ཨ་རི་གཡུགས་ནས་ཨོ་གླིང་གདམ་དགོས་དོན་གང་ཡིན།

images/stories/27.jpgཨ་རི་གཡུགས་ནས་ཨོ་གླིང་གདམ་དགོས་དོན་གང་ཡིན།

Why did I choose to settle in Australia?Not to the USA
我為什麼選擇在澳洲定居而不去美國

( ཡུལ་གྱར་བ་རྒས་པོ་ཞིགི་སྐད་ཆ། )

ལ་ལས་ང་ལ་ཁྱོད་ཨ་རིར་མི་སྡོད་པ་ཨོ་གླིང་དུ་གཏན་འཇགས་སྡོད་རྒྱུ་གདམས་དགོས་དོན་ཅི་ཡིན་ཟེར། ངས་བསམ་བློ་མང་ཙམ་གཏོང་ཡང་དེར་ལན་ཇི་ལྟར་རྒྱག་དགོས་ཤེས་མ་སོང་།

 

ང་ཨོ་གླིང་དུ་གཏན་འཇགས་སྡོད་པ་དེ་ལས་ཀྱིས་བཀོད་པ་རང་ཡིན། དེ་སྔོན་ནས་དམིགས་ཡུལ་དང་བསམ་རྒྱུ་དམིགས་བསལ་བ་གང་ཡང་མེད་མོད། འདིར་སླེབས་ནས་སླེབས་པ་རེད། འདིར་ལོ་ ༢༠ ཏག་ཏག་འདས་ཟིན་འདུག དེའི་རིང་ཐེངས་མང་ཨ་རིར་འགྲོ་བསམ་པ་བྱུང་། གང་ཡིན་ཟེར་ན་ཨ་རིར་ཧཱོ་ལེ་ཝུ་ཊི་ (Hollywood) ཡོད་པ་རེད། ལན་འདི་དགོད་བྲོ་བ་ཏོག་ཙམ་ཡོད་སྲིད། ཡིན་ཡང་ཨ་རི་ནི་ཨོ་གླིང་ནས་ཧ་ཅང་རྒྱང་རིང་ཞིང་རྐང་པ་འདེགས་འཇོག་ཙམ་གྱིས་དེར་སླེབས་མི་ཐུབ།

 

 

དེ་བས་ང་རང་ཨོ་གླིང་དུ་སྡོད་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་རྒྱལ་ཁབ་འདིར་དགའ་ཞེན་ཇེ་ཆེར་འགྲོ་གི་འདུག དོན་དངོས་ཐོག་ངས་ཨོ་གླིང་ནི་ཨ་རི་ལས་ལེགས་པ་འདུག་ཅེས་བཤད་བསམ་པ་འདི་ཡིན། ཁྱོད་ཡིད་མི་ཆེས་སམ། ངས་རྒྱུ་ཆའི་གྲངས་ཀ་འགའ་འཚོལ་བསྡུས་བྱས་ཡོད་པས་གཅིག་བྱས་ན་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ངའི་ལྟ་བ་འདིར་དཔང་པོའང་བྱེད་ཐུབ་སྲིད།

 

 

ཨ་རི་ནི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རེད། འོན་ཀྱང་ཨོ་གླིང་གི་ཕྱོགས་མང་པོ་ཨ་རི་ལས་ལེགས་པ་ཡོད། དམིགས་བསལ་དུ་རྒྱལ་ཁོངས་ཀྱི་མི་དམངས་རྣམས་ཀྱི་འཚོ་བའི་སྤུས་ཚད་ཟེར་བ་དེ་གཞན་དེ་ལས་ཡག

 

 

དང་པོ། དངུལ་ཕོགས།

གལ་ཏེ་ཁྱོད་ཨ་རིར་གནས་སྡོད་ཡོད་ཚེ་ཆེད་ལས་ཤུགས་ཆེན་གྱི་ལས་ཀར་བཞུགས་ཏེ་དངུལ་ཕོགས་ཆེན་པོ་ཐོབ་སྲིད། འོན་ཀྱང་སྤྱི་བཏང་བའི་ལས་ཀར་བཞུགས་ན་དངུལ་ཕོགས་ཉུང་དྲག་ནས་ངོས་ལེན་ཡང་དཀའ་མོ་རེད། ཨ་རིར་ལས་ཤོར་བའི་བསྡུར་ཚད་ནི་ཨོ་གླིང་གི་ལྡབ་གཉིས་ཙམ་ཡིན་ལ། དེ་བས་ཕོ་མོའི་དབར་གྱི་དངུལ་ཕོག་ལ་ཧེ་བག་ཆེན་པོ་རེད།

 

 

ཨོ་གླིང་བུད་མེད་ཀྱི་དངུལ་ཕོགས་ཀྱི་བརྒྱ་ཆ་ནི་སྐྱེས་པ་ལས་བརྒྱ་ཆ་ ༨༣།༡ རེད། འོན་ཀྱང་ཨ་རིའི་བུད་མེད་ཀྱི་དངུལ་ཕོགས་ནི་སྐྱེས་པ་ལས་བརྒྱ་ཆ་༧༧ ཡིན།

 

 

དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ཚོགས་པའི་OECDགྲངས་ཀ་ལྟར་ན། ༢༠༠༨ ལོར་ཨ་རིའི་ཁྱིམ་ཚང་གི་ཡོང་འབབ་འབྲིང་ཙམ་ལ་ཨ་སྒོར་ ༣༧༦༩༠ རེད། དེར་སྤྱི་བཏང་གི་ཉོ་སྒྲུབ་ཀྱི་རིག་པའི་གཞུང་ལུགས་ལ་གཞིགས་ཏེ་བརྩིས་ན་ཨོ་གླིང་ཁྱིམ་ཚང་གི་ཡོང་འབབ་འབྲིང་ཙམ་ལ་ཨོ་སྒོར་ ༢༧༠༣༩ ལས་མིན། ( སྐབས་དེར་ཨོ་སྒོར་རེར་ཨ་སྒོར་སྒོར་ཟུར་ ༦ ཙམ་རག་གི་ཡོད། ) འོན་ཀྱང་སྐབས་དེར་ཨ་རིར་དེ་བས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བདེ་བ་ཡོད་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་དབུལ་ཕོངས་ཀྱི་གྲངས་ཀUNHumanPovertyIndexནས་གསལ་བ་ལྟར་ན་བརྒྱ་ཆ་ ༡༢།༢ ཀྱི་ཨོ་གླིང་མིས་ཡོང་འབབ་འབྲིང་ཙམ་གྱི་འཚོ་བར་བརྟེན་དགོས་ཀྱི་ཡོད། ཡིན་ཡང་ཨ་རིའི་ཡུལ་མིའི་ནང་གོང་མཚུངས་གྲ་རིམ་གཅིག་པའམ་ཡོང་འབབ་དེ་བས་ཉུང་བའི་མི་གྲངས་ཀྱི་བསྡུར་ཚད་ནི་བརྒྱ་ཆ་ ༡༧ ཟིན་ཡོད་པ་རེད།

 

 

 

གཉིས་པ། ཡུལ་གྱར།

ཨོ་གླིང་དང་ཨ་རི་གཉིས་ཀར་ཡུལ་གྱར་བ་གནས་སྤོའི་གནས་སྟངས་འདྲ་མཚུངས་ཡོད། འོན་ཀྱང་དེང་ཨ་རིར་རྒྱལ་ཁབ་གཞན་དུ་སྐྱེས་པའི་གོ་སྐབས་བྱུང་བའི་མི་གྲངས་ཀྱི་བསྡུར་ཚད་དེ་ཨོ་གླིང་ལས་ཕྱད་ཀ་ཡིས་ཉུང་བ་ཡོད། དེ་ནི་བརྒྱ་ཆ་ ༡༢ ཙམ་གྱི་ཨ་རི་བ་རྒྱལ་ཁབ་གཞན་དུ་སྐྱེས་པ་ཆགས་ཡོད། དེ་མིན་ཨོ་གླིང་མི་ལྔའི་ནང་དུ་གཅིག་ལྷག་ (བརྒྱ་ཆ་༢༧།) ནི་རྒྱལ་ཁབ་གཞན་ལ་སྐྱེས་པ་ཡིན། ཨོ་གླིང་དུ་མི་ ༡༠༠༠ ནང་ཡུལ་གྱར་བ་ཁོ་ནའི་གྲངས་འབོར་ནི་ (༦།༠༣) ཟིན་ཡོད་པ་དེ་ནི་ཨ་རི་ (༤།༡༨) ལས་མི་གྲངས་ ༢ ཀྱིས་མང་བ་ཡོད་པ་རེད།

 

 

 

གསུམ་པ། སློབ་གསོ།

ཨ་རི་བ་མང་ཆེར་མཐོ་འབྲིང་ནས་ཐོན་པ་དང་། ཨོ་གླིང་མིའི་སློབ་སྦྱོང་གི་དུས་ཚོད་ནི་དེ་བས་མང་བ་ཡོད། ཨོ་གླིང་དུ་མི་མང་པོའི་ཆ་སྙོམས་ཀྱི་སློབ་གསོ་རག་པའི་དུས་ཚོད་ནི་ལོ་ ༢༡ ཡིན། (འདི་སློབ་ཆུང་ནས་སློབ་ཆེན་བར་ལ་གོ) འདི་ཨ་རི་བ་ལས་ལོ་ངོ་ ༡༦ ཙམ་བརྒལ་ཟིན་ཞིང་རིང་བ་ཡོད། ཨ་རིའི་མི་འབོར་ཞིབ་བཤེར་ཁང་USCensusགི་གྲངས་ཀར་གཞིགས་ན། བརྒྱ་ཆ་ ༣༨།༥༤ ཡི་རང་ལོ་ ༢༥ བརྒལ་བའི་ཨ་རི་སྤྱི་དམངས་ལ་ཆེད་ལས་སློབ་ཆེན་ནམ། ཡང་ན་ཆེད་ལས་རབ་འབྱམས་པའི་ཡོན་ཚད་ཐོབ་ཅིང་། ༢༠༠༦ ལོའི་སྔོན་ལ་ཨོ་གླིང་བ་བརྒྱ་ཆ་ ༥༩ ཟིན་པའི་ཨོ་གླིང་བས་མཐོ་རིམ་ཆེད་ལས་སམ་རབ་འབྱམས་པའི་ཡོན་ཚད་ཐོབ་ཡོད། གལ་ཏེ་ཁྱོད་རང་ཨ་རིར་མཐོ་རིམ་སློབ་གསོ་ཐོབ་བཞིན་པ་ཡིན་ནའང་དེའི་འགྲོ་སོང་ཡང་དེ་བས་མཐོན་པོ་རེད། སྒེར་གཉེར་སློབ་ཆེན་གྱི་སློབ་ཡོན་ནི་ལོ་རེར་ཆ་སྙོམས་ཨ་སྒོར་ ༢༠༥༡༧ ཟིན་གྱི་ཡོད་པ་དང་། ཨོ་གླིང་དུ་དེའི་ཚོད་ཀྱི་སློབ་ཡོན་ནི་ཨོ་སྒོར་ ༧༩༠༢ རེད།

 

 

 

བཞི་པ། སྨན་བཅོས།

ཨ་རི་བ་མི་རེར་སྨན་བཅོས་ཀྱི་འགྲོ་སོང་ཨོ་གླིང་བ་ལས་ཧ་ཅང་མང་བ་ཡིན། འོན་ཀྱང་ཨ་རི་བ་མང་པོས་ད་དུང་ཡང་དགོས་མེད་ཀྱི་འགྲོ་སོང་མང་པོ་ཞིག་གཏོང་དགོས་ཀྱི་ཡོད། མི་མང་པོས་སྨན་བཅོས་ཀྱི་འགྲོ་སོང་མཐོ་དྲག་པའི་རྐྱེན་གྱིས་ཚོང་ཕུག་བརྡིབས་སོང་བར་ངོས་ལེན་ཡོང་ཕྱིར་ཆོག་མཆན་མི་ཞུ་དཀའ་མེད་ཆག་གི་ཡོད། ཨ་རིའི་སྨན་བཅོས་ཀྱི་འགྲོ་སོང་བསྡོམས་ནང་སྲིད་གཞུང་གིས་བརྒྱ་ཆ་ ༡༨།༧ རོགས་སྐྱོར་བྱེད་ཀྱི་ཡོད་པ་དང། ཨོ་གླིང་སྲིད་གཞུང་གིས་དེའི་ཐད་ལེགས་སྐྱེས་ཕུལ་བ་ནི་བརྒྱ་ཆ་ ༧༠ རེད། རྒྱལ་ཁབ་འདི་གཉིས་ཀྱི་སྤྱི་དམངས་ཤི་རྐྱེན་དོན་ཆེན་ལྔ་ཡོད་པ་ཚང་མ་གཅིག་མཚུངས་ཡིན། རྒྱལ་ཁབ་འདི་གཉིས་ཀར་གཅིག་མཚུངས་ཀྱི་སྐྲན་ནད་ན་ཚད་ཧ་ཅང་ཚབ་ཆེན་ཡིན། ཡིན་ཡང་ཨ་རིའི་སྙིང་ཁྲག་ཕྲ་སྦུགས་ཀྱིས་ཤི་རྐྱེན་གྲངས་ཀ་ཆ་སྙོམས་དེ་ཨོ་གླིང་ལས་ལྡབ་ ༡།༣ ཙམ་མཐོ་བ་ཡོད། ཨ་རི་བ་ཁྲི་ ༡༠ ཡི་ནང་དབུགས་ལམ་གྱི་ན་ཚས་ཁོ་ནས་ཤི་རྐྱེན་གྱི་གྲངས་འབོར་ནི་ཨོ་གླིང་ལས་ཕལ་ཆེར་བརྒྱ་ཆ་ ༦༠ ཙམ་གྱིས་མཐོ་བ་ཡོད་པ་རེད།

 

གལ་ཏེ་ཁྱོད་རང་ཨ་རིར་གནས་སྡོད་བྱེད་མཁན་ཞིག་ཡིན་ཚེ་ན་ཚ་གློ་ཚད་དམ་ཨཱེ་ཙི་ན་ཚ་ HIV/AIDS ཕོག་པའི་གོ་སྐབས་ནི་ཨོ་གླིང་ལས་ལྡབ་གཉིས་ཙམ་མང་བ་ཡོད་པ་དེ་རེད། ན་ཚ་འདིའི་རིགས་ཕོག་མཁན་གྱི་ཨ་རི་བའི་གྲངས་ཀའི་བསྡུར་ཚད་ནི་བརྒྱ་ཆ་ ༠།༦ ཡིན་ལ། ཨོ་གླིང་ནི་བརྒྱ་ཆ་ ༠།༣ རེད། ཨོ་གླིང་བའི་མི་གྲངས་ ༡༠༠༠ ནང་དུ་མི་གྲངས་ ༢།༩༩༩ ནི་སྨན་པ་ཡིན་ལ། དེ་ཨ་རི་ལས་ ༢།༦༧༢ ཀྱིས་མང་བ་ཡོད་པ་རེད།

 

 

 

ལྔ་པ། ཚེ་ཚད།

ཕྱོགས་མང་པོ་ནས་བཤད་ན། ཨོ་གླིང་གི་འཚོ་བའི་གོམས་སྲོལ་འདི་ཁྱོད་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། ཨོ་གླིང་བའི་ཆ་སྙོམས་ཀྱི་ཚེ་ཚད་ནི་ཨ་རི་བ་ལས་ཟླ་བ་ ༤༠།༨ ཙམ་མང་བ་ཡོད་པ་དེ་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ནི་ལོ་ ༨༡།༩ ལ་ཟིན་གྱི་ཡོད། དེང་ཨོ་གླིང་བུད་མེད་ཀྱི་ཚེ་ཚད་ནི་ ༨༣།༩ ཡིན་པ་དང་། དེས་ཨ་རི་བའི་བུད་མེད་ཀྱི་ཚེ་ཚད་ལོ་ ༨༠།༨ ལས་བརྒལ་ཡོད། རྒྱལ་ཁབ་འདི་གཉིས་ཀྱི་སྐྱེས་པའི་ཚེ་ཚད་དབར་ལའང་ཧེ་བག་གཅིག་མཚུངས་རེད། ཨོ་གླིང་སྐྱེས་པའི་ཆ་སྙོམས་ཀྱི་ཚེ་ཚད་ནི་ལོ་ ༧༩།༣། ཡིན་པ་དང་། ཨ་རི་སྐྱེས་པའི་ཆ་སྙོམས་ཀྱི་ཚེ་ཚད་ནི་ ༧༥།༦ རེད། ཨ་རི་བའི་ཕྲུ་གུའི་ཤི་རྐྱེན་གྱི་བསྡུར་ཚད་ཀྱང་ཅུང་མཐོན་པོ་རེད། ཕྲུ་གུ་ ༡༠༠༠ ནང་ཨ་རིའི་ཤི་རྐྱེན་གྱི་བསྡུར་ཚད་ནི་ ༦།༠༦ ཟིན་ཡོད་པ་དང་། ཨོ་གླིང་གི་དེའི་གྲངས་ཀ་ནི་ ༤།༦༡ ཙམ་ཡིན་པ་རེད།

 

 

ལོ་ངོ་ཧྲིལ་པོ་ ༢༠ ཙམ་ཨོ་གླིང་དུ་འཚོ་བཞིན་པའི་ཡུལ་གྱར་བ་རྒས་པོ་འདིས་ཨོ་གླིང་དུ་འཚོ་རྒྱུར་གདམས་པ་ལས་ཨ་རིར་མི་འགྲོ་བའི་རྒྱུ་རྐྱེན་གཞན་གཅིག་ནི་སྣང་མེད་གཏོང་ཐབས་མེད། ཨ་རིར་འཇིགས་བསྐུལ་བའི་རྡུང་རྡེགས་ཕོག་པའམ་དྲག་པོའི་དོན་རྐྱེན་ནི་ཨོ་གླིང་ལས་ཆེས་མང་བ་ཡིན། ངས་བསམ་པར་ཨོ་གླིང་ངམ་ཡང་ན་ཨོ་གླིང་མི་ཚོས་མིག་སྔར་གྱི་གནས་སྟངས་ལ་ཡིད་ཚིམས་ཏེ་སྨྱོ་ཧམ་བྱེད་འདོད་མེད་པ་དེ་འཇིགས་བསྐུལ་རིང་ལུགས་པ་ཚོས་ཀྱང་དེར་སྣང་མེད་འཇོག་ཅིང་། ཨོ་གླིང་དུ་འཇིགས་བསྐུལ་དགོས་མཁོ་མེད་པར་འཇིགས་སྣང་མི་དགོས་པ་ཚོར་ཡོད་སྲིད།

 

 

འཇིགས་བསྐུལ་དོན་རྐྱེན་དངོས་སུ་འབྱུང་སར་སྡུག་གྱོང་རག་མཁན་ནི་སྤྱི་བཏང་གི་མི་དམངས་ཚོ་ཡིན། ཨ་རིའི་ཕོ་བྲང་དཀར་པོའི་སྒེའུ་ཁུང་ལ་རྡེའུ་ཡིས་ཕུག་མྱོང་ཡང་། འཕུར་མདར་ཁུང་ཞིག་ཕུག་མི་སྲིད། འདི་ནི་ཟུར་བཤད་ཙམ་ལས་བརྗོད་གཞི་དང་རིང་དྲག་སོང་། ཅེས་བཤད་ཡོད་པ་རེད།

 

 

 

མ་རྩོམ་འབྲེལ་ཐག

http://blog.sina.com.cn/s/blog_62f005bb0102dt6q.html?tj=1

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།