དགའ་རོགས་དང་འདུག་རོགས་ཀྱི་ཁྱད་པར་བཅུ་བཞི།

images/stories/45/2-1134 2.jpgདགའ་རོགས་དང་འདུག་རོགས་ཀྱི་ཁྱད་པར་བཅུ་བཞི།
Thedifference between love and marriage
戀愛與婚姻間的區別
དགའ་རོགས་ནས་འདུག་རོགས་བར་གྱི་གོ་རིམ་དེ་ནི་མི་མང་པོས་བརྒྱུད་དགོས་པའི་གོ་རིམ་ཞིག་ཡིན། འོན་ཀྱང་ཚང་མ་གོ་རིམ་ཆ་ཚང་དེ་བརྒྱུད་ཐུབ་པ་ཞིག་ཀྱང་མིན། འདིར་ཨ་མ་ཞིག་གིས་བུ་མོར་བྲིས་པའི་བསམ་འཆར་གྱི་ནང་དོན་ཡིན་ཞིང༌། དྲ་གྲོགས་མང་པོས་དེར་ངོས་ལེན་བྱེད་ཅིང་གང་སར་བརྒྱུད་སྤེལ་བྱེད་ཀྱི་འདུག་པ་དེ་གཤམ་གསལ་གྱི་ནང་དོན་ཕྱོགས་བསྡུས་བྱས་པ་འདི་རེད།

༡། དགའ་རོགས་དང་མཉམ་དུ་ཁྱོད་ཀྱིས་གཏན་འཇགས་མིན་པའི་གནས་སྟངས་ལ་འཐབ་རྩོད་དགོས། འདུག་རོགས་དང་མཉམ་དུ་འཚོ་བའི་ནང་གི་ཡིད་མ་རང་པའི་གནས་སྟངས་ལ་འཐབ་རྩོད་བྱེད་དགོས་པ་ཡིན།

༢།དགའ་རོགས་དབར་གྱི་འབྲེལ་བ་ནི་ཚོར་ཤུགས་རྣོ་པོ་ཡིན་ཡང་གཉེན་བསྒྲིགས་ཟིན་པའི་འདུག་རོགས་ནི་ཕན་ཚུན་དབར་ལ་གཏན་འཇགས་དང་ཡིད་ཆས་དགོས་པ་ཡིན།

༣། དགའ་རོགས་དང་མཉམ་དུ་གཙོ་བོ་དགའ་ཚོར་ཡིན། འདུག་རོགས་དང་མཉམ་དུ་གཙོ་བོ་ཕན་ཚུན་གུ་ཡངས་དང་བཟོད་བསྲན་དགོས།

༤། དགའ་རོགས་དང་མཉམ་འོས་འགན་མེད་ཀྱང་འདུག་རོགས་ལ་དེ་ཡོད་པ་རེད།

༥། དགའ་རོགས་དང་མཉམ་རྨི་ལམ་མང་པོ་རྨིས་ཀྱི་ཡོད། ཡིན་ཡང་འདུག་རོགས་དང་མཉམ་དུ་དོ་དོ་དན་དན་ཞིག་བྱེད་དགོས་པ་དེ་ཡིན།

༦། དགའ་རོགས་ནི་རང་དབང་ཆེ་བའི་མི་ཞིག་ཡིན། འདུག་རོགས་ནི་ཁྱིམ་ཚང་གཅིག་གི་ཆ་ཤས་རེད།

༧། དགའ་རོགས་དང་མཉམ་དུ་ཕ་རོལ་པོར་ཚོར་བ་ཡོད་པ་ཙམ་གྱིས་འགྲིག་འགྲོ་ནའང༌། འདུག་རོགས་དང་མཉམ་དུ་ཕ་རོལ་པོའི་ཡོད་ཚད་ལ་ངོས་ལེན་ཐུབ་པ་ཞིག་དགོས་ཀྱི་རེད།

༨།དགའ་རོགས་དང་འབྲེལ་མཐུད་རྒྱག་མཁན་དེ་གནས་ཚུལ་ཟུར་ཙམ་ཞིག་གིས་ཀྱང་དགའ་རོགས་དབར་འབྲེལ་མཐུད་རྒྱག་གི་ཡོད། འདུག་རོགས་དང་མཉམ་དུ་རྒྱུད་རིང་མཐུད་རྒྱག་མཁན་ནི་འབྲེལ་ལམ་དེ་རང་རེད།

༩། དགའ་རོགས་ལ་མཚོན་ན་ཚོར་བའི་སྤྲོ་སྣང་དགོས་ལ། འདུག་རོགས་དབར་སྤྲོ་སྣང་གི་བརྩེ་སེམས་ཤིག་དགོས་ཀྱི་ཡོད།

༡༠།དགའ་རོགས་ལ་ཁྱོན་ཡོངས་ནས་སྐྱོན་མེད་པའི་འཐུས་ཚང་ཞིག་དགོས་པ་བཤད་མོད་ཀྱང་འདུག་རོགས་ཡིན་ན་ཕ་རོལ་པོའི་སྐྱོན་ཆ་ལའང་ངེས་པར་དུ་ངོས་ལེན་ཐུབ་པ་ཞིག་དགོས།

༡༡། དགའ་རོགས་ནི་བདེ་སྐྱིད་ཀྱིས་མྱོང་རོལ་ཞིག་ཡིན་ལ། འདུག་རོགས་ནི་ཕན་ཚུན་དབར་གྱི་བདེ་སྐྱིད་དེ་དངོས་སུ་སྐྲུན་མཁན་ཞིག་ཡིན་དགོས།

༡༢། དགའ་རོགས་དབར་ཕན་ཚུན་གཉིས་ལ་བསམ་ན་འགྲིག་མོད། འོན་ཀྱང་འདུག་རོགས་ཀྱིས་ངེས་པར་དུ་ཁྱིམ་གྱི་མ་འོང་པར་ཁ་ཕྱོགས་ནས་བསམ་བློ་གཏོང་དགོས།

༡༣། དགའ་རོགས་དབར་གཏོང་བཞིན་པའི་དུས་ཚོད་དེ་ནི་སྒེར་གྱི་ངལ་གསོའི་དུས་ཚོད་ཡིན་མོད། འོན་ཀྱང་འདུག་རོགས་དབར་མཉམ་རོལ་བྱེད་བཞིན་པ་དེ་ནི་རྒྱུན་གཏན་གྱི་འཚོ་བ་དེའི་ཡོངས་རྫོགས་རེད།

༡༤། དགའ་རོགས་ནི་རང་དབང་གི་སྒོ་ནས་ཕན་ཚུན་འགྲོ་འོང་དང་འབྲེལ་བ་ཆོག་ཀྱང༌། འདུག་རོགས་ནི་ངེས་པར་དུ་རྣམ་པ་ཀུན་དུ་མཉམ་འགྲོག་དགོས་པ་ཞིག་ཡིན།

གོང་གསལ་སེམས་བསམ་པའི་གཏིང་ནས་འཚོ་བར་རོལ་མྱོང་བྱེད་མཁན་ཞིག་ཡིན་པས་ན་གཞི་ནས་ཚོར་བ་འདི་ལྟ་བུ་ཡོང་སྲིད་པ་ཞིག་རེད་ཨང༌།

མ་རྩོམ་འབྲེལ་ཐག

http://aus.tigtag.com/lady/242878.shtml

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།