དྲ་ཐོག་འདུག

None

ཨོ་གླིང་གི་གནས་སྟངས་ཡ་མཚན་བཅུ།

images/stories/Gangkarsem/au.pngཨོ་གླིང་གི་གནས་སྟངས་ཡ་མཚན་བཅུ།

澳洲十大怪事

Australia's top ten strange things

ངོ་མ་ཤར་དང་ནུབ་ཀྱི་གླིང་གཉིས་དབར་ཁྱད་པར་ཆེན་པོ་ཡོད་པ་དེར་ངོས་ལེན་མི་བྱེད་ཁག་མེད་རེད། ངས་ཧུར་བརྩོན་ཆེན་པོས་སྲོལ་རྒྱུན་གྱི་མིག་གིས་ཨོ་གླིང་ལ་མཐོང་སྣང་ཡོད་པ་དེ་དག་དོར་ཐབས་བྱས་ཀྱང་ད་དུང་ཡ་མཚན་ཆེན་པོ་འདྲ་མཐོང་ཡོང་གི་འདུག

༡། རྒྱལ་ཁོངས་ནང་འཛུལ་དུས་གོ་རིམ་བརྒྱུད་དགོས་ས་མང་། ཤ་ཟས་རིགས་ལ་ཧ་ཅང་དོ་ནན་བྱེད།

ཨོ་གླིང་རྒྱལ་ཁོངས་སུ་འཛུལ་དུས་རྟགས་དཔྱད་དང་སྔོན་འགོག་རིགས་ལ་དོ་དམ་ནི་ཧ་ལས་པ་ནན་པོ་རེད། གལ་ཏེ་ཁྱོད་ཀྱིས་འཁྱེར་མི་ཆོག་པའི་དངོས་པོ་དཔེར་ན་ཆང་རག་དང་དུ་བ་ཚད་བརྒལ་བ་དང་། ཟས་རིགས། སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་ཟས་རིགས་བཅས་འཁྱེར་བའམ། དམིགས་བསལ་དུ་ཤ་ཟས་རིགས་འཁྱེར་ཡོད་ན་དེ་ལ་ངེས་པར་བདེན་པ་བདེན་ཐུབ་ཀྱིས་འབྲེལ་ཡོད་ལ་སྙན་སེང་ཞུས་ཏེ་རྟགས་དཔྱད་ཟིན་རྗེས་དེ་དག་གཡུགས་བཞག་ནའང་འགྲིགི་ཡོད་པ་རེད། འོན་ཀྱང་དེ་ལས་ལྡོག་སྟེ་དཔེར་ན་ཁྱོད་ཀྱིས་དམིགས་སུ་བཀལ་ནས་དེ་དག་སྦས་རྐུང་བྱས་ཚེ་དོ་དམ་པས་ཁྱོད་ལ་ཉེས་ཆད་དངུལ་འབོར་གཅོད་སྲིད་ལ་དེ་བས་ཚབ་ཆེན་གྱི་རིགས་ཁྲིམས་ལའང་སྦྱོར་སྲིད་པ་ཞིག་རེད།

 

 

༢། སྲོག་ཆགས་རིགས་ཀྱི་འཚོ་བའི་སྤུས་ཚད་མཐོ། ར་ལུག་གི་གྲངས་ཀ་མི་ལས་མང་།

ཨོ་གླིང་ནི་མི་འབོར་ཁྲི་ ༢༤༠༠ ལས་མེད་པའི་རྒྱལ་ཁབ་ཞིང་འབྲོག་ལས་དར་ཆེ་བ་འདིར་ར་ལུག་ཐོག་བཞོན་པའི་རྒྱལ་ཁབ་ཅེས་འབོད་སྲོལ་ཡོད། འདི་ནི་འཛམ་གླིང་ཐོག་བལ་དང་གླང་ཤའི་རིགས་མང་ཤོས་ཕྱི་ཚོང་བྱེད་པའི་རྒྱལ་ཁབ་ཅིག་ཡིན། རའི་གྲངས་འབོར་དུང་ཕྱུར་གཉིས་ཟིན་ལ་ཉེ་བ་དེ་ནི་མི་འབོར་ལས་ལྡབ་བརྒྱད་ལས་མང་། བ་ཕྱུགས་གྲངས་འབོར་ཡང་མི་གྲངས་ལས་མང་བར་བརྟེན། བདེ་སྐྱིད་ལྡན་པའི་ཨོ་གླིང་གི་མི་ཚོས་སྤུས་ཀ་མཐོ་བའི་འོ་མ་དང་ཕྱུ་རའི་རིགས་དང་ཤ་རིགས། བལ་གོས་བཅས་ཕྱུགས་རྫས་རིགས་ཅི་དགའ་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།

 

 

༣། གཞུང་གིས་འགྲེམ་འགྲུལ་ཉེན་རྟོགས་པ་བརྐོས་མེད། རྟགས་ཀྱིས་ལམ་ཁ་གསལ་དགོས་པ་ཡིན།

ཨོ་གླིང་དུ་གཞུང་ལམ་ཐོག་འགྲེམ་འགྲུལ་ཉེན་རྟོགས་པ་ཟེར་བ་དེ་འདྲ་མེད། མི་ཚང་མས་གཞུང་ལམ་ཐོག་གི་འགྲེམ་འགྲུལ་གློག་དང་ཁ་ཕྱོགས་སྟོན་པའི་རྟགས་དེ་དག་ལ་བལྟས་ནས་འགྲོ་དགོས་ལ་གཞུང་ལམ་ཐོག་གི་སྒྲིག་སྲོལ་ནི་ཧ་ཅང་ལེགས་པོ་རེད། གལ་ཏེ་ལམ་དུ་རླངས་འཁོར་གྱི་མགྱོགས་ཚད་བརྒལ་བའམ་གློག་དམར་བརྒལ་རན་པའི་ས་གནས་སྔོན་ཙམ་དུ་ངེས་པར་དུ་དེ་དག་གི་སྔོན་འགྲོའི་རྟགས་མཚན་མཚོན་པའི་འཕྲད་བྱང་སོགས་ནས་ཁ་ལོ་བར་ཉེན་བརྡ་སྤྲོད་དགོས་པ་ཡིན། དེ་འདྲ་མིན་ཚེ་དེ་ནི་འབྲེལ་ཡོད་ཚོས་སྒྲིག་འགལ་གྱིས་ཁྲིམས་ལག་བསྟར་བྱས་པར་ལྟ་གི་ཡོད་པ་རེད།

 

 

༤། ཕྱུག་བདག་གི་སྒོ་འགྲམ་རླངས་འཁོར་ཐེབས་ཆག་བཞག གཞུང་ལམ་དུ་རླངས་འཁོར་སྤུས་ལྡན་རྒྱུགས།

ཨོ་གླིང་བ་ཚོས་རླངས་འཁོར་གྱི་སྤུས་ཀ་ཆེ་ཆུང་དང་མིའི་སྤྱི་ཚོགས་ཀྱི་གོ་རིམ་གཉིས་མཉམ་གཅིག་ཏུ་བཞག་ནས་ལྟ་བའི་ལུགས་སྲོལ་མེད་པ་མ་ཟད། སྤུས་ཚད་ལེགས་ཉེས་ཀྱི་རླངས་འཁོར་གཉིས་ལའང་གོང་ཚད་ཀྱི་ཁྱད་པར་དེ་ཙམ་ཆེན་པོ་མ་རེད། དེར་བརྟེན། རིན་གོང་ཁྲི་སྟོང་ཕྲག་སྤྲད་ཟིན་པའི་ཕྱུག་བདག་གི་གཞིས་ཁང་དུ་ཨོ་སྒོར་ཁྲི་གཉིས་གསུམ་ཙམ་སྦྱིན་པའི་ཉི་ཧོང་གི་རླངས་འཁོར་རེ་བཞག་ཡོད་པ་ནི་ཡ་མཚན་དགོས་པ་ཞིག་གང་ཡང་མ་རེད། དེ་བས་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་སྤུས་ཚད་ནི་ཞན་པོ་མིན་ལ་སྤྱི་བཏང་གི་ཆ་ནས་སྤྱི་སྤྱོད་རླངས་འཁོར་གྱི་རིགས་གཙོ་བོ་སྤུས་ཚད་ལྡན་པའི་རྟགས་ཅན་རིགས་ལ་ཚོད་འཛིན་གྱིས་ཉོས་པ་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོར་ཡོང་ཕྱིར་འདིས་རང་བྱུང་གི་སྣུམ་རིགས་བེད་སྤྱོད་ཀྱི་ཡོད།

 

༥། སོ་སོས་ཚོང་ར་ཆེན་མོའི་ནང་གི་གློག་འཕྲུལ་ཐོག་ཅ་དངོས་ཀྱི་ལྗིད་ཚད་མཇལ་ཞིང་གོང་ཚད་སྤྲོད་དགོས།

ཨོ་གླིང་དུ་དྲང་ཚུགས་ཀྱི་ལམ་ལུགས་འཐུས་ཚང་བ་ཞིག་དང་སྤྱི་ཚོགས་ཀྱི་གོམས་གཤིས་ཀྱང་ཧ་ཅང་ལེགས། ཚོང་ར་ཆེན་པོའི་ནང་ཞབས་ཞུ་བའི་དངུལ་ལེན་མཁན་ཡོད་ལ། སོ་སོས་དངུལ་སྤྲོད་སའི་འཕྲུལ་འཁོར་སྤྱོད་དེ་དངུལ་སྤྲོད་ཀྱང་འགྲིག་གི་ཡོད་པ་རེད། ཚོང་རྫས་རིགས་དང་ལྕི་ཚད། གློག་གི་ཞིབ་བཤེར་བཅས་གདམ་ཁ་བྱེད་པ་ཚང་མ་སོ་སོས་བྱེད་དགོས། དངུལ་སྤྲོད་པར་གློག་འཕྲུལ་ལ་བརྡར་ཆོག་པའི་སྟབས་བདེའི་དངུལ་འཛིན་ལག་ཁྱེར་དང་ཡང་ན་དངུལ་དམར་ཅི་རུང་སྤྲོད་ཆོག་པ་དེ་ནི་ཧ་ཅང་སྟབས་བདེ་པོ་རེད།

 

 

༦། ཤུགས་ལས་བྱེད་མཁན་བློ་ཡིད་ཚིམས་ནས་ཡོད། དངུལ་མང་བསག་ཅིང་སྤྲོ་བས་ཁེངས་ནས་ཡོད།

ཤུགས་ལས་བྱེད་མཁན་ཚོར་འདིར་མཐོང་ཆུང་བྱེད་མཁན་མེད་པ་མ་ཟད། གཞན་དང་བསྡུར་ན་ཁོ་ཚོས་ཡོང་འབབ་ཀྱང་ཧ་ཅང་མཐོན་པོ་རག་གི་ཡོད། དེ་བས་ཁོ་ཚོས་ཡོང་འབབ་བསགས་པ་དེ་ནི་གཞུང་ལས་ཁང་གི་གཞུང་ཞབས་ལས་མང་བ་མ་ཟད། ལས་དུས་སྐབས་སུའང་ཧ་ཅང་རང་དབང་ཆེ་བར་བརྟེན། ཤུགས་ལས་རིགས་ནི་ཨོ་གླིང་མི་ཚོས་ཧ་ཅང་དགའ་མོས་བྱེད་ཡུལ་གྱི་ལས་རིགས་གྲལ་ཞིག་རེད།

 

 

༧། ཚང་མ་གྲོས་ཚོགས་ར་བར་འཛུལ། གྲོས་ཚོགས་གཉིས་ལ་དོ་སྣང་དགོས།

མཉམ་འབྲེལ་གྲོས་ཚོགས་ནི་ཨོ་གླིང་ཆེས་མཐོའི་ཁྲིམས་བཟོ་ལྷན་ཁང་དེ་ཡིན་ལ་དེར་གྲོས་ཚོགས་ཅེས་འབོད། དེའང་གྲོས་ཚོགས་གོང་འོག་གཉིས་ཀྱིས་གྲུབ། རྒྱལ་ཁབ་སུ་ཡིན་ཡང་དོན་ཆེན་ཚང་མ་གྲོས་ཚོགས་སུ་བགྲོ་གླེང་གོ་བསྡུར་གྱིས་ཐག་གཅོད་དགོས་ལ། གྲོས་ཚོགས་གོང་འོག་འཚོགས་རིང་བདེ་འཇགས་ཀྱི་རྟགས་དཔྱད་ཀྱིས་གོ་རིམ་ཅུང་ཙམ་ལས་མི་དགོས་པར་གང་ཟག་སུ་འདྲ་ཡིན་ཡང་སྐུ་དངོས་སུ་གྲོས་ཚོགས་སུ་བཞུགས་ཏེ་ཟུར་ཉན་ཆོག་ཅིང་། དངོས་སུ་རྒྱལ་ཁབ་ཀྱི་དོན་ཆེན་གོ་བསྡུར་ལ་མྱོང་ཚོར་ཐོབ་ཐུབ།

 

༨། དུ་ནག་རྫས་རིགས་སྤྱོད་ན་ཁྲིམས་འགལ་མིན། གང་སར་དེའི་ཁབ་དང་སྨན་ཤུལ་བསྡུ་བསོགས་བྱེད།

ཨོ་གླིང་དུ་དུ་ནག་ཚོང་བ་ནི་ཁྲིམས་འགལ་ཡིན། འོན་ཀྱང་དུ་ནག་འཐེན་པ་ནི་ཁྲིམས་མཐུན་ཡིན། གང་ཡིན་ཟེར་ན་དུག་བཙོང་བ་ནི་གཞན་ལ་གནོད་བསྐྱེལ་གྱི་ཡོད་ལ། དུག་འཐེན་པ་ནི་སོ་སོར་གནོད་པ་ཙམ་རེད། དེའང་རང་ཤི་རྒྱག་ན་ཁྲིམས་འགལ་མིན་པ་ལྟར་རེད། དུ་ནག་སྤྱོད་ཚར་བའི་ཁབ་དེ་དག་གང་སར་མི་གཡུག་པའི་ཆེད་དུ་གསང་སྤྱོད་དང་། ཡང་ན་ལམ་ཟུར་དུ་རྒྱུན་དུ་ང་ཚོས་དུ་ནག་སྤྱོད་ཚར་བའི་ཁབ་མགོ་དེ་དག་ཕྱིར་བསྡུའི་ལྕགས་སྒམ་སེར་ཆུང་དེ་འདྲ་མཐོང་རྒྱུ་ཡོད་ཡོད་པ་རེད།

 

༩། ཚོང་ར་དགོང་མོ་ཆུ་ཚོད་ ༦ ཐོག་སྒོ་བརྒྱབ་ཅིང་། དངུལ་ཁང་སྦྲག་ཁང་གཟའ་མཇུག་ལ་སྒོ་རྒྱག་གི་རེད།

སྤྱི་བཏང་གི་ཆ་ནས་ཚོང་ཁྲོམས་སྔ་པོ་ནས་སྒོ་བརྒྱབ་ཀྱི་ཡོད། འགའ་རེ་ནི་གཟའ་མཇུག་ཏུ་སྒོ་ཕྱེ་གི་ཡང་མེད། གཟའ་ཕུར་བུ་ཉིན་དངུལ་ཕོགས་སྤྲོད་པའི་དུས་ཚོད་ཉིན་ཁོ་ནར་དགུང་མོ་ཆུ་ཚོད་ ༩ པའི་བར་སྒོ་ཕྱེ་གི་ཡོད་པས་དེར་ཚོང་རྫས་ཉོ་བའི་ཉིན་མོ་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད། དངུལ་ཁང་སོགས་ཞབས་ཞུའི་སྡེ་ཚན་ནི་གཟའ་མཇུག་ལ་སྒོ་རྒྱག་གི་ཡོད།

དེ་བས་ལས་ཀ་བྱེད་པའི་དུས་ལ་གཞི་ནས་སྒོ་ཕྱེ་གི་ཡོད་པས་དེར་ལོབ་སོང་ན་གཞི་ནས་གོམས་ཐུབ་ཀྱི་ཡོད།

 

༡༠། གཞུང་གིས་དཔང་པོའི་ས་ཚིགས་བཙུགས་མེད་པས། སྨན་པ་དང་ཆེད་ལས་པས་དེའི་ལས་ཀ་བྱེད་ཀྱི་ཡོད།

རིན་མེད་ཀྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་མཁན་རིགས་གཅིག་ནས་གཞན་ལ་དཔང་ཡིག་གནང་བ། དེའི་འདྲ་བཤུས་སྤྲོད་ཆོག་ཅིང་དཔང་པོ་བྱེད་པའི་དབང་ཆ་ཡོད་པ་རེད། འདིར་དཔང་པོ་བྱེད་མཁན་གྱི་སྡེ་ཚན་མེད་ཅིང་། དཔང་པོ་དགོས་ཤིང་དེ་འབྲེལ་གྱི་ཡིག་ཆ་སོགས་དགོས་རིགས་ནས་ཉེས་རྟོགས་པ་དང་། སྨན་རྫས་རྟགས་མཁན་དང་དེ་འབྲེལ་མི་སྣ་འཚོལ་ནས་བྱེད་ཆོག་ལ། དེའང་རིན་མེད་ཀྱིས་མི་མང་ལ་ཞབས་ཞུ་སྒྲུབ་མཁན་གྱི་ཆེད་ལས་པའི་རིགས་ཤིག་ཡིན།

 

མ་རྩོམ་འབྲེལ་ཐག

http://www.oslifecn.com/oslife_cn/index.php/article/contentpage?id=341

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།