་བསྐོར་བ་ཆེན་པོ་ཐེངས་གཅིག་བྱས།

 

 

དེའང་མི་མང་ཡོངས་རྫོགས་དེ་སྔོན་ནས་གྲོས་བསྡུར་ཟིན་པ་ལྟར་ཐོག་མཐའ་བར་གསུམ་དུ་སྒོ་དང་སྒེའུ་ཁུང་བརྒྱབས་ནས་ཁྱིམ་དུ་བསྡད་ཡོད་པ་ལས་ཁྲོམ་ཆེ་ཆུང་གང་ཡང་རུང་བའི་དབུས་སུ་མི་གཅིག་གི་གྲིབ་མ་ཙམ་ཡང་མཐོང་མི་ཐུབ་ལ། མི་གཅིག་གིས་ཀྱང་གོ་སྐབས་བཟུང་ནས་མོ་ལ་ལྐོག་ནས་མིག་མདའ་འམ་ལྟ་མྱུར་བྱེད་མཁན་མེད་པ་རེད།

 

 

སྐུ་ཞབས་ལགས་ལྕམ་སྐུའི་བྱེད་སྟངས་དེར་ཧ་ཅང་སེམས་འགུལ་ཐེབས་ཅིང་ཁོའི་བཟའ་ཟླ་མའི་མདུན་དུ་སོང་ནས་དམ་དུ་འཐམ་བཞིན་ཁྱེད་ཀྱིས་མི་མང་དེ་ཚོའི་ཆེད་དུ་ཉེན་ཁར་འཛེམས་མེད་ཀྱིས་རོགས་ཕན་འཚོལ་བའི་དགོས་པ་གང་འདྲ་ཟེར་མཐོང་གི་ཡོད་དམ། ཞེས་དྲིས་པར་ལྕམ་སྐུའང་འཛུམ་མདངས་ཅུང་མངོན་བཞིན་གལ་ཏེ་ཁྱེད་ཀྱིས་གཞན་ལ་ཕན་རོགས་ངོ་མ་བྱེད་བསམ་ན། གཞན་གྱིས་ཁྱོད་ལ་ཕྱིར་དྲིན་ལན་ཅི་ལྟར་མཇལ་མིན་ལ་བསམ་བློ་གཏོང་དགོས་དོན་མེད། དེ་འདྲ་མ་རེད་དམ་ལགས། ཅེས་བཤད་པར་སྐུ་ཞབས་ཀྱིས་མགོ་བོ་འདེམས་བཞིན་དེ་མུར་གྲོང་ཁྱེར་ཡོངས་སུ་ཁྲལ་བསྡུ་ཆག་ཡངས་གཏོང་བའི་བཀོད་ཁྱབ་བཏང་ཡོད་པ་རེད།

 

 

ལོ་མང་རྗེས་སུ་ཨིན་ཇིའི་རི་མོ་བ་གྲགས་ཅན་ཅཱོ་ཧན་ཁི་ལི་འར་ John Collier གྱིས་གནས་ཚུལ་དེ་ཐོས་རྗེས་དེ་མུར་སྣུམ་མཚོན་རི་མོ་རྟ་ཐོག་གི་ལྕམ་གྷོ་ཊི་ཝ། ཞེས་པའི་རི་མོ་དེ་བྲིས། ཁོས་དོན་ངོ་མའི་ཡ་རབས་དང་བཟང་སྤྱོད་ནི་སེམས་ནང་ནས་ངས་གཞན་ཕན་ནམ་གཞན་ལ་རོགས་རམ་བྱེད་འོས་པ་དེ་གསལ་པོ་ཤེས་དུས་དཔའ་ངར་ལྡན་པའི་སྒོ་ནས་དེ་དོན་འཁྱོལ་བྱེད་རྒྱུ་དེ་རེད་ལ། དེ་མིན་ཕ་རོལ་པོས་དོན་དག་དེར་བརྟེན་ནས་ཁྱོད་ལ་བཀའ་དྲན་བསམ་ཤེས་ཡོང་མིན་སྐོར་བསམ་བློ་མང་པོར་གཏོང་རྒྱུ་དེ་མ་རེད། དེ་མིན་ཕ་རོལ་པོའི་བསམ་ཚུལ་སོགས་ཀྱིས་རྐྱེན་གྱིས་སོ་སོའི་ཐོག་མའི་སེམས་འདུན་ལ་འགྱུར་བཅོས་གཏོང་རྒྱུ་དེ་བས་ཀྱང་མིན། ཞེས་བཤད་ཡོད་པ་རེད།

 

 

དེང་གི་དུས་བར་རི་མོའམ་པར་གྲགས་ཅན་གྱི་སྣུམ་མཚོན་པར་རིས་འདི་ཁཱོ་ཝན་ཁྲུའེ་ཡི་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་ཡོད་ཅིང་། སྣུམ་མཚོན་པར་རིས་འདི་དང་ལྕམ་གྷོ་ཊི་ཝ་གཉིས་ནི་འགྲེམ་སྟོན་ཁང་འདིའི་རྩ་ཆེན་གྱི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

 

 

གཡོ་རྫུས་ཅི་ཙམ་ཚད་མཐོ་ཡང་དུས་ཚོད་ཀྱིས་གསལ་འབྱེད་བྱེད་ཅིང་དོན་དངོས་དང་ཉེན་ཁའི་མདུན་ལ་གསལ་པོ་ཆག་རྒྱུ་ཡིན།

 

 

བདེན་པ་དང་བྱང་སེམས་ལ་གཡོ་རྫུས་དགོས་དོན་མེད་ཅིང་གཡོ་རྫུས་ཀྱི་ཕྱི་ཤུན་དེ་བརྗེས་ནས་ཀྱང་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པ་ཞིག་ཡིན་སྲིད།

དྲང་པོའི་སེམས་ཀྱིས་གཞན་ཕན་སྒྲུབ་ན་གཞན་གྱི་སེམས་དྲང་པོ་དེའང་ཐོབ་སྲིད་ཅིང་དེ་བས་ཡིན་ལུགས་ཚུལ་ལྡན་གྱིས་མི་བཟང་པོ་ཞིག་བྱེད་རྒྱུ་དེ་ནི་མི་ཚེ་གཅིག་གིས་སྦྱོང་དགོས་པའི་སློབ་ཚན་ལྟ་བུ་ཞིག་རེད།

 

 

མ་རྩོམ་འབྲེལ་ཐག

 

https://kknews.cc/news/9m986x5.html

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།