ཕྲུ་གུར་འཇིགས་སྣང་གི་གསར་འགྱུར་སྐོར་ཇི་ལྟར་བཤད་དགོས།

images/stories/45/ffffffff.pngHow to talk about terror news with your child

如何与孩子谈论恐怖新闻

ཁྱོད་ཀྱིས་ཨིན་ཇིའི་མཱན་ཆེ་ཟི་ཁྲལ་Manchester གྱི་འབར་གས་གྱོན་དོན་སྐོར་དྲན་གྱི་འདུག་གམ། མི་རྒན་པར་མཚོན་ན་འདི་ལྟ་བུའི་གསར་འགྱུར་འཇིགས་སྐྲག་དང་སེམས་འཚབ་དགོས་པ་ནི་བཤད་མ་དགོས་པ་ཡིན། ཕྲུ་གུ་ལ་ནི་དེ་བས་བཤད་ག་ལ་དགོས། འདི་ནི་འཇིགས་སྐྲག་གི་གློག་བརྙན་བལྟས་པ་ལས་འཇིགས་སྣང་ཚ་བ་ཞིག་ཡིན་སྲིད།

ཕ་མ་ཚོས་ཉིན་བདུན་རེ་རེའི་ཆུ་ཚོད་ ༢༤ ཡི་ནང་ཕྲུ་གུ་སྲུང་སྐྱོབ་ཀྱིས་ཁོ་ཚོར་འཇིགས་སྣང་གི་རྡུང་རྡེག་མི་ཕོག་པ་ཡོང་ཐབས་བྲལ་ཡོད། འོན་ཀྱང་ཕ་མས་ཕྲུ་གུ་ཚོས་གསར་འགྱུར་འདི་དག་འཕྲད་དུས་བྱ་ཐབས་ཇི་ལྟར་སྤེལ་མིན་ནམ་དེ་ཐག་གཅོད་དང་ངོས་འཛིན་གང་འདྲ་ཡོང་ཐབས་ཐུབ་དགོས་སམ།

 

 

དེ་སྔོན་ཨིན་ཇི་ཨ་རི་ན་གྷ་རན་ Ariana Grande དེའི་གླུ་གཞས་དགོང་ཚོགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ་དེ་ནི་དཔེ་མཚོན་ཡག་པོ་ཞིག་རེད། དོན་རྐྱེན་འདི་དག་ནི་གསར་ལམ་དང་བརྙན་འཕྲིན་ཁག་གི་གཙོ་བོ་སྤེལ་ཐབས་བྱེད་སའི་བརྗོད་གཞི་མངོན་མཚན་ཅན་ཆགས་ཤིང་། གློག་བརྙན་དང་རླུང་འཕྲིན། དྲ་ལམ་དང་ཚགས་དེབ་ཐོག་སྤེལ་གང་ཐུབ་བྱེད་ཀྱི་ཡོད། ཁྱོད་ཀྱི་གསར་ལམ་གང་འདྲ་ཞིག་བེད་སྤྱོད་མིན་ལ་མ་ལྟོས་པར་གསར་འགྱུར་འདི་འདྲ་མཐོང་ཐོས་ཐུབ་པར་གཡོལ་ཐབས་མེད་པ་ཞིག་རེད། མང་ཉུང་ལ་མ་ལྟོས་པར་ཕྲུ་གུའམ་བྱིས་པ་ཚོས་ཀྱང་རླངས་འཁོར་དང་ཡང་ན་མི་རྒན་པའི་དབར་གྱི་ཁ་བརྡ་ནས་གསར་འགྱུར་འདི་འདྲ་ཐོས་ཐུབ་ཀྱི་ཡོད་པ་རེད།

 

 

ཡིན་ཡང་ཁྱིམ་ཚང་གི་ཕ་མ་ཚོས་ཕྲུ་གུས་གསར་འགྱུར་འདི་ལྟ་བུར་ཤེས་རྟོགས་ཀྱི་ཚད་གཞི་གང་འདྲ་དགོས་མིན་བསམ་བློ་གཏོང་སྲིད་དམ།

ཨོ་གླིང་གི་བྱིས་པ་ཚོ་དང་གསར་འགྱུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ། དེ་བཞིན་སེམས་ཁམས་རིག་པའི་མཁས་དབང་རཱིས་ཏ་ཡིས་ Rita Princi དེ་ནི་ཕྲུ་གུའི་ལོ་ཚད་དང་འཚར་ལོང་གི་དུས་རིམ་ལ་རག་ལོས་ཚུལ་ངོས་འཛིན་བྱས་འདུག གང་ཡིན་ཟེར་ན། བྱིས་པས་གསར་འགྱུར་དེ་ལ་ཐག་གཅོད་ཀྱི་ནུས་པ་དེ་ལོ་ཚད་ལ་དཔག་པས་འཕར་སྣོན་དང་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས་རེད།

 

 

ཤེས་རྟོགས་འབྱུང་སྐབས་གཞི་ནས་ཁོ་ཚོར་བཤད་དགོས།

 

 

རཱ་ཏ་ཡིས་ཕྲུ་གུ་འདི་འདྲ་ཞིག་རང་ལོ་ ༡༢ ཟིན་པ་ཞིག་ཡིན་ཡང་ཁོས་ཉེ་སྔོན་བྱུང་བའི་འབར་གས་གཏོར་བཅོམས་ཀྱི་འཇིགས་བསྐུལ་གསར་འགྱུར་འདི་ལྟ་བུ་ཤེས་རྟོགས་མེད་ན་དེ་དག་ལ་བཤད་མི་དགོས། ཅེས་དང་། མོས་ཁོ་ཚོས་ཤེས་དགོས་པ་མ་རེད། ཕྲུ་གུ་ཚོས་གསར་འགྱུར་འདི་ལྟ་བུ་ཤེས་སོང་ནའང་ཕན་ཐོག་ཅི་ཞིག་ཡོད་དམ། ཞེས་བཤད་ཡོད། དེའི་ལན་ནི་ཕན་ཐོག་གང་ཡང་མེད་པ་དེ་རེད། དེས་ཕྲུ་གུར་དགོས་མེད་ཀྱི་འཚུབ་ཆ་དང་བདེ་འཇགས་མེད་པའི་ཚོར་བ་ཞིག་སྦྱིན་སྲིད་པས་ཀྱང་རེད།

 

 

རཱ་ཏས་ལོ་ ༡༢ མན་གྱི་བྱིས་པས་གནས་ཚུལ་ལ་ལྟ་སྟངས་འཛིན་སྟངས་ནི་དཀར་པོའམ་བཟང་པོ་ཞིག་མིན་དེ་ནི་ནག་པོའམ་ངན་པ་ཡིན་པར་ངོས་འཛིན་བྱེད་སྟངས་འདི་གཉིས་རེད། ཁོ་ཚོས་མེ་མདས་བསད་རྨས་དང་དམར་གསོད། དེ་བས་རང་བྱུང་ཁམས་ཀྱི་གོད་ཆགས། དུས་བསྟུན་གྱི་བྱུང་བའི་གནས་ཚུལ། ཡང་ན་སོ་སོ་དང་ས་ཐག་རིང་སར་བྱུང་ཞིང་མཐོང་དཀོན་པའི་གནས་ཚུལ་དག་ལ་ངོ་འཛིན་བྱེད་ཁག་པོ་རེད། ཅེས་བཤད།

 

 

ལྟ་བ་འདི་ལ་ཨ་རིའི་སློབ་གསོ་རིག་པའི་སློབ་དཔོན་གྱིས་ཀྱང་གཅིག་མཚུངས་ཀྱི་ངོས་འཛིན་ཐོབ་ཡོད་དེ། གཡུལ་འཐབ་ཀྱི་དཀའ་གནས། ཁྱིམ་མི་དང་དགེ་རྒན་ཚང་མས་ཤེས་དགོས་ངེས་ཀྱི་གནས་ཚུལ། ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཏཱེན་ལི་ཝན་ Diane Levin གྱིས། བྱིས་པས་གསར་འགྱུར་ལ་ལྟ་སྟངས་ཕྱོགས་དེ་ནི་མི་རྒན་པའི་ལྟ་སྟངས་དབར་ཧ་ཅང་མི་འདྲ་བ་ཡིན། བྱིས་པར་མཚོན་ན་གསར་འགྱུར་ནི་སྐྱོ་གར་གྱི་དོན་རྐྱེན་དང་ཡང་ན་གོད་ཆགས་ཙམ་ཡིན་པ་མ་ཚད། ཁོ་ཚོས་དེ་ནི་ཁོ་ཚོའི་འཚོ་བ་ཡོངས་རྫོགས་ལ་ངོས་འཛིན་བྱེད། ཅེས་དང་། ཡང་མོས་བྱིས་པས་སྒེར་གྱི་ཕྱོགས་ནས་གསར་འགྱུར་དོན་རྐྱེན་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དཔེར་ན། ཕྲུ་གུ་ཆུང་ཆུང་གིས་ཉེས་པ་བསགས་པ་དང་འབར་རྫས་གས་གཏོར། རླུང་དམར་བཅས་སྐོར་གྱི་གསར་འགྱུར་ཐོས་སྐབས་ཁོ་ཚོས་སོ་སོའི་བདེ་འཇགས་ལ་སེམས་འཁུར་བྱེད་སྲིདཔ་རེད།

 

གང་ཡིན་ཟེར་ན། ཕྲུ་གུ་ཆུང་ཆུང་གིས་ལས་རྒྱུ་འབྲས་དབར་གྱི་འབྲེལ་བ་དང་། དེ་བཞིན་དེའི་ཧེ་བག་གི་བརྗོད་བྱ་དེ་དག་འཐུས་ཚང་བ་ཞིག་ཤེས་ཀྱི་མེད་པས་རེད། བྱིས་པ་ཕྲུ་གུ་ཚོར་མཚོན་ན་མིག་སྔར་གྱི་ཉེན་ཁ་དང་ས་ཐག་རིང་སའི་ཉེན་ཁའི་དབར་ཁྱད་པར་ཕྱེ་ཁག་པོ་ཡིན་པ་རེད། སྐབས་དེར་ཁྱིམ་མིས་ཕྲུ་གུ་ཚོར་བདེ་འཇགས་ཀྱི་ཚོར་བ་ཡོང་ཐུབ་པ་བྱེད་དགོས། ཅེས་བཤད།

 

དེའི་སྐོར་མཁས་དབང་གི་བསམ་འཆར།

 

 

 

ཞིབ་འཇུག་བྱས་པ་ལྟར་ན། བྱིས་པས་ ༩།༡༡།  ཅེས་འབོད་པའི་ཨ་རིའི་ཁང་ཆེན་གས་གཏོར་གོད་ཆགས་ཀྱི་དོན་རྐྱེན་སྙན་སེང་ཞུ་སྐབས་སེམས་འཚབ་དང་རྔང་སྐྲག་གི་གནས་ཚུལ་ཡོང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད། དེ་ནི་བྱིས་པས་མི་རྒན་པ་ཚོའང་དེ་ལྟར་འཇིགས་སྐྲག་བྱེད་བཞིན་པར་ཚོར་ཞིང་། སྐྱོ་གར་གྱི་གསར་འགྱུར་འདིའི་རིགས་ཡང་ནས་བསྐྱར་དུ་མིག་སྟོན་ནམ་བརྒྱུད་བསྒྲགས་བྱེད་བཞིན་པའི་རྐྱེན་གྱིས་ཀྱང་རེད། སྤྱི་བཏང་གི་དུས་སུ་བྱིས་པས་མི་རྒན་པས་ཁོ་ཚོའི་བདེ་འཇགས་ལ་འགན་སྲུང་ཡོང་བའི་རེ་བ་འཆང་བཞིན་པ་མ་ཟད། ཁོ་ཚོས་ཁྱིམ་གྱི་མི་རྒན་པ་ཚོའི་སེམས་འཚབ་དེ་དག་ལས་སྟབས་བདེའི་སྒོ་ནས་ཤེས་རྟོགས་ཐུབ་པས་རེད།

 

 

ཞིབ་འཇུག་བྱས་པའི་གྲུབ་དོན་མང་པོའི་ནང་ལའང་བྱིས་པ་ཁག་ཅིག་དང་གཞོན་ནུ་གཉིས་ནས་གསར་འགྱུར་ནས་མཐོང་བའམ་ཐོས་པའི་ནང་དོན་ལ་ལས་སྟབས་བདེའི་སྒོ་ནས་ལད་ཟློས་བྱེད་ཀྱི་ཡོད་པ་དང་། དེས་ལད་ཟློས་ཀྱི་གནས་ཚུལ་དེ་དུས་ཡུན་རིང་པོའི་ནང་འཇིགས་བསྐུལ་གྱི་ཁོར་ཡུག་འོག་མཐོང་ཆོག་ཆོག་ཡིན་པའི་དབང་གིས་འཇིགས་སྣང་དང་ཚོར་སྣང་ཡང་ཆུང་དུ་འགྲོ་རྒྱུ།  དེ་བས་ཕྲུ་གུ་འགའ་རེས་དེ་དག་བརྒྱུད་དེ་གཞན་ལ་བཙན་འཛུལ་དང་དྲག་པོའི་བྱ་སྤྱོད་ཀྱང་སྤེལ་སྲིད་པ་ཞིག་རེད།

 

 

ཁྱིམ་བདག་ཚོར་བསམ་འཆར།

 

 

དེའི་སྐོར་ལོ་ཚད་མི་འདྲ་བའམ་འཚར་ལོང་གི་གོ་རིམ་མི་འདྲ་བའི་ཕྲུ་གུར་ཐབས་ལམ་མི་འདྲ་བ་སྟོན་དགོས།

ལྷོ་ཨོ་གླིང་གི་ཁྱིམ་བདག་དང་བྱིས་པ་བདེ་ཐང་ལྷན་ཚོགས་ཀྱིས་དེའི་སྐོར་དྲ་རྒྱ་ནས་རྩོམ་སྤེལ་དོན་ལྟར་ན། ཕ་མ་དང་ཁྱིམ་བདག་ཚོས་ཕྲུ་གུར་སྐྱོ་གནས་ཀྱི་གསར་འགྱུར་དང་གྱོན་དོན་སྐོར་ཇི་ལྟར་གླེང་དགོས་མིན་སྐོར་གཤམ་གསལ་བསམ་འཆར་མཁོ་སྤྲོད་བྱས་ཡོད་པ་རེད།

 

 

སློབ་གྲྭར་མ་སོང་བའི་ཕྲུ་གུ།

 

 

གློག་བརྙན་གྱི་གསར་འགྱུར་འདིའི་རིགས་སློབ་གྲྭར་སོང་མེད་པའི་ཕྲུ་གུར་ཚོར་ལྟ་བཅུག་རྒྱུ་མེད། ལྷིང་འཇགས་སྒོ་ནས་ཕྲུ་གུ་ཚོའི་ཚོར་བར་ཉན་ཞིང་། དེ་དག་གི་ལུས་སེམས་གཉིས་ལ་གནོན་ཤུགས་སྤྲོད་མི་རུང་ལ་ཁོ་ཚོས་སྐབས་དེའི་སོ་སོའི་ཚོར་བ་ལྷོད་ལྷོད་བཤད་བཅུག་དགོས།

 

ཕྲུ་གུ་ཚོར་དོན་རྐྱེན་དེ་དག་ནི་ས་ཐག་ཧ་ཅང་རིང་བའི་རྒྱལ་ཁབ་ཏུ་བྱུང་ཚུལ་བཤད་དགོས་པ་དང་དེའང་དོན་དངོས་ཡིན་དགོས། དེ་འདྲའི་སྒོ་ནས་ཕྲུ་གུ་ཚོའི་སེམས་ལྷིང་འཇགས་དང་ཁོ་ཚོ་བདེ་འཇགས་ཡིན་པའི་སྐོར་འགྲེལ་བརྗོད་བྱེད་པའི་ཐོག་ནས་ཁོ་ཚོའི་ལུས་སེམས་གཉིས་ལ་ལྷིང་འཇགས་སྐྲུན་དགོས།

 

 

སློབ་ཞུགས་ཀྱི་བྱིས་པ།

 

ཕྲུ་གུར་གློག་བརྙན་མང་པོ་ལྟ་བཅུག་རྒྱུ་མེད། གློག་བརྙན་གྱི་རི་མོའི་ཤུགས་རྐྱེན་དང་གསར་འགྱུར་སྤེལ་བའི་ཞིབ་གནས་ཀྱིས་ཕྲུ་གུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད། ཁྱོད་ཀྱིས་ཡང་ནས་བསྐྱར་དུ་ཕྲུ་གུས་བཏོན་པའི་དྲི་བར་ལན་འདེབས་བྱེད་དགོས་པའང་སྲིད། དེ་ནི་ཕྲུ་གུས་གནས་སྟངས་ཡོངས་འཐུས་ཚང་ཤེས་རྟོགས་ཡོང་ཆེད་རེད། དེ་བས་ཁྱིམ་བདག་གིས་ཁོ་ཚོར་གནས་ཚུལ་གང་མང་མཁོ་འདོན་བྱེད་རྒྱུ་དེ་རེད། འོན་ཀྱང་དགོས་མེད་དམ་མི་ལ་འཇིགས་སྣང་སྐྱེ་སྲིད་པའི་ནང་དོན་ཞིབ་ཕྲ་དག་ལ་གཡོལ་གང་ཐུབ་དགོས།  

 

ཕྲུ་གུས་སོ་སོའི་ཚོར་སྣང་དང་འཇིགས་སྣང་གསལ་བརྗོད་བྱེད་པའི་གོ་སྐབས་སྤྲོད་དགོས། དེའང་དངོས་བདེན་གྱི་ཚོར་བ་ཡིན་དགོས། ཕྲུ་གུ་ཚོའི་ལུགས་མཐུན་གྱི་འཚོ་བའི་གོ་རིམ་རྒྱུད་མཐུད་ཀྱིས་དེ་དག་ལ་བདེ་འཇགས་ཀྱི་ཚོར་བ་བསྐྲུན་དགོས། ཕྲུ་གུའི་ལོ་ཚད་དང་ཤེས་རྟོགས་ཀྱི་ནུས་པར་གཞིགས་ཏེ་ཁོ་ཚོས་གནས་ཚུལ་དེ་དག་སྐོར་ཤེས་རྟོགས་ཡོང་ཐབས་སྒོ་ནས་ཁོ་ཚོར་འཇིགས་སྣང་གི་ཚོར་ཤུགས་ཉུང་དུ་གཏོང་བར་རོགས་རམ་བྱེད་དགོས། དཔེར་ན། སྐྱོ་གདུང་དང་འཇིགས་སྐྲག་གི་གནས་ཚུལ་ནི་འབྱུང་སྲིད་པ་ཞིག་རེད། འོན་ཀྱང་དེ་ནི་ཧ་ཅང་ཉུང་ཉུང་ཡིན། དེ་བས་འཇིག་རྟེན་ཐོག་ད་དུང་ཡང་གཟུར་གནས་ཀྱི་སྐྱེ་བུ་མང་པོས་གནས་ཚུལ་སྡུག་ཆགས་འདི་འདྲ་མི་ལྷག་པར་སྔོན་འགོག་བྱེད་སྲིད་པ་རེད། ཅེས་པ་ལྟ་བུའོ། དེ་ནས་སླར་ཕྲུ་གུ་དང་མཉམ་དུ་ང་ཚོར་རོགས་རམ་ཐུབ་པའི་སྐྱེས་བུ་དེ་དག་སྐོར་གླེང་ནའང་འགྲིག་གི་རེད།

 

ཆེས་གལ་འགངས་ཆེ་ཤོས་ནི་ཁྱིམ་བདག་སོ་སོའི་རྣམ་འགྱུར་དེ་ཡིན། གནས་ཚུལ་དེ་དག་ལྷག་རྗེས་ང་ཚོ་སོ་སོའང་བདེ་འཇགས་ཀྱི་ཚོར་སྣང་བརླགས་སྲིད་པ་རེད། དེ་བས་ཁྱིམ་བདག་གི་ངོས་ནས་སྔར་བས་རིག་པ་གསལ་པོའི་སྒོ་ནས་སྲ་བརྟེན་འགྱུར་མེད་ཀྱིས་འཚོ་བ་བསྐྱེལ་ནས་འགྲོ་དགོས། དེ་ལྟར་བྱས་ན་ཁྱོད་ཀྱིས་སོ་སོའི་ཕྲུ་གུར་བདེ་འཇགས་དང་བག་འཕེལ་བའི་ཚོར་བ་ཞིག་སྦྱིན་ཐུབ་ཀྱི་རེད།

 

མ་རྩོམ་འབྲེལ་ཐག

http://www.epochtimes.com/gb/17/11/13/n9834244.htm

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།