པར་རིས་འདིའི་རྒྱབ་ཀྱི་ལོ་རྒྱུས།

images/stories/auziee.jpgཔར་རིས་འདིའི་རྒྱབ་ཀྱི་ལོ་རྒྱུས།
The story behind the photo
這張照片背後的故事

སེམས་ལ་ཐེ་ཚོམས་སྟེར་སྲིད་པའི་མིག་ངོས་ཀྱི་པར་འདི་གང་སར་དར་ཁྱབ་བརྒྱུད་བསྐུར་ཤུགས་ཆེན་བྱས་པའི་པར་ཞིག་རེད། དེའང་པར་དེའི་རྒྱབ་ཀྱི་ལོ་རྒྱུས་ཀྱིས་ཁྱོད་ཀྱི་མིག་ནང་མཆི་མ་འཁོར་བཅུག་སྲིད་པས་ཡིན།

 

ཚེ་མཇུག་གི་རེ་སྨོན་འགྲུབ་ཐབས་བྱས་པ།

 

ཨོ་གླིང་ཁཱོན་ཟི་ལན་གྲོང་ཁྱེར་ཤར་ལྷོའི་ས་ཆ་ཧཱེ་ཝེ་བྷེ་ Hervey Bay

 ནི་རྒྱ་མཚོའི་འགྲམ་དུ་ཆགས་ཡོད་པའི་མཛེས་ལྗོངས་ཤིག་རེད།

རྒས་མོ་ཞིག་ས་འདིར་སྨན་ཁང་དུ་ནད་བཅོས་ཀྱིས་ཡུན་རིང་ལུས། མོའི་ན་ཚ་ཧ་ཅང་ཚབ་ཆེ་བའི་རྐྱེན་གྱིས་ད་ཆ་བཅོས་ཐབས་ཡོང་མི་སྲིད་ཅིང་སྨན་པས་སྨན་ཡོངས་རྫོགས་ཀྱིས་རྒས་མོར་ཕན་ནུས་མེད་པར་ཆགས་ཟིན་པ་རེད་ཅེས་བཤད་ཡོད།

 

མལ་ཁྲིར་ཉལ་སྡོད་པའི་རྒས་མོས་མོ་རང་གིས་སླར་རྒྱ་མཚོར་ཐེངས་གཅིག་ལྟ་འདོད་ཀྱི་རེ་བ་དང་། རྒྱ་མཚོའི་རླབས་སྒྲའི་རོལ་དབྱངས་ལ་ཉན་ཙམ་བྱ་བསམ་པའི་སྐོར་བཤད་བྱུང་། འོན་ཀྱང་མོའི་ན་ཚ་ཧ་ཅང་ཚབ་ཆེ་བས་སྨན་ཁང་ལ་མཚོན་ན་མོའི་རེ་འདུན་དེ་མངོན་འགྱུར་ཡོང་བ་ནི་ལས་སྟབས་བདེ་ཞིག་མིན།

 

 

སྐབས་དེར་གནས་སྟངས་དེ་གྲོང་ཁྱེར་ཧཱེ་ཝེ་མྱུར་སྐྱོར་རླངས་འཁོར་གྱི་ཞབས་ཞུའི་སྡེ་ཚན་QASནས་ཤེས་རྟོགས་བྱུང་རྗེས་རྒས་མོའི་ཚེ་མཇུག་གི་རེ་འདུན་འདི་ལེགས་འགྲུབ་ཡོང་ཐབས་ལ་རོགས་རམ་བྱ་རྒྱུ་ཐག་བཅད་པ་རེད། དེར་བརྟེན་དྲ་རྒྱའི་ནང་འུར་གྱིས་བསྟོད་ཅིང་དྲ་གྲོགས་ཁྲི་སྟོང་མང་པོས་དགའ་སྣང་འདྲེན་པའི་པར་རིས་འདི་དེ་ལྟར་བྱུང་བ་རེད།

 

 

སེམས་འགུར་ཐེབས་ཐུབ་པའི་པར་རིས།

 

གནམ་མཚོ་གཉིས་མདོག་གཅིག་ཏུ་སྣང་བའི་གནམ་གཤིས་དྭངས་པའི་མཚོ་འགྲམ་དུ་དལ་ཞིང་འཇམ་པའི་མཚོ་རླུང་དེ་ཚོར་ཐུབ་པ་ལྟར་སྣང་། ལྕང་སྡོང་ཆེན་པོ་ཞིག་གི་འོག་ཏུ་ང་ཚོས་སྒྲིག་ཆས་གྱོན་པའི་མྱུར་སྐྱོར་བ་ཞིག་རྒྱ་མཚོར་ཁ་ཕྱོགས་ནས་ལང་ཞིང་སར་བཙུགས་ཡོད་པའི་མཚོ་འགྲམ་གྱི་ནད་ཁྲི་ཞིག་སྐྱོར་བསྡད་པ་དེ་མཐོང་ཐུབ། ང་ཚོས་པར་ཐོག་ནས་རྒས་མོ་དེ་མཐོང་མི་ཐུབ་ཀྱང་པར་འདིའི་ཐོག་ནས་ཞི་བདེའི་སྣང་བ་ཞིག་ཚོར་ཐུབ་ཀྱི་ཡོད།

 

 

ཁཱུན་སི་ལན་གྱི་མྱུར་སྐྱོར་ཞབས་ཞུ་སྡེ་ཚན་ནས་སྐབས་དེར་རྒས་མོ་ཚོར་ཤུགས་ཆེན་པོས་མིག་ཆུ་ཤོར་བ་དང་། ཧ་ཅང་བདེ་སྐྱིད་ཅིག་ཚོར་གྱི་འདུག ཅེས་ངོ་སྤྲོད་བྱས་པ་དང་། རྒས་མོ་དང་མཉམ་དུ་མཚོ་འགྲམ་དུ་འགྲེང་སྡོད་པ་དེ་ནི་མྱུར་སྐྱོར་བ་གྷི་ལི་མུ་Graeme Cooper ཡིན་ཞིང་། རྒས་མོ་དང་གྷི་ལི་མོས་ཁ་ཕྱོགས་པ་དེ་ནི་བྱུ་རུའི་མཚོ་ཞེས་པའི་དོན་གྱི་ཁཱོ་ར་མཚོ་ Coral Seaརེད། པར་ལེན་མཁན་ནི་གྷི་ལི་མུའི་ལས་རོགས་སམ་སྡེ་ཚན་དེའི་འགན་འཛིན་ཏྭན་ཉི་ཨར་Danielle Kellanཡིན།

 

 

པར་རིས་རྒྱབ་ཀྱི་ལོ་རྒྱུས།

 

གྷི་ལི་མུས་རྒས་མོས་མོའི་བཟའ་ཟླར་མོ་རང་གིས་རྒྱ་མཚོ་མཐོང་བའི་སྐད་ཅིག་ཉིད་དེར་ཧ་ཅང་སེམས་ཚོར་བྱུང་བའི་སྐོར་དང་། དེ་སྔོན་མོ་དང་བཟའ་ཟླ་གཉིས་རྒྱུན་དུ་ས་དེར་འགྲོ་གི་ཡོད་པའི་སྐོར་བཤད། མོས་རྒྱ་མཚོའི་འགྲམ་གྱི་གཞུང་ལམ་དང་རྒྱ་མཚོ་ལ་དགའ་ཞེན་ཡོད་པ་བཤད་ཀྱི་འདུག ཅེས་དང་། དེ་ལྟར་གྷི་ལི་མུས་དང་ལས་རོགས་ཀྱིས་རྒས་མོ་འཁྲིད་དེ་མཚོ་འགྲམ་གྱི་གཞུང་ལམ་དུ་སླེབས་དུས་ཁོ་ཚོས་རྒས་མོར་འགྲིག་གི་རེད། ཁྱོད་ཀྱིས་ང་ཚོས་ཁྱོད་རང་མཚོ་འགྲམ་གྱི་གཞུང་ལམ་བརྒྱུད་མུ་མཐའ་ལ་སོང་ནས་མཇུག་ཏུ་ཁྱོད་རང་མྱུར་སྐྱོར་རླངས་འཁོར་ནས་མར་འཁྱེར་ཏེ་རྒྱ་མཚོ་ལ་ལྟ་འདོད་པ་དེ་ཡིན་ནམ། ཞེས་དྲིས་སྐད།

 

 

རྒས་མོས་ཁོ་ཚོའི་འཆར་གཞི་དེར་ཧ་ཅང་མོས་འདོད་ཆེ་ཞིང་ལམ་བར་དུ་ཧ་ཅང་དགའ་ཚོར་བྱུང་ཡོད་པ་རེད།

ཁཱེ་ལན་གྱིས་དེའི་སྐོར་ཕྱི་དྲན་བྱས་པ་ལྟར་ན་རྒས་མོས་མཚོ་འགྲམ་ནས་ང་རང་ཧ་ཅང་ལྷིང་འཇགས་ངང་གནས་ཤིང་། གནས་སྟངས་ཚང་མ་ཧ་ཅང་ཡག་པོ་བྱུང་། ཅེས་བཤད་པའི་སྐོར་དང་། དེ་རྗེས་ཀྱང་རྒས་མོས་སླར་ཡང་མཚོ་ཆུར་རེག་འདོད་ཡོད་པའི་སྐོར་བཏོན་ཡོད། མྱུར་སྐྱོར་བ་གྷི་ལི་མུས་སྐབས་དེར་རྒས་མོར་རྩེད་མཚར་གྱི་སྒོ་ནས། གལ་ཏེ་མཚོ་འགྲམ་དུ་བྲག་རྡོ་འདི་དག་མེད་ན་ངས་གྱོན་ཆས་ཕུད་དེ་ཁྱོད་རང་འཁྲིད་དེ་རྒྱ་མཚོའི་ནང་མཉམ་དུ་ཆུ་སྐྱལ་རྒྱག་འདོད་ཡོད་ཅེས་བཤད།

 

 

ཆ་རྐྱེན་མི་མདང་བའི་རྐྱེན་གྱིས་གྷི་ལི་མུས་འགྱིག་ཁུག་ཅིག་ནང་མཚོ་ཆུ་འགའ་བཅུས་ནས་རྒས་མོའི་ལག་པས་མཚོ་ཆུ་དེར་རེག་བཅུག་ཡོད་པ་རེད།

 

 

སེམས་འགུལ་ཐེབས་པའི་དྲ་གྲོགས།

 

 

པར་རིས་འདིས་དྲ་གྲོགས་མང་པོར་སེམས་འགུལ་སྟེར་ཞིང་། དྲ་གྲོགས་མ་ཉུང་བ་ཞིག་གིས་ཁོ་ཚོས་པར་དེ་མཐོང་རྗེས་མིག་ནས་མཆི་མ་ཤོར་བའི་སྐོར་བཤད་ཡོད།

དྲ་གྲོགས་ཏཱ་ཝུན་ Dawn Young-McDaniel གྱིས་པར་དེར་མཆན་འདི་ལྟར་བཀོད་ཡོད་དེ། འདི་ནི་མི་གཤིས་དང་སེམས་བཟང་ཅན་གྱི་མཚོན་དོན་ཞིག་རེད། ཁོང་ཚོས་སོ་སོའི་ལས་ཀའི་ངོ་བའི་ཁྱབ་ཁོངས་ནས་བརྒལ་བའི་བྱ་བ་ཧ་ཅང་བཟང་པོ་འདི་དག་བསྒྲུབས་ཡོད་པ་རེད། ཅེས་དང་།

 

 དྲ་གྲོགས་གཞན་ཐཱ་སིས་ Tracey Hayesཀྱིས་ཀྱང་བརྩེ་ཚོར་དེ་ནི་འདི་འདྲ་ཡིད་དུ་འོང་བ་ཞིག་རེད་ཨང་། དེས་མྱུར་སྐྱོར་མི་སྣ་དེ་ནི་ལས་གནས་འདིའི་གདམ་ཁ་གཞན་མི་དགོས་པའི་མི་སྣ་དེ་རེད། ཁྱོད་ཚོའི་སྙིང་རྗེའི་བསམ་བློ་དང་ལས་རྒྱུ་འབྲས་ཀྱི་སེམས། ཁྱོད་ཚོས་སེམས་བཟང་དེ་དག་ནམ་ཡང་མ་དོར་བའི་རེ་བ་ཡོད། ཅེས་མཆན་བཀོད་ཡོད་པ་རེད།

གཞན་ཡང་དྲ་གྲོགས་ཤིག་སྟེ་མཱེ་ཁིས་ Michael Murphy ངའི་ཨ་མ་ལགས་ཀྱང་མཚོ་འགྲམ་དེར་སྡོད་ཀྱི་ཡོད་པ་དང་། མདུན་གཉིས་ཀྱི་སྔོན་དུ་ང་ཚོས་ཀྱང་ཨ་མ་ལགས་སུ་གཅིག་མཚུངས་ཀྱི་བྱ་བ་འདི་ལྟ་བུ་བསྒྲུབས་ཡོད་པའི་སྐོར་མཆན་བཀོད་ཡོད་རེད།

 

 

མཱ་ཁིས་ངའི་ཨ་མ་ལགས་སྐྲན་ནད་ན་ནས་ཡུན་རིང་སོང་ཞིང་། ད་ཆ་ཚེ་མཇུག་ལ་སླེབས་ཤིང་ན་ཚ་དེར་བཅོས་ཐབས་བྲལ་བ་རེད། སྨན་པས་དུས་ཡུན་རྗེས་ངའི་ཨ་མ་ལགས་འཇིག་རྟེན་འདི་ནས་ཁ་བྲལ་རྒྱུ་ཡིན་པར་བསྒྲགས་ཚར་ཡོད། དེར་བརྟེན། མྱུར་སྐྱོར་མི་སྣས་ཁོང་མོ་རྒྱ་མཚོར་ལྟ་རུ་ཐེངས་གཅིག་འཁྲིད་རོགས་བྱས་པ་རེད། བྱ་བ་དེས་ཨ་མ་ལགས་ཧ་ཅང་དགའ་སྣང་བྱུང་སོང་ལ། ཨ་མས་བདག་ལ་དེའི་སྐོར་བཤད་དུས་ང་རང་ནི་དེ་བས་ཧ་ཅང་སེམས་འགུལ་ཐེབས་ནས་ངུ་ཤོར་སོང་། ཞེས་ངོ་སྤྲོད་བྱས་ཡོད་པ་རེད།

 

 

མ་རྩོམ་འབྲེལ་ཐག

http://www.epochtimes.com/gb/17/11/24/n9891085.htm

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།