ཨོ་གླིང་དུ་སྤྱི་ཁྱབ་ཀྱི་གུས་སྲོལ་སྐོར་དོ་སྣང་བྱེད་དགོས་པ་ག་རེ་ཡོད།

images/stories/45/000/Resized/222.jpgཨོ་གླིང་དུ་སྤྱི་ཁྱབ་ཀྱི་གུས་སྲོལ་སྐོར་དོ་སྣང་བྱེད་དགོས་པ་ག་རེ་ཡོད།

In Australia, What public etiquette should Be careful?

在澳洲該注意哪些公眾禮儀?

༡། ཁྲོམ་གཞུང་དུ་སྐད་ཆ་བཤད་དུས་གང་ཐུབ་སྐད་མགོ་དམའ་པོ་ཤོད་དགོས་ལ། ཚོར་བ་རྣོ་བའི་སྐབས་སུ་མཆི་མ་གང་སར་འཐོར་ནས་མ་བཤད། དེ་ནི་ཧ་ཅང་གུས་ཞབས་མེད་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་གྱི་ཡོད་པ་རེད།

 

༢། སྒོ་ཕྱེ་བའམ་བརྒྱབ་དུས་སོ་སོའི་རྒྱབ་ལ་མི་ཡོང་གི་ཡོད་མེད་ལྟ་དགོས། གལ་ཏེ་རྒན་འཁོག་དང་སྐྱོན་ཅན། ནད་པའམ་སྦྲུམས་མ་ཁྱོད་ཀྱི་རྒྱབ་ཏུ་ཡོད་ཚེ་དེ་དག་གི་ཆེད་དུ་སྒོ་ཕྱེ་རོགས་ཀྱིས་ཁོང་ཚོ་སྔོན་དུ་གཏོང་དགོས།

 

༣། སྤྱི་སྤྱོད་རླངས་འཁོར་དུ་ཟས་ཀྱི་རིགས་མ་ཟ། ཡང་ན་ཁའི་ནང་དྲི་མ་ཆེ་བའི་ཟས་རིགས་ཟོས་རྗེས་རླངས་འཁོར་དུ་མ་འགྲོ དྲི་ངན་ཡོད་པའི་ཅ་དངོས་རིགས་སྤྱི་སྤྱོད་རླངས་འཁོར་དུ་འཁྱེར་མི་དགོས།

 

 

༤། ཨོ་གླིང་དུ་གཞན་ལ་གང་བྱུང་ལག་པས་རེག་མི་ཆོག དཔེར་ན་ཛ་དྲག་གི་གནས་སྟངས་འབྱུང་ཚེ་ག་གེ་མོར་ཚེ་སྲོག་མྱུར་སྐྱོར་མཁོ་བའམ། གལ་ཏེ་མྱུར་སྐྱོར་དགོས་ཡུལ་དེ་ད་དུང་དྲན་པ་ཡོད་ཚེ་ངས་ཁྱེད་ལ་རོགས་པ་བྱེད་ན་འགྲིག་གམ་ཞེས་དྲིས་རྗེས་ཕ་རོལ་པོས་མོས་མཐུན་བྱུང་རྗེས་གཞི་ནས་རེག་དགོས། ཁྲོམ་ལམ་དུ་ཕྲུ་གུ་ཡིད་དུ་འོང་བ་དེ་འདྲ་མཐོང་ཚེ་འཛུམ་གྱིས་བལྟས་ན་ཆོག་མོད་ཀྱང་དུས་ཡུན་རིང་པོར་བལྟས་ནས་མ་སྡོད། ད་དུང་ཕྲུ་གུའི་མགོ་བོར་རེག་བརྩིས་མ་བྱེད།

 

༥། ཨོ་གླིང་མིས་མིའི་དབར་དཔག་ཚད་བཞག་སྟེ་གུས་ལུགས་བརྩི་སྲུང་ཅུང་ཆེན་པོ་རེད། བང་བསྒྲིག་དུས་ཀྱང་མདུན་གྱི་མིའི་དབར་དཔག་ཚད་ཙམ་བཞག་དགོས་པ་དང་། ངོ་ཐུག་ནས་སྐད་ཆ་བཤད་དུས་ཀྱང་བར་ཚད་ངེས་ཅན་བཞག་ནས་བྱེད་དགོས།

 

༦། འདུ་འཛོམས་ཆེན་མོའི་སྐབས་སུ་རྐུབ་སྟེགས་དང་སྒྲོག་ཙེ་འདྲ་འཁྱེར་ན་ལེགས། གལ་ཏེ་མི་མང་པོ་འདུག་ན་ཚང་མས་སྤྱོད་བཞིན་པའི་མདུན་ཅོག་བེད་སྤྱོད་མ་བྱེད་ན་བཟང་། གལ་ཏེ་དེ་འདྲ་བྱས་ན་གཞན་གྱིས་བེད་སྤྱོད་བྱེད་མི་ཐུབ། ངས་མགོ་སེར་མང་པོས་ལྡུམ་ར་སོགས་སུ་འདུ་འཛོམས་སྤྲོ་ཚོགས་འདུས་སྐབས་སོ་སོའི་ཉི་གདུག་དང་མདུན་ཅོག རྐུབ་སྟེགས་བཅས་དང་། ད་དུང་མེ་ཐབ་ཀྱང་སོ་སོས་འཁྱེར་ནས་ཡོད་པ་མཐོང་སོང་།

 

༧། རྒྱ་སྐད་མི་ཤེས་མཁན་གྱི་མདུན་ནས་གཞན་དང་རྒྱ་སྐད་མ་བཤད། གནས་སྟངས་དེ་ནི་གཞན་དེ་བཙོང་བརྩིས་ཀྱི་ལྐོག་ཇུས་གཤམ་གྱི་ཡོད་པའི་ཟོལ་འདྲ་མཐོང་སྲིད།

༨། འགྲོ་ལམ་དང་ཡང་ན་གློག་གི་སྐས་འཛེགས་ཐོག་འགྲོ་དུས་གཡོན་ཕྱོགས་སུ་ལང་ནས་ཛ་དྲག་གི་མདུན་དུ་འགྲོ་མཁན་ཚོར་གཡས་ཕྱོགས་སུ་ལམ་སྤྲོད་དགོས།

 

༩། སྤྱི་སྤྱོད་རླངས་འཁོར་ནང་སྡོད་དུས་རྐང་པ་གཅིག་ཐོག་གཉིས་བརྩེགས་ཀྱིས་མ་བསྡད་ན་བཟང་། དམིགས་བསལ་དུ་འགྲུལ་པ་ཧ་ཅང་མང་བའི་སྐབས་དེ་འདྲ་མ་བྱེད།

༡༠། སྤྱི་སྤྱོད་རླངས་འཁོར་ཐོག་ཧ་ཆིས་རྒྱག་དུས་ལག་པས་ཁ་བཀབ་དགོས། དེ་འདྲ་མ་བྱས་ཚེ་གཞན་གྱིས་ཁྱོད་ཀྱི་ནད་ཡམ་གཞན་ལ་འགོས་དོགས་ཀྱི་ངོས་འཛིན་གྱི་རེད།

 

༡༡། ཀིག་ཟེར་ནས་སྐད་རྒྱག་པའམ་སྟུག་དྲི་གཏོང་དུས་ཀྱང་སྒྲ་ཤོར་ནའང་མི་ལེགས། གལ་ཏེ་གཟབ་གཟབ་མ་བྱས་པར་དེ་འདྲ་ཤོར་ན་ངེས་པར་དུ་དེར་དགོངས་དག་ཞུ་དགོས།

༡༢། ཕྲུ་གུའི་རྩེད་ཆས་ཕུད། སུ་གཅིག་གིས་ས་ལ་ཁ་ལུད་གཡུག་པའམ་འགྱིག་བྱི་རིལ་གཡུག་གི་མེད། མི་རྒན་པ་མང་ཆེར་གྱིས་མིད་ཆོག་པའི་འགྱིག་བྱི་རུལ་ཟ་གི་མེད་འགྲོ དེའི་སྐོར་མ་བཤད་ནའང་འགྲིག་པ་སྙམ།

 

༡༣། ཁྱོད་ནི་ཤེས་འདོད་ཆེ་བའི་མི་ཞིག་ཡིན་སྟབས་དུས་ཚོད་དམ་འཛིན་གྱིས་མེ་འཁོར་དུ་དེབ་ཀློག་ན་ལོས་འགྲིག འོན་ཀྱང་དེའི་ཆེད་དུ་སྒེར་གཅིག་པུར་གྱིས་རྐུབ་སྟེགས་ཀྱི་རྒྱབ་གཉེར་ཡོངས་སུ་བཀག་མ་བསྡད། དེ་འདྲ་བྱས་ནས་འགྲུལ་པ་གཞན་གཡས་ཕྱོགས་གཡོན་ཟུར་གྱིས་རྒྱབ་གཉེར་འཇུ་ས་མེད་པ་ཆག་གི་རེད། དེའང་གཞན་འགྲུལ་པ་ཚང་མ་རྒྱབ་གཟེར་དེར་བསྐོར་ནས་ལང་སྡོད་ཡོད་པ་ཤེས་པར་བྱོས།

 

 

༡༤། གལ་ཏེ་ལམ་དུ་འགྲོ་དུས་ཕ་རོལ་པོའི་ལམ་ཁ་བཀག་ཤོར་སོང་ན་དེར་དགོངས་དག་ཞུ་དགོས།

༡༥། ཅ་དངོས་ཉོས་ཏེ་ལག་དངུལ་སྤྲོད་དགོས་ན་དངུལ་ལེན་མཁན་གྱི་ཞབས་ཞུ་བའི་ལག་ཏུ་འཇོག་དགོས་པ་ལས། ཕ་རོལ་པོའི་མདུན་ཅོག་ཐོག་བཞག་རྒྱུ་མེད།

 

༡༦། གལ་ཏེ་ཞབས་ཞུ་བས་ཁྱོད་ཀྱི་བསམ་འཆར་ལ་ཉན་ཞིང་རོགས་རམ་ཁག་ཅིག་དགོས་མིན་འདྲི་སྐབས་དགོས་ན་དགོས་དང་། དེའི་རྗེས་སུ་ཐུགས་རྗེ་ཆེ་ YES PLEASE ཞེས་ཞུ་དགོས་ལ། མི་དགོས་ནའང་དེ་བཞིན་མི་དགོས་ཞུས་རྗེས་ཚིག་མཇུག་ཏུ་ཐུགས་རྗེ་ཆེ་ NO THANKS ཞུ་དགོས།

 

༡༧། གལ་ཏེ་ལམ་འགྲོ་བས་ཁྱོད་ལ་ཁ་ཡ་བྱེད་ཅིང་འཛུམ་སྟོན་ཚེ་དེར་ཡ་མཚན་ཁྱོན་ནས་སྐྱེ་མི་དགོས་པར་ཕ་རོལ་པོ་དང་གཅིག་མཚུངས་ཀྱི་རྣམ་འགྱུར་གྱིས་ལན་འདེབས་དགོས།

༡༨། བུད་མེད་རྣམས་ལ་གཞན་ལས་གོང་བཀུར་ཞུ་ཕྱོགས་ཀྱི་ཐད། བུད་མེད་ཚོ་གལ་ཏེ་སྐྱེད་པ་དང་མཉམ་དུ་འགྲོ་དུས་ཕ་རོལ་པོས་ཁྱོད་ཀྱི་ཆེད་དུ་སྒོ་ཕྱེ་རོགས་བྱེད་པར་སྒུག་དགོས་པ་ལས་སོ་སོས་ཕྱེ་དགོས་མ་རེད།

 

 

༡༩། གང་ལྟར་གཞན་ལ་བསྟོད་ར་གཏོང་བའི་སྐད་ཆ་མང་ཙམ་བཤད་ན་ཡག་པོ་རེད། ཕ་རོལ་པོས་ཀྱང་ཁྱོད་ལ་བསྟོད་ར་གཏོང་དུས་ངེས་པར་དུ་དེར་ཐུགས་རྗེ་ཆེ་ཞེས་ཞུ་དགོས།

༢༠། ལས་དོན་སྒྲུབ་སྐབས་ལྐོག་རྔན་སྤྲོད་ལེན་གྱི་བྱ་སྤྱོད་བྱུང་རྗེས་འཛིན་བཟུང་བྱས་ཚེ་ཁྱོད་ཀྱི་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད་པ་མ་ཚད། ཨོ་གླིང་སྲིད་གཞུང་ནི་འཛམ་གླིང་འདིའི་ཐོག་ཆེས་ཁྲིམས་གཙང་ལུགས་མཐུན་གྱི་སྲིད་གཞུང་གྲལ་ཡིན་པས། གོང་གི་བྱ་སྤྱོད་ལ་ཐེར་འདོན་བརྒྱ་ཆ་བརྒྱ་ཐམ་པ་བྱེད་མཁན་ཡོད་ལ་རྒྱུན་དུ་དོན་དག་བྱུང་རྗེས་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་རྒྱུན་དུ་ཐོན་བཞིན་ཡོད་པ་ཡིན།

 

༢༡། ཁྲིམས་འགལ་ལུགས་འགལ་གྱི་ཚོགས་པ་འགས་ཁྱོད་ལ་བཤུ་གཞོག་བྱས་པའི་བྱ་བའི་རིགས་ལ་ངེས་པར་དུ་ཐེར་འདོན་བྱེད་དགོས་ཤིང་། ཁྲིམས་ལུགས་བརྩི་སྲུང་བྱེད་མཁན་གྱི་ཡུལ་མི་བཟང་པོ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད།

༢༢། གྲོགས་པོ་འཛོམས་དུས་གོ་རིམ་བཞིན་དངུལ་སྤྲོད་རས་དང་ཁག་བགོས་ནས་སྤྲོད་ཀྱི་རེད།

༢༣། སྤྱི་བཏང་གི་གླིང་ཁ་གཏོང་སར་གདན་ཞུས་འབྱོར་ན་རྦིས་རག་བཅས་འཁྱེར་ནས་ཐུགས་རྗེ་ལེགས་གསོལ་མཚོན་ཐབས་བྱེད་ཆོག་ཅིང་། སྦྱིན་བདག་ལ་ཟས་རིགས་ད་དུང་ག་རེ་འཁྱེར་དགོས་མིན། རོགས་པ་ག་རེ་དགོས་མཁོ་ཡོད་མེད་བཅས་དྲིས་ནའང་འཐུས།

 

 

༢༤། མཚན་ཚོགས་སུ་བཞུགས་དུས་ཨ་རག་དམར་པོ་སྤུས་དག་རིགས་དང་མངར་ཟས། དེ་བཞིན་མེ་ཏོག་བཅས་འཁྱེར་ན་འགྲིག

༢༥། གལ་ཏེ་མགྲོན་བརྡ་ཡི་གེའི་ནང་གསལ་བའམ་སྦྱིན་བདག་གི་རེ་འདུན་དངོས་སུ་བཏོན་པའམ། ཚོང་དོན་གོ་བསྡུར་སྐབས་གྱོན་ཆས་སྤུས་གཙང་གྱོན་དགོས་པ་ལས། གཞན་སྤྱི་བཏང་གི་ཆས་གྱོན་ན་འགྲིག་གི་ཡོད།

 

 

༢༦། གཞན་ལ་འཚམ་འདྲིར་མ་བཅར་གོང་གོ་བསྡུར་དགོས། ལས་འགུལ་དེའི་རིགས་ལ་དུས་ཐོག་བཅར་དགོས། གླིང་ཁའི་སྤྲོ་སྐྱིད་གཏོང་དུས་སམ་ཡང་ན་སྤྱི་བཏང་བའི་འདུ་འཛོམས་དུས་སྐར་མ་བཅོ་ལྔ་ལས་ལྷག་པའི་རྗེས་ལུས་མ་ཐེབས་ན་བཟང་།

༢༧། དངུལ་ཁང་དང་དངུལ་ལེན་འཁྲུལ་ཆས། དེ་བཞིན་ཁྲོམ་ཚོམ་དང་རླངས་འཁོར་འབབ་ཚིགས་བཅས་སར་བང་ལྟར་བསྒྲིག་དགོས་པ་མ་ཟད། གཞན་གྱི་དབར་དཔག་ཚད་ངེས་ཅན་འཇོག་དགོས།

 

༢༨། ཨོ་གླིང་གི་གདོན་མའི་མི་རྣམས་ཅུང་གུ་དོགས་པོ་ཡོད་པས་མང་པོ་ཡུལ་བསྐོར་བས་པར་ལེན་པར་དདགའ་པོ་དེ་ཙམ་མེད་པ་རེད།

༢༩། སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་སོགས་དང་ཚོང་ར། ཡང་ན་སྤྱི་ཁྱབ་ཀྱི་ཁང་པའི་ནང་ལ་ཐ་མག་འཐེན་ཆོག་གི་མེད་པ་རེད།

༣༠། ཨོ་གླིང་དུ་གད་སྙིགས་རིགས་ཁག་བགོས་ཀྱིས་ཉར་ཚགས་དགོས། གད་སྙིགས་དབྱེ་བ་འབྱེད་དེ་ཁག་སོ་སོར་བླུགས་དགོས་པ་རེད།

 

༣༡། ཨོ་གླིང་དུ་ཞབས་ཞུའི་རིགས་ཀྱི་ལས་བྱ་བའི་ཡོངས་འབབ་ནི་གཞན་གྱིས་ལེགས་གསོལ་ཚུལ་གྱི་སྦྱིན་པ་ཉུང་ཤོས་ལ་བརྟེན་མི་དགོས་ལ། དེའང་དགོས་ངེས་ཀྱི་རིགས་མིན། གལ་ཏེ་ཞབས་ཞུ་བས་ཁྱོད་ལ་རོགས་རམ་འཐོལ་པ་བྱས་ཚེ་དེའི་ཚོད་ཀྱིས་ལག་རྟགས་ཚུལ་གྱི་སྦྱིན་པ་ཉུང་ཙམ་རིགས་ལེན་ནའང་འགྲིག

 

༣༢། རྒྱུ་ནོར་དཔལ་འབྱོར་དང་གོ་ས་ལ་མ་ལྟོས་པར་ཨོ་གླིང་ས་ཁུལ་རང་གི་མི་རྣམས་ནས་གཞན་ལ་འདྲ་མཉམ་གྱི་ལྟ་བ་འཛིན་གྱི་ཡོད། དཔེར་ན་སྤྱི་བཏང་ཆ་ནས་གཞན་གྱི་མིང་ནས་འབོད་ན་ཨ་རོགས།Mate ཅེས་འབོད་པ་ལས་སྐུ་ཞབས་ལགས་དང་ལྕམ་ལགས་སོགས་ཀྱི་གུས་ལུགས་འབོད་སྲོལ་མེད། ཨོ་གླིང་མི་རྣམས་སྤྱིའི་ཆ་ནས་ཁ་སངས་གཏིང་སངས་ཀྱིས་ཁ་བརྡ་བྱེད་ཅིང་། ད་དུང་རྩེད་མཚར་དང་སོ་སོར་འཕྱ་དམོད་ཀྱང་བྱེད་དགའ་པོ་ཡོད་པ་རེད། གལ་ཡོད་མ་རེད། No worriesཅེས་པ་ནི་རྒྱུན་དུ་ཨོ་གླིང་མི་རྣམས་ཀྱི་ཁ་ནས་ཐོན་བཞིན་པའི་ཚིག་བརྗོད་ཅིག་རེད།

 

 

མ་ཡིག་འབྲེལ་ཐག

http://z9x9.com/archives/261257

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།