ལས་སྟབས་བདེ་ཡིས་ཁྲིམས་འགལ་འདི་ལྟ་བུ་མ་བཟོ་ན་ལེགས།

images/stories/253.jpg
ལས་སྟབས་བདེ་ཡིས་ཁྲིམས་འགལ་འདི་ལྟ་བུ་མ་བཟོ་ན་ལེགས།

Do not be easy crime like this

不要這樣輕易犯罪

 

 ༡༩༥༣ ལོར་ལྷོ་ཨོ་གླིང་South Australiaདུ་སྤེལ་བའི་སྟབས་བདེའི་གོ་རིམ་གྱིས་ནག་ཉེས་ཁྲིམས་གཅོད་བྱེད་ཐབས་ཀྱི་ནང་དོན་སྤྱི་བསྡུསབཀོད་པ། < The Summary Code of Convictions Act > ཞེས་པའི་ནང་སྤྱི་བཏང་མིན་པའི་ཁྲིམས་འགལ་གྱི་ནང་དོན་འགའ་འཁོད་ཡོད། ལྷོ་ཨོ་གླིང་དུ་ལས་ཀ་དང་སློབ་སྦྱོང་། འཚོ་བ་བསྐྱེལ་མཁན་རིགས་ནས་ཡིད་གཟབ་དགོས་པ་ཞིག་ནི་སྣང་ཆུང་གིས་བགྱིས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་ལ་དངུལ་གྱི་ཉེས་ཆད་དང་བཙོན་འཇུག་གི་ཁྲིམས་ཆད་ཕོག་གི་ཡོད་པ་དེ་ཤེས་དགོས་སོ།

 

༡། སྒོ་རྡུང་རྗེས་བྲོས་པ།

གལ་ཏེ་དོན་མེད་ཀྱིས་གཞན་གྱི་སྒོའི་དྲིལ་བརྡ་གཏོང་བའམ་སྒོ་རྡུང་ནས་དེ་ལ་ལུགས་མཐུན་གྱི་འགྲེལ་བརྗོད་མེད་ན་དེར་གཞན་ལ་ཕོག་གཏུག་གཏོང་བའི་ཉེས་ཁྲིམས་ཕོག་གི་ཡོད་པ་མ་ཟད། དངུལ་གྱི་ཉེས་ཆད་གཏོང་རྒྱུ་དང་། དངུལ་གྱི་ཉེས་ཆད་མཐོ་ཤོས་དེའང་ཨོ་སྒོར་ ༢༥༠ ཙམ་ཟིན་གྱི་ཡོད་པ་རེད།

 

 

༢། སྒོ་ཕྱེའམ་བརྒྱབ་པ།

ཞིང་རའི་སྒོ་ཆེན་ཕྱེས་ནས་མ་བརྒྱབ་པའམ་ཡང་ན་སྒོ་བརྒྱབས་བཞག་པ་དེ་ཕྱེས་པའམ། ཡང་ན་ཕྱེས་བཞག་པའི་ཞིང་རའི་སྒོ་ཆེན་དེ་སླར་ཕར་སྒོ་མ་བརྒྱབས་པ་བཞག་པ་བཅས་གང་ཡིན་ཡང་ཨོ་སྒོར་ ༧༥༠ གྱི་ཉེས་ཆད་ཕོག་རྒྱུ་རེད།

 

 

༣། ཆང་སའི་མཛད་སྒོར་འགོག་རྐྱེན་བཟོས་པ།

ལྷོ་ཕྱོགས་ཨོ་གླིང་དུ་ཆང་སའི་མཛད་སྒོར་འགོག་རྐྱེན་བཟོས་པའམ་རྙོག་གླེང་བཟོས་ཚེ་མཐོ་ན་ཨོ་སྒོར་ཁྲི་གཅིག་གི་ཉེས་ཆད་ཕོག་རྒྱུ་དང་། ཡང་ན་ལོ་གཉིས་ཀྱི་བཙོན་ཁྲིམས་གཅོད་རྒྱུ་རེད།

 

 

༤། ཁྲོམ་གཞུང་དུ་དངུལ་དངོས་དགོས་འདུན་བཏོན་པ།

དངུལ་དངོས་དང་། ཅ་ལག་དགོས་འདུན་བཏོན་མཁན་ནམ་སྤྲང་མཁན་ལ་ཨོ་སྒོར་ ༢༥༠ ཡི་ཉེས་ཆད་ཕོག་རྒྱུ་རེད། དེའང་ཁྱིམ་ཚང་གི་སྒོ་རེ་རེར་བརྒྱུད་ནས་དངུལ་དངོས་བསྡུ་རུབ་བྱེད་པ། བྱིས་པ་མངགས་ནས་དངུལ་བསྡུ་རུབ་བྱེད་པ། ཡང་ན་དངུལ་དངོས་རག་ཐབས་ཀྱི་ཆེད་དུ་ལུས་པོའི་ཐོག་གི་རྨ་ཁའམ་ཡང་ན་ལུས་ཀྱི་དབང་པོའི་སྐྱོན་ཆ་གཞན་ལ་ངོམས་བཏོན་བྱེད་མཁན་བཅས་ལ་གོང་གསལ་གྱི་དངུལ་ཆད་ཕོག་རྒྱུ་རེད།

 

 

༥། གདན་འདྲེན་མ་ཞུས་པར་སླེབས་པ།

གཞན་གྱིས་ཁྱོད་གདན་འདྲེན་མ་ཞུས་པའི་གནས་སྟངས་འོག་མགྲོན་པོའི་བང་དུ་འཛུལ་ན་དངུལ་ཆད་མཐོ་ཤོས་གྲལ་ཨོ་སྒོར་ ༥༠༠༠ ཉེས་ཆད་ཕོག་རྒྱུ་དང་། ཡང་ན་ལོ་གཅིག་བཙོན་ཁྲིམས་ཕོག་རྒྱུ་རེད།

༦། གང་རུང་བརྡ་ཁྱབ་སྦྱར་བ།

ཆོག་མཆན་མེད་པའི་གནས་སྟངས་འོག་ཁང་པའི་ཐོག་བརྩེགས་དང་བྱང་ཐོག ཡང་ན་ལམ་ཟུར་དུ་བརྡ་ཁྱབ་གང་བྱུང་སྦྱར་ན་དངུལ་ཆད་ཨོ་སྒོར་ ༢༥༠༠ ཕོག་རྒྱུ་དང་། ཡང་ན་ཟླ་བ་དྲུག་གི་བཙོན་ཁྲིམས་ཕོག་རྒྱུ་རེད།

 

 

༧། རག་བཟི་བར་ཁབ་བཙགས་རྒྱག་པ།

རག་བཟི་བའི་མིའི་གཟུགས་པོར་ཁབ་བཙགས་རྒྱག་པ་དང་། ཡང་ན་ལམ་ལུགས་གཞན་གང་རུང་གི་སྒོ་ནས་ལུས་པོ་བཅོས་བསྒྱུར་གཏོང་བ་ཟེར་བ་སོགས་བྱས་ན་ཉེས་ཆད་ཨོ་སྒོར་ ༥༠༠༠ ཕོག་རྒྱུ་དང་། ཡང་ན་ལོ་གཅིག་བཙོན་ཁྲིམས་ཕོག་རྒྱུ་རེད།

 

 

༨། མོ་པ་རྫུན་མ་ནུས་པ་རྫུན་བཤད་བྱེད་པ།

གལ་ཏེ་སོ་སོར་ཡ་མཚན་གྱི་ནུས་པ་ཡོད་བཟོའམ་གཡོ་རྫུས་བྱེད་མཁན་གྱི་རྫུན་ལྐུབས་དེ་གཏོལ་ཡོད་ན། དེ་ལ་ཨོ་སྒོར་ཁྲི་གཅིག་གི་ཉེས་ཆད་ཕོག་རྒྱུ་དང་། ཡང་ན་ལོ་གཉིས་ཀྱི་བཙོན་ཁྲིམས་ཕོག་གི་རེད།

 

 

༩། རྙོག་དྲ་གང་ཡང་མེད་པ་ཟེར་བའི་ཐོག་ཅ་དངུལ་ཕྱིར་ལོན་ཐབས་བྱེད་པ།

གལ་ཏེ་ལ་ལས་དེ་སྔོན་གྱི་གནད་དོན་ལ་རྙོག་གླེང་གང་ཡང་མེད་ཟེར་བ་དང་། ཡང་ན་དེ་ལ་ཁྲིམས་གཏུག་གང་ཡང་བྱེད་ཀྱི་མིན་ཞེས་པའི་བསྟོད་རའི་བཤད་སྟངས་ཀྱི་སྒོ་ནས་སོ་སོས་བོར་བརླགས་སོང་བའི་ཅ་དངོས་ཕྱིར་དོ་བདག་སོ་སོ་ལ་རག་ཐབས་བྱེད་མཁན་ཡོད་ཚེ། དེར་ཨོ་སྒོར་ ༥༠༠ ཡིས་ཉེས་ཆད་ཕོག་རྒྱུ་རེད་འདུག

 

 

༡༠། ཡིག་བསྐྱེལ་གྱི་ཕུག་རོན་ལ་གནོད་འཚེ་བཟོས་པ།

གང་ཟག་གང་རུང་ཞིག་གིས་ཡིག་བསྐྱེལ་གྱི་ཕུག་རོན་བསད་པའམ་རྨས་པ། ཡང་ན་རྐུས་པ་བཅས་ལ་ཉེས་ཆད་ཨོ་སྒོར་མཐོ་ཤོས་ ༢༥༠ ཙམ་ཕོག་རྒྱུ་རེད་འདུག

 

 

 

མ་རྩོམ་འབྲེལ་ཐག

http://www.oslifecn.com/oslife_cn/index.php/article/contentpage?id=351

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།