དྲ་ཐོག་འདུག

None

ཆོས་དཔེའི་ནང་གི་ཡ་མཚན་གྱི་རྣམ་པ་བཅུ།

ཆོས་དཔེའི་ནང་གི་ཡ་མཚན་གྱི་རྣམ་པ་བཅུ།
10 most wonderful things in the Bible
聖經中10大最奇妙現象


༡༠། རྒྱ་མཚོ་དམར་པོ།
ཨཱི་ཇིབ་ Egypt ས་ནས་ཕྱིར་དོན་པའི་ཟིན་ཐོ། ཞེས་པའི་དེབ་ནང་དཀོན་མཆོག་གིས་མཱོ་ཞི་Moses ལ་ནུས་པ་བསྩལ་ཏེ་རྒྱ་མཚོ་དམར་པོ་ཁག་བགོས་སྟབས། ཨཱི་ཟི་རལ་ Israel ལམ་ཇེའུ་མི་རྣམས་ཨཱི་ཇིབ་ནས་ཐར་ཐུབ་པ་བྱུང་བའི་སྐོར་འཁོད་ཡོད། ཨ་རིའི་ཚན་རིག་མཁས་དབང་ནས་ཀྱང་རྒྱ་མཚོ་དེའི་ཆུ་བོ་ཁ་འབྱེད་པའི་སྐོར་དེ་བཞིན་ར་སྤྲོད་བྱས་ཟིན། དེའང་རང་བྱུང་ཁམས་ཀྱི་རླུང་འབབ་ Wind down ཅེས་པའི་འགྱུར་འགྲོས་ཤིག་གིས་བགྱིས་པ་ཡིན་སྲིད་པ་རེད།

རླུང་དམར་དེས་རྒྱ་མཚོ་སྐམ་ཞིང་སྐམ་ས་ཕྱིར་མངོན་པའི་ནུས་ཆེན་མདང་ངེས་ཡོད་པར་བརྟེན། མི་རྣམས་སྐམ་ས་དེ་ནས་བདེ་འཇགས་ངང་ཕར་འགྲོ་ཆོག་པ་ཡིན།

ཞིབ་འཇུག་མི་སྣས་ནཱེལ་ Nile ཆུ་བོའི་སྒང་རླུང་དམར་ཕབ་པའི་ཚོད་ལྟ་ཞིག་བྱས། གལ་ཏེ་ཤར་རླུང་དེ་སྟོང་རྨིས་ ༡༠༡༠ གྱི་མགྱོགས་ཚད་ཀྱིས་ཆུ་ཚོད་ ༡༢ ལ་ལྡང་ན་རྒྱ་མཚོའི་ཆུ་བོ་ནི་ཆུ་ཚོད་ ༤ ཡི་ནང་ཚུད་ཕྱིར་རྒྱུགས་འོང་མི་སྲིད། དེ་ལྟར་ན་ཨཱི་ཟེ་རལ་གྱི་མི་རྣམས་ནས་ལྷོད་དལ་ངང་ཆུ་བརྒལ་ཆོག་གི་རེད།

༩། ནཱོ་ཡ་Noah ཡི་གྲུ་གཟེངས་།

ནཱོ་ཡས་དུད་འགྲོ་ཡོད་ཚད་ཀྱི་རིགས་མི་འདྲ་བ་གཉིས་རེ་ཤོང་བའི་སྒོ་ནས་ཆུ་ལོག་གི་ཉེན་ཁ་ལས་གཡོལ་ཐུབ་པའི་གྲུ་གཟེངས་གཅིག་བཟོས། ནཱོ་ཡས་ཕལ་ཆེར་དུད་འགྲོ་གྲངས་ཁྲི་ ༣་༥ ཙམ་གྱི་སྲོག་སྐྱབས་ཡོད། ཆོས་དཔེའི་ནང་གྲུ་གཟེངས་དེའི་རིང་ཚད་ནི་རྨཱིས་ཁྲལ་ ༡༤༤ ཡོད་པ་འཁོད་ཡོད། ཚན་རིག་མཁས་དབང་གིས་གྲུ་གཟེངས་དེར་ཕལ་ཆེར་དུད་འགྲོའི་གྲངས་འབོར་ཁྲི་བདུན་ཙམ་བཞག་པའི་གནས་སྟངས་འོག་མཚོ་ཐོག་ནས་བརྒལ་བའི་སྐོར་མཚོན་ཐབས་བྱས་ཡོད་པ་རེད།

ཤིང་བཟོ་ཀྱཱོན་ཧོ་བིས་ John Huibers ལོ་གསུམ་ནང་སྒོར་ཁྲི་ ༡༥༠ སྤྱོད་དེ་ནཱོ་ཡའི་གྲུ་གཟེངས་འདྲ་པོ་ཞིག་བཟོས། ད་ལྟའི་ཆར་གྲུ་གཟེངས་དེ་ནི་ནཱེ་ཏི་ལན་ཟི་ Netherlands ཡི་ལྟ་སྐོར་བྱེད་སའི་གནས་ཤིག་ཆག་ཡོད། གྲུ་གཟིངས་དེའི་ནང་དུ་གློག་བརྙན་ཁང་གཉིས་དང་ཟ་ཁང་ཞིག་ཡོད་པ་རེད།

༨། འབར་བཞིན་པའི་ཚེར་མ།

ཨཱི་ཇིབ་ནས་ཕྱིར་དོན་པའི་ཟིན་ཐོའི་ནང་ཚེར་མའི་ནགས་དེ་མཱོ་ཞི་ Moses ཡི་མིག་མདུན་དུ་རང་བཞིན་གྱིས་འབར་ཡོད་པ་མ་ཟད། དེས་དཀོན་མཆོག་གི་ངོ་བོའི་ཐོག་ནས་ཁོ་དང་ཁ་བརྡ་བྱས་པའི་སྐོར་འཁོད་ཡོད།

ཁཱམ་བི་རི་ཅིའི་ Cambridge དངོས་ཁམས་རིག་པའི་མཁས་དབང་ཁཱོ་ལིང་ཧམ་བིས་ Colin Humpheys ཚེར་མའི་ནགས་དེ་ནི་སེང་ལྡེང་གི་སྡོང་པོ་ཡིན་སྲིད་ཅིང་། དེ་དག་ཁག་ཅིག་མེ་རིའི་ཁར་སྐྱེས་ཤིང་ཚ་དྲོད་མཐོན་པོ་དང་ཤུགས་ཀྱིས་འབར་བའི་གནས་ནས་གཡོལ་ཕྱིར་ཡིན་སྐོར་ཚོད་དཔགས་བྱས།

སེམས་ཁམས་རིག་པའི་མཁས་དབང་བྷེ་ནི་ཞ་ནོན་ Benny Shanon གྱིས་མཱོ་ཞིའི་རྣ་ཟུར་ནས་གྲགས་ཡོང་བའི་སྒྲ་ཞིག་དང་། དཀོན་མཆོག་གི་སྒྲ་དེའང་ཁོས་ས་གནས་རང་གི་འཁྲུལ་སྣང་སྐྱེ་བྱེད་ཀྱི་རྩིཤིང་གི་རྫས་ཤིག་ཟོས་ནས་བྱུང་བས་ཡིན་པར་ངོས་འཛིན་བྱས། རྩི་ཤིང་རིགས་དེ་ནི་ལོ་རྒྱུས་འདི་བྱུང་བའི་ས་གནས་སུ་སྐྱེས་པའི་རྩི་ཤིང་དུམ་མཚམས་དགུ་ཅན་ལྡན་པའི་རྩི་ཤིང་ཞིག་གི་ལོ་མ་ནས་ལེན་པ་ཞིག་ཡིན།

༧། ཨཱི་ཇེབ་ཀྱི་འགོས་ནད་ཆེ་ཁག་བཅུ།

ཨཱེ་ཇེབ་ཀྱི་རྒན་རབས་ནས་ཨཱི་ཟེ་རལ་ Israel ལ་གཉའ་གནོན་བྱས་པའི་ཉེས་པ་བསགས་པར་བརྟེན། དཀོན་མཆོག་གིས་དེར་འགོས་ནད་ཆེན་པོ་བཅུ་ཁྱབ་དར་བཏང་བའི་ས་དེར་ཁྲིམས་ཆད་ཕོག དེང་ཚན་རིག་གིས་འགོས་ནད་བཅུ་དེ་དག་ཀྱང་ཁྱབ་ཡོད་སྲིད་པར་ར་སྤྲོད་བྱས་ཟིན་པ་ཞིག་ཡིན། ནཱེལ་ཆུ་བོའང་བཱོ་ལང་ཏི་ Burgundy ཡི་ཕྱོགས་ཀྱི་རྩ་དམར་པོས་མཚོན་གྱིས་ཆུ་བོ་དེ་ཁྲག་ལྟར་དམར་བར་བསྒྱུར་སྲིད་པའི་སྐོར་ར་སྤྲོད་བྱས། ཆུ་རྩ་དེ་དག་གི་ནང་སྦལ་པ་དང་ཤིག བོང་བ་བཅས་འཁོར། འཚབ་འཚུབ་ཀྱི་ལྕོང་མོའང་གང་མགྱོགས་ཀྱིས་སྦལ་པར་གྱུར་བ་དང་། དེ་ནས་སྦལ་པ་ཤི་རྗེས་འབུ་སྲིན་ཡང་སྐྱེས་སྲིད་པ་ཡིན། འབུ་སྲིན་དེ་དག་གིས་འགོས་ནད་ཐེངས་ལྔ་པའམ་འཁྱེར་སྲིད་པའམ། དེ་དག་གིས་ཤི་རྐྱེན་དང་རྨ་ཁའང་བཟོ་སྲིད་པ་རེད། ལོ་ ༣༥༠༠ ཡི་སྔོན་དུ་བྱུང་བའི་ལོ་རྒྱུས་ཐོག་གི་མེ་རི་མཆེད་གཞི་ཆེ་ཤོས་དེས་མཐའ་མཇུག་གི་འགོས་ནད་བྱུང་། དེས་ཨཱེ་ཇེབ་ལ་སེར་བ་བབས་ཅིང་འབུ་སྐྱོན་བྱུང་། མཇུག་ཏུ་དུག་ཡོད་པའི་སྔོ་ཧམ་ལྗང་ཁུའི་བཟའ་འབྲུའི་རིགས་གཅིག་གི་རྫས་དེས་ཨཱེ་ཇེབ་ཏུ་སྐྱེས་པའི་ཕྲུ་གུ་ཐོག་མ་དེའི་ཚེ་སྲོག་འཕྲོགས་ཡོད་པ་རེད།

༦། སྔར་བྱུང་མ་མྱོང་བའི་ཆུ་ལོག

དུས་རབས་བསྐྲུན་པ། ཞེས་པའི་དེབ་ནང་དཀོན་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་ཉེས་པ་དག་ཕྱིར་ཆར་པ་ཉིན་མཚན༤༠ ལ་བཏང་ནས་ཆུ་ལོག་བྱུང་། དུས་རབས་སྔོན་གྱི་ལོ་ངོ་ཁྲི་གཅིག་སྔོན་དུ་འཇིག་རྟེན་འདིར་གྲང་ངར་གྱིས་ཡོངས་སུ་བསྡམས། ལོ་ངོ་སྟོང་ཕྲག་རྗེས་གནམ་གཤིས་སུ་གཞི་ནས་དྲོད་སླེབས་པ་རེད། དུས་རབས་སྔོན་གྱི་ལོ་ངོ་ ༥༠༠༠ ལ་རྒྱ་མཚོའི་ངོས་དེ་མཐོ་རུ་སོང་བ་དང་། མཱེ་ཊི་ཊེ་ཡན་རྒྱ་མཚོའི་ Mediterranean Sea མཚོ་ངོས་དེ་མཐོ་འདེགས་བྱུང་ནས་ཡོངས་རྫོགས་ཆུས་བསྣུབས་པ་རེད།

རིག་པའི་གཞུང་ལུགས་དེར་ཞིབ་འཇུག་བྱེད་མཁན་ཚན་རིག་མཁས་དབང་གིས་མཐོ་ས་ནས་སར་ཤོར་བའི་འབབ་ཆུ་ནཱེ་གྷ་རའི་ Niagara འབབ་རྒྱུན་གྱི་མགྱོགས་ཚད་ལྡབ་ ༢༠༠ ཡི་ཚད་ཀྱིས་མདུན་དུ་རྒྱུགས་འགྲོ་བར་བཤད། ཆུ་ལོག་དེས་ས་ཁྱོན་སྤྱི་ལེ་གྲུབ་བཞི་མ་སྟོང་རྨིས་ཁྲི་ ༡༥ ཡི་ཚད་ཀྱིས་རྒྱུགས་པས་མི་མང་ཁྲི་སྟོང་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད།

༥། ཉེས་ཅན་གྱི་གྲོང་ཁྱེར་ཟཱོ་ཊོ་མ་ Sodom དང་གྷོ་མོ་ར། Gomorrah

ཆོས་དཔེའི་ནང་དཀོན་མཆོག་གིས་མི་རྣམས་ཀྱིས་ནག་ཉེས་བསགས་རྐྱེན་ཇཱོ་

ཊན་ཆུ་བོའི་ཐང་ཆེན་ཐོག་གི་གནའ་བོའི་གྲོང་ཁྱེར་འདི་གཉིས་རྩ་མེད་བཟོས། དུས་རབས་གསར་བསྐྲུན་ཞེས་པའི་དེབ་ཏུ་ཇོ་ཧན་ཧས་ Jehovah གནམ་གྱི་སཱོ་ཧྥ་ཞེས་པའི་ལྡུལ་དང་མེ་ཟཱ་ཊོ་མ་དང་གྷོ་མོ་རར་ཕབ་པའི་སྐོར་འཁོད་ཡོད་པ་རེད།

༢༠༠༨ ལོར་དུས་རབས་གནའ་མའི་སྐབས་ཀྱི་འཇིམ་ལེབ་ཅིག་མཐོང་ཐུབ་ཡོད་པ་དེ་ནི་འཁོར་སྐར་གྱི་དཔང་རྟགས་ཤིག་ཏུ་ངོས་འཛིན་བྱས། མི་རྣམས་ཀྱིས་འཁོར་སྐར་དེས་དེ་སྔོན་གྲོང་ཁྱེར་འདི་གཉིས་ལ་རྡུང་ཁ་རྒྱབས་ཡོད་པར་ངོས་འཛིན་བྱེད་པ་དང་། འཁོར་སྐར་དེའང་ད་ལྟའི་ཆར་ས་གནས་དེ་གཉིས་ལ་སླེབས་ཡོད་པར་ངོས་འཛིན་ཡང་བྱེད་ཀྱི་ཡོད་པ་རེད།

༤། ཇཱེ་རི་ཁོ་ Jericho གྲོང་ཁྱེར་གྱི་གྱང་ར།

ཇཱེ་རི་ཁོ་ནི་ཇོ་ཅིས་ Joshua འགོ་འཁྲིད་པའི་ཨཱེ་ཛ་རལ་གྱི་མི་ཞིག་རེད། ཁོ་ཚོའི་ཕུག་བསམ་གྱི་ས་གནས་དེ་དབང་བསྒྱུར་ཐུབ་རྗེས་ཤོར་སོང་བའི་གྲོང་ཁྱེར་ཐོག་མ་དེ་རེད།

ཇཱེ་རི་ཁོ་ནི་རོང་གཤོངས་ཀྱི་དབུས་སུ་ཡོད་ལ་དེ་ནི་ས་འགུལ་རྒྱུགས་སླ་ཞིང་འཐོར་ལ་ཉེ་བའི་གྲོང་ཁྱེར་ཞིག་ཡིན། འབུམ་རམས་པ་ཨཱ་མོ་ཟི་ན་ Amos Nurཡིས་བརྗོད་གསལ་ལྟར་ན་ཆོས་དཔེའི་ནང་གསལ་བཤད་བྱས་པའི་དོན་རྐྱེན་དང་ཤེས་ཟིན་པའི་ས་འགུལ་རྒྱུགས་ས་གཉིས་གཅིག་མཚུངས་སུ་ཆག་ཡོད་པ་ཤེས་ཡོད།

ཁྲིམས་ལུགས་སྨན་པ་དང་འགྲོ་བ་མིའི་རིགས་སྐོར་གྱི་མཁས་དབང་མཱ་ཞོལ་ Michael Finnegan གྱིས་ལི་མའི་དུས་རབས་སྐབས་སུ་དེར་འཚོ་བཞིན་པའི་མིའི་རུས་ཤུལ་མཐོང་ཡོད་པ་དེས་ས་འགུལ་དེ་ནི་དོན་རྐྱེན་བྱུང་བའི་དུས་ཚོད་དེ་རང་དུ་བྱུང་བར་གསལ་པོ་བཟོས་ཡོད།

༣། བཅོས་ཐབས།

(གནམ་བདག་ཆོས་ལུགས་ཀྱི་དཀོན་མཆོག) ཇུ་ཞི་ Jesus ཡིས་ཁོ་བོའི་ཡ་མཚན་ཅན་གྱི་ནད་བཅོས་ཐབས་ཀྱིས་གྲགས་པ་འབར་བ་དང་། ཁོ་བོས་དེ་སྔོན་ཚ་ནད་དང་གནམ་གྲིབ། དེ་བས་སྐྱེས་པ་ཞིག་སླར་ཡང་གོམ་པ་སྤོ་ཐུབ་པ་བཟོས་མྱོང་ཡོད། དེའང་ཇུ་ཞིའི་བཅོས་ཐབས་དེ་ནི་གཞན་གྱི་སེམས་གསོ་ཐབས་ཙམ་ཡིན་སྲིད་པའམ་སེམས་ཁམས་ཀྱིས་བགྱིས་པ་ནས་བྱུང་བ་ཞིག་ཀྱང་ཡིན་སྲིད་པ་རེད།

༢༠༡༥ ལོར་ཚན་རིག་མཁས་དབང་ཚོས་རང་ལོ་ ༢༦ ཅན་གྱི་ལོ་ལྔའི་རིང་རྐང་པ་ཞ་བསྡད་པའི་དབང་པོ་སྐྱོན་ཅན་གྱི་སྐྱེས་པ་ཞིག་ཡར་ལང་ནས་འགྲོ་ཐུབ་པ་བྱས། རྩ་བའི་ཆ་ནས་བཤད་ན་སེམས་ཁམས་ནད་རིགས་ཆེད་མཁས་ཀྱིས་སྐྱེས་པ་དེའི་གླད་པ་ཡིས་ཁོ་པས་རྐང་པ་གཉིས་ཀྱིས་ལང་ནས་འགྲོ་ཐུབ་པར་ཧ་གོ་བཅུགས་ཡོད་པ་དེ་རེད།

༢། འཆི་ལོག ཆོས་དཔེའི་ནང་དཀོན་མཆོག་གིས་འགྲོ་བ་མི་རྣམས་འཆི་ལོག་རྒྱག་བཅུག་པའི་གནས་སྟངས་མི་འདྲ་བ་བཅུའི་སྐོར་གོ་རིམ་བཞིན་འཁོད་ཡོད། ཡིན་ཡང་ཚན་རིག་ཤེས་བྱ་དམན་པའི་རྐྱེན་གྱིས་དངོས་སུ་ཤི་མེད་པའི་ནད་པ་དེ་ནི་ཤི་ཚར་བར་གཏན་ཚིག་བཤད་རྒྱུ་ལས་སླ་པོ་ཡིན། ཞིབ་འཇུག་པ་ཝེ་ལན་ཊིབ་ William Tebb ཡིས་དུས་རབས་བཅུ་བདུན་པའི་ནང་མི་གྲངས་ ༢༡༩ གསོན་སྦས་བཏང་རྗེས་དེ་དག་འཆི་ལོག་རྒྱག་ཡོད་པའི་སྐོར་ཤེས་རྟོགས་བྱུང་ཡོད། ད་དུང་མི་གྲངས་ ༡༤༩ གསོན་སྦས་བྱས་པའི་ནང་གི་ ༡༠ མ་ཤི་བའི་སྔོན་དུ་སྟབས་མ་ལེགས་པར་ཁོག་པ་བཤག་པ་དང་། དེ་མིན་ ༢ མ་ཤི་བའི་སྔོན་དུ་ནས་བེན་རོ་རུལ་འགོག་གི་གནས་སྟངས་ལ་ངོས་འཛིན་གྱིས་ཐག་བཅད་བྱས་ཡོད་པ་རེད། ༡། ཇུ་ཞི་ཆུ་ཐོག་བགྲོད་པ། ཆོས་དཔོན་ཇུ་ཞི་ཆུ་བོའི་སྒང་ནས་སོང་བའི་སྐོར་ནི་ཆོས་དཔེའི་ནང་གི་ཆེས་སྐད་གྲགས་ཆེ་བའི་ཡ་མཚན་གྱི་རྣམ་པ་ཞིག་རེད། ཡོངས་སུ་མེད་པར་མ་ཆག་པའི་ཆུ་དང་འཁྱགས་པ་ཡོད་ས་ལ་རྒྱུགས་ཆུ་འཁྱགས་པ་ཟེར་སྲོལ་ཡོད་པ་དེ་རེད། དེ་ནི་ཇུ་ཞིའི་ཡ་མཚན་དངོས་བྱུང་དེ་བྱུང་བའི་འབྱུང་རྐྱེན་ཡང་ཡིན་སྲིད། ཚ་ཆུ་མཚེའུ་ནང་འབབ་ནས་མཚོ་དེ་འཁྱགས་པ་ལ་འགྱུར་བར་འགོག་ཐབས་བྱེད་སྐབས་སུ་དེར་དྭངས་གསལ་གྱི་འཁྱགས་པ་ཐུག་པོ་ཞིག་ཆག་སྲིད་པ་རེད། དེའང་ཆེས་འཐུས་ཚང་གིས་ཡ་མཚན་དངོས་བྱུང་སྐབས་སུ་གྷ་ལི་ལི་ Galilee རྒྱ་མཚོའི་རྣམ་པ་འབྲི་བཀོད་བྱས་ཡོད་པ་དེ་རེད། མ་རྩོམ་འབྲེལ་ཐག

https://kknews.cc/science/ro9nbn.html

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།