ཨོ་གླིང་ཡུལ་གྱི་གྲགས་ཅན་ཡུལ་ལྗོངས་འགའ་ངོས་སྦྱོར།

images/stories/Gangkarsem/12290794_201405261540180453.jpgཨོ་གླིང་ཡུལ་གྱི་གྲགས་ཅན་ཡུལ་ལྗོངས་འགའ་ངོས་སྦྱོར།
༡། སཱིད་ཉི་ཟློས་གར་ཁང༌།
(Sydney Opera House)
ཟློས་གར་ཁང་འདི་ཨོ་གླིང་རྒྱལ་ཁབ་ཀྱི་མཚོན་དོན་ཅན་གྱི་འཛུགས་སྐྲུན་གྱི་བཟོ་བཀོད་ཅིག་དང་སཱིད་ཉི་གྲོང་གི་གཙོ་གནད་ས་ཆ་ཞིག་རེད། ཟློས་གར་ཁང་ཕྱིའི་བཟོ་དབྱིབས་ནི་ཉའི་རྒྱབ་ཀྱི་ཉ་སོག་ལྟ་བུ་ཡོད་ལ་ལོ་ངོ་ཧྲིལ་པོ་ ༡༤ ཡིས་གྲུབ་ཅིང་འདི་ལ་འགྲོ་སོང་ཨོ་སྒོར་དུང་ཕྱུར་གཅིག་དང་ཁྲི་ཉིས་བརྒྱ་བཏང་སྐད་འདུག ཟློས་གར་ཁང་སྒོ་འབྱེད་སྐབས་ཨཱི་ཟ་པེལ་རྒྱལ་མོ་(Queen Elizabeth)སྐུ་ཕྲེང་གཉིས་པ་མཛད་སྒོར་ཕེབས་མྱོང་ཞིང༌། སྐབས་དེའི་དཔྱད་བརྗོད་ལྟར་ཟློས་གར་ཁང་འདི་རླབས་ཆེན་གྱི་འཛུགས་སྐྲུན་གྱི་བཟོ་བཀོད་གྲལ་ཞིག་ཆག

ཟློས་གར་ཁང་འདི་ལ་ས་ཁྱོན་རྨིས་ཁྲི་གྲུབ་བཞི་མ་ ༡༢༠ ཙམ་དང་ས་གནས་མེ་འཁོར་འབབ་ཚིགས་བྱང་ཕྱོགས་སའམ་སྤྱི་ལེ་ ༦ ཙམ་ལ་ཡོད། ༡༩༥༤ ལོར་སྐབས་དེའི་ནུབ་ཝཱེ་ཨལ་གྲོང་ཁྱེར་དམིགས་བསལ་ལྷན་ཁང་གིས་འཆར་འགོད་འགན་འཁྱེར་ནས་ཐོག་མའི་དུས་ཀྱི་ས་གནས་ ༣༠ ཙམ་ནས་ཕྱོགས་གསུམ་རྒྱ་མཚོས་བསྐོར་བའི་ས་ (Bennelong Point འ)དི་གདམས།)

 

ནང་ལོགས་སུ་ཁང་མིག་བཞི་སྟེ། རོལ་དབྱངས་ཚོགས་ཁང་ཆེན་མོ་དང་ཟློས་གར་ཁང༌། ཚོགས་ཁང་དང་རོལ་དབྱངས་ཁང་བཞིའོ། རོལ་དབྱངས་ཁང་དུ་སྡོད་ས་སུམ་སྟོང་ལྷག་ཡོད། དེ་མིན་ཚོགས་ཁང་དུའང་ལྟད་མོ་བ་སྡོད་ས་ ༤༢༠ ནས་ ༡༥༠༠ བར་མི་འདྲ་བ་ཡིན།

 

རོལ་དབྱངས་ཚོགས་ཁང་ཆེན་མོ་འདིར་སྡེབས་སྦྱོར་རོལ་དབྱངས་དང་ཟློས་གར། ཞབས་བྲོ་དང་ཛཱ་ཛ་( jazz རོལ་དབྱངས། དར་སྲོལ་རོལ་དབྱངས་བཅས་མཚན་ཚོགས་གྲངས་མེད་ཅིག་འཚོགས་མྱོངས།)

 

 དམིགས་བསལ་དུ་གླེང་འོས་པ་ཞིག་ནི་རོལ་དབྱངས་ཚོགས་ཁང་ཆེན་མོ་འདིའི་ནང་གི་འབུད་རོལ་ (organ) རོལ་ཆ་ནི་འཛམ་གླིང་ཡོངས་ཀྱི་ཤིང་གི་ཡུ་བའི་རོལ་ཆ་ཆེ་ཤོས་སུ་ངོས་འཛིན་བྱེད་ལ། དེའང་སྦུ་གུ་ཁྲི་གཅིག་གིས་གྲུབ་ཅིང་ལག་རྩལ་སྤུས་དག་པར་ཧ་ལས་པ་ཡིན་སྐད་འདུག ཟློས་གར་ཁང་དུ་ས་གནས་མང་པོར་ཧྥ་རན་སི་Franceནས་དབོར་ཡོང་བའི་ཤེལ་སྒོ་དང༌། དེའི་ཐོག་ཨོ་གླིང་རང་གི་དམིགས་བསལ་བའི་ཤིང་རིགས་གཉིས་སྡེབས་ནས་གྲུབ་པ་ཡིན། དེའི་བཟོ་བཀོད་ཀྱི་ཆ་ཤས་ནི་མཱ་ཡའི་རིག་གནས་དང་ཨ་ཙི་ཐེ་ཁའི་ (Aztec) ལྷ་ཁང་ལ་དཔེ་བལྟས།

 

ཟློས་གར་ཁང་འདི་ལ་ཁའི་ཉི་འོད་འོག་ཧ་ཅང་མཛེས་སྡུག་ལྡན། ཟློས་གར་ཁང་གི་ས་ཕག་དཀར་པོ་ཁྲི་ལ་ཟིན་པ་དེ་དག་ནི་གྲུ་གཟེངས་ཀྱི་རས་དཀར་ལྟར་ཕྱོགས་གསུམ་རྒྱ་མཚོས་བསྐོར་སར་ཡོད་སྟབས་མི་རྣམས་བརྗིད་ཉམས་དོད་པའི་སྒྱུ་རྩལ་གྱི་ཐོན་རྫས་འདིས་སེམས་འགུལ་དང་གཡོ་འགུལ་ཐེབས་སུ་བཅུག་གི་ཡོད།

 

༢། རི་སྔོན་པོར་འབོད་པའི་ཡུལ་ལྗོངས།
(Blue Mountains)
( འདིར་བྲག་གི་བུ་མོ་སྤུན་གསུམ་ཡང་ཟེར། )
འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་གི་ལྡུམ་རའམ་རི་སྔོན་པོ་ཟེར་སའི་ས་ཁམས་སུ་ཆགས་ཅིང༌། ལོ་ ༢༠༠༠ ནང་རང་བྱུང་ཁམས་ཀྱི་ཐོན་རྫས་སུ་ཚུད། ས་བབས་མཐོ་ཚད་མཱི་ཁྲེ་meter ༡༠༠༠ ནས་ ༡༢༠༠ དང༌། ལོ་རེར་ཆར་པ་འབབ་ཚད་ནི་ཧཱོ་མི་ Mm ༡༤༠༠ ནས་ ༡༥༠༠ བར་ཡིན། འདིར་གདོན་མའི་ཤིང་ནགས་སྣ་ཚོགས་དང་ཚ་བའི་ཡུལ་གྱི་ནགས་ཚལ་ཡོད། རི་སྔོན་མོ་ཟེར་དགོས་དོན་ནི་མི་ཚོས་རྒྱུན་དུ་དེ་ནས་སྨུག་སྤྲིན་སྲབ་པོ་ཞིག་མཐོང་ཐུབ་པས་ཡིན་སྐད།

 

མཐོང་སྣང་གི་ཡུལ་ལྗོངས་གྲུབ་སྟངས་དེ་ནི་ཨོ་གླིང་རྒྱལ་ཁབ་ཀྱི་རྩི་ཤིང་ཚི་ཤིང་ནས་ཐོན་པའི་ཤིང་སྣུམ་ཐོག་ཉི་འོད་ཐད་ཀར་འཕྲོས་ཏེ་རི་སྔོན་པོ་ནས་སྨུག་སྤྲིན་སྔོན་པོའམ་སྲབ་མོ་ཞིག་འཕྱུར་བས་ཡིན།

 

རི་སྔོན་པོའི་ནགས་ཚལ་དུ་ཚི་ཤིང་མི་འདྲ་བ་སྣ་ཁ་ ༩༠ ཙམ་དང༌། སྲོག་ཆགས་རིགས་ ༤༠༠ བརྒལ། འདིར་གདོན་མའི་ས་ཚིགས་མང་ཞིང༌། སྟ་རིས་བབཅད་པའི་འཕྲད་ཐིག རྡོ་བརྐོས། རྡོས་བཟོས་པའི་འཚོ་བའི་ཡོ་བྱད་བཅས་རིམ་གྱིས་མཐོང་ཐུབ་པ་བྱུང་ཡོད།

 

 དེང་རི་སྔོན་པོ་འདིར་གཅེས་ཉར་བྱུང་བའི་རིག་གཞུང་ཆ་ཚང་བ་ཞིག་ཡོད། རིར་འཛེགས་འདོད་ན་ལྷོའི་ཕྱོགས་ཀྱི་ཧཱེ་ཝེ་ Great Western Highway ཟེར་བའི་ས་གནས་ནས་འགོ་བརྩམས་ན་འགྲིག ལམ་བར་དུ་བྲག་ལྗོངས་བུ་མོ་སྤུན་(གསུམ་དུ་འབོད་པ་དེ་བརྒྱུད་དགོས། བཤད་སྲོལ་ལྟར་ན་གནའ་དུས་སུ་མཛེས་སྡུག་ལྡན་པའི་བུ་མོ་སྤུན་གསུམ་སྟེ་ཧྥེ་ཨར་དང་ཝུན་ལ། ཀཱན་ཉི་ཧྲི་གསུམ་ཀཱ་ཐོམ་པའི་( Katoomba) རུ་སྡེ་འདིར་སྐྱེས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བུ་མོ་སྤུན་གསུམ་གྱིས་རི་གཤམ་དུ་གནས་པའི་རིགས་སྡེ་ནཱེ་པན་གྱི་ Nepean བུ་སྤུན་གསུམ་ལ་བརྩེ་དུང་ཆག གནས་སྟངས་དེ་ནི་རིགས་མི་འདྲ་བའི་དབར་གྱི་དགྲ་འཁོན་དང་ལམ་ལུགས་ལ་རྒོལ་ཞིང་རྒན་རབས་ཚོས་ངོས་ལེན་བྱེད་མི་སྲིད་པ་ཞིག་རེད།

 

དེ་རྗེས་ཁོ་ཚོ་ཆ་གསུམ་གྱི་དབར་གྱི་བརྩེ་དུང་གིས་རྐྱེན་དེ་ནི་མི་རིགས་མི་འདྲ་བའི་དབར་གཡུལ་འཐབ་ཀྱི་འབྱུང་རྐྱེན་དུ་གྱུར། དུས་དེར་མོ་པ་ཞིག་གིས་བུ་མོ་སྤུན་གསུམ་ལ་གཡུལ་འཐབ་ཀྱིས་ཉེ་ཁ་མི་ཡོང་བའི་ཆེད་བུ་མོ་སྤུན་གསུམ་བྲག་རྡོ་ལ་བསྒྱུར། དེ་རྗེས་མོ་པ་དེ་འཐབ་འཛིང་དུ་ཤི་རྗེས་ཁུལ་དེར་བྲག་རི་བུ་མོ་སྤུན་གསུམ་ལྷག་པར་བརྟེན། བུ་མོ་སྤུན་གསུམ་འདི་རི་སྔོན་མོ་འདིའི་ཁུལ་གྱི་གྲགས་ཅན་གྱི་མཛེས་ལྗོངས་སུ་གྱུར།

 

༣། འཛམ་གླིང་གི་ཡ་མཚན་ཡུལ་ལྗོངས་བརྒྱད་ནང་གི་གཅིག བཙན་རྫོང་ཆེན་མོ།
(Great Barrier Reef)
བཙན་རྫོང་ཆེན་མོ་འདི་ ༡༩༨༡ ལོར་འཛམ་གླིང་གི་གནའ་རྫས་སྲུང་སྐྱོར་གྱི་གྲས་སུ་རྟོགས། འདི་ཁཱོན་སི་ལན་ (Queensland) གྲོང་ཁྱེར་གྱི་མཚོ་འགག་ཏུ་སྤྱི་ལེ་ ༢༣༠༠ བར་ཡོད། ས་ཁྱོན་ཕལ་ཆེར་སྤྱི་ལེ་གྲུབ་བཞི་མ་ཁྲི་ ༣༥ དང༌། བཙན་རྫོང་ཆེན་མོ་ནི་བྱུ་རུ་ཆག་པའི་འབུ་ནས་ཐོན་པའི་ས་དཀར་གྱི་རྒྱུ་སྤུས་ལས་གྲུབ། འབུ་དེའི་རིགས་ཤི་རྗེས་རྡོ་གཟུགས་སུ་གྱུར་རྗེས་ལོ་མང་རིམ་བརྒྱུད་ཀྱིས་ལོ་ངོ་ཁྲི་ ༢༠༠ ནས་ ༡༨༠༠ བར་དུ་ད་ལྟའི་ཆར་བཙན་རྫོང་འདི་བཞིན་ཆགས་པའི་རིན་ཐང་ཆེན་པོ་ཞིག་རེད། བཙན་རྫོང་ནང་བྱུ་རུའི་བྲག་རིས་ཁཱོན་ཟི་ལན་ཊི་གྲོང་གི་ཤར་མཚོ་འགག་བསྐོར་ནས་ཡོད།

 

འདིའི་མཚོན་ཁྲ་ཅན་གྱི་བྱུ་རུས་མཚོ་ནང་གི་སྲོག་ཆག་ ༤༠༠ ལྷག་གསོ་བཞིན་པ་དང༌། གཟུགས་སྙི་བའི་སྲོག་ཆག་གྲངས་ ༡༠༠༠ ལྷག་དང་ཉ་རིགས་ ༡༠༠༠ ལྷག་གསོ་བཞིན་པར་བརྟེན། བཙན་རྫོང་གི་མཚོ་འོག་འཇིག་རྟེན་ནི་མཚོན་ཁྲ་ཅན་ཞིག་ཡིན་འོས་པ་རེད།

 

དེ་མིན་གལ་ཏེ་བཙན་རྫོང་དང་མཛེས་སྡུག་ལྡན་པའི་རྒྱ་མཚོའི་ནང་གི་ཡ་མཚན་ལྟད་མོ་ལ་ལྟ་ཞིང་མྱོང་འདོད་ན་མི་མང་པོ་མཉམ་དུ་གྲུ་ནང་བསྡད་ཅིང་རྒྱ་མཚོ་འོག་ཏུ་དཀྱལ་བའམ་འཛུལ་ནས་ཡ་མཚན་ཅན་གྱི་མཚོ་འོག་གི་འཇིག་རྟེན་ལ་དངོས་སུ་མྱོང་བྱ་ལེན་ཡང་ཆོག ཉེ་དུས་བཙན་རྫོང་འདིའི་གྲོང་ཁྱེར་ནི་ཁཱེ་ཨན་ཟི་ཡིན་ལ། འདི་ནས་ཉིན་གཅིག་གམ་ཕྱེད་རིང་གི་གྲུ་ནང་བསྡད་དེ་བཙན་རྫོང་ལ་བལྟས་ནའང་ཆོག ཡིན་ཡང་རྒྱ་མཚོའི་ནང་མ་འགྲོའི་སྔོན་གྲུ་གཟེངས་ནང་་མགོ་ཡུ་མི་འཁོར་བའི་སྨན་ཏོག་ཙམ་ཟས་ཏེ་སྔོན་འགོག་བྱས་ན་ལེགས།

 

ས་ཕྱོགས་གང་ས་ནས་ཡོང་བའི་ཡུལ་སྐོར་བར་མཚོན་ན། ཁཱོན་ཟི་ལན་ཊི་ནི་བཙན་རྫོང་ཞིག་རེད། དེ་བཞིན་བཙན་རྫོང་ཡང་ཁཱོན་ཟི་ལན་རེད། དངོས་སུ་སོང་ནས་མྱོང་བྱང་མེད་མཁན་ཞིག་ཡིན་ཡང་དཀོན་མཆོག་གིས་བཀོད་པ་འདི་དག་ལ་ཧ་ལས་པར་ངེས། དེ་ནི་ས་ཆ་འདིར་ཧ་ཅང་མཛེས་པའི་བཙན་རྫོང་ཡོད། ཨོ་གླིང་མི་ཚོས་སྤོབས་པ་དང་བཅས་བཙན་རྫོང་འདི་ནི་འཇིག་རྟེན་འདིའི་ཡ་མཚན་དངོས་བྱུང་གི་གྲལ་ཞིག་རེད། ཅེས་བཤད་པར་ཁག་མི་འདུག

 

༤། འཇིག་རྟེན་གྱི་ལྟེ་གནས་ནས་བརྩེ་དུང་འབོད་པ།
(Ayers Rock)
(ཨཱེ་ཨར་ཟི་བྲག་རྡོ། )
ཨཱེ་ཨར་ཟི་ནི་ཨེ་ལི་ཟི་ཆུ་རྫིང་གྲོང་(Alice Springs)དུ་འབོད་པའི་ནུབ་ལྷོའི་མཚམས་ཀྱི་སྤྱི་ལེ་ ༤༧༠ མཚམས་ཀྱི་བྲག་རྡོ་ཆེན་པོ་ཞིག་ཡིན། གལ་ཏེ་གཞུང་ལམ་དང་པོ་ནས་ལྷོ་ཕྱོགས་སུ་སོང་ན་རླངས་འཁོར་དུ་ཕལ་ཆེར་ཆུ་ཚོད་ ༥ ཙམ་སོང་རྗེས་འཛམ་གླིང་འདིའི་ཐོག་གི་བྲག་རྡོ་ཁེར་རྐྱང་ཆེ་ཤོས་ཨཱེ་ལི་ཟི་བྲག་རྡོ་མཐོང་ཐུབ། དེ་མིན་ལ་ལས་འདིར་ཡཱོ་ལུ་རུ་ (Uluru) འབོད་མཁན་ཡང་ཡོད། མིང་དེ་ནི་ས་གནས་གདོན་མའི་སྐད་ཡིན་ཞིང་ཆུ་མིག་ཡོད་པའི་གནས། ཅེས་པའི་དོན་རེད།

 

ཨཱེ་ལི་སི་བྲག་རྡོའི་ཕྱོགས་བཞིར་སྤྱི་ལེ་ ༩ ཙམ་དང༌། རྒྱ་མཚོའི་ངོས་ནས་མཐོ་ཚད་མཱིས་ཁྲེ་ ༨༦༧ དང༌། ས་ངོས་ནས་བརྩིས་ན་མཐོ་ཚད་མཱིས་ཁྲི་ ༣༤༨ ཡོད། ཨཱེ་ཨར་ཟི་བྲག་གྱུར་དེའང་ལོ་དུང་ཕྱུར་ ༥ ནས་ ༦ གི་སྔོན་དུ་ཡིན། གང་ཡིན་ཟེར་ན། རྒྱ་མཚོའི་ནང་འདི་ལྟར་ཆག་པའི་དབང་གིས་བྲག་རྡོའི་ཕྱི་ངོས་སུ་ཧ་ཅང་འཇམ། བྲག་རྡོ་བརྗིད་ཉམས་དོད་ཅིང་ཡིད་འོང་གི་འོད་སྟོང་འཚེར་བའི་ཉི་འོད་འོག་དང་མུ་མེད་ཀྱི་ཐང་ཆེན་དུ་འབུར་དུ་དོད་པའི་རང་བྱུང་ཁམས་ཀྱི་དྲན་གསོའི་རྡོ་རིང་ཞིག་དང་མཚུངས།

 

ཨཱེ་ལི་ཟི་བྲག་འདི་ཨོ་གླིང་གདོན་མའི་མི་རིགས་ལ་མཚོན་ན་ཁྱད་དུ་འཕགས་ཅིང་གཡོ་མེད་ཀྱི་འཕགས་པའི་གནས་ཆེན་ཞིག་དང་འདྲ་ཞིང་དེ་སྔོན་ཡང་གདོན་མའི་མི་རིགས་འདུས་སྡོད་ཀྱི་ས་ཤིག་རེད། ད་ལྟའི་ཆར་བྲག་རྡོའི་འོག་ཏུ་མུ་མཐུད་ཟིལ་ཤུགས་དང་ལྡན་པའི་བྱང་སྡེབས་རི་མོ་ཤུལ་ལུས་ཡོད་ཅིང༌། རིས་མོའི་ནང་དོན་གྱི་ཆ་ནས་ཀྱང་གནས་སྟངས་མང་པོར་འགྲེལ་བརྗོད་དང༌། སྐབས་དེའི་ཚེ་དེའི་དུས་ཀྱི་ཚོགས་འདུའི་ཟིན་བྲིས་བཅས་ཡོད་པ་རེད།

 

ཚན་རིག་པ་ཧ་ཅང་མང་པོས་ཨཱེ་ཨར་ཟི་བྲག་རྡོ་འགྱུར་སྟངས་སྐོར་ཞིབ་འཇུག་དང་རྟག་དཔྱད་བྱས་ཡོད། ཨོ་གླིང་གི་བྱེ་ཐང་དབུས་མ་ནས་བྲག་རྡོ་ཆེན་མོ་འདི་འདྲ་ཅི་ལྟར་གྱུར་བ་ཡིན་ནམ། ས་གནས་རང་གི་ས་གཤིས་ཞིབ་འཇུག་ལ་གཞིགས་ཚེ། ལོ་ངོ་དུང་ཕྱུར་ ༦ གི་སྔོན་དུ་ཨཱེ་ཨར་ཟི་(Amadeus Basin) བྲག་ཡོད་ས་ཨཱ་མ་ཊི་སི་ས་གཞོང་ས་ཤུན་ལ་འགྱུར་བ་ཤུགས་ཆེན་བྱུང་ནས་ས་གཞོང་དེ་རྒྱ་མཚོའི་འོག་གི་བྲག་རྡོ་ཆེན་མོ་གཉིས་སུ་གྱེས། དེ་ནས་ལོ་དུང་ཕྱུར་ ༣ སྔོན་ལ་སླེབས་དུས་སླར་ཡང་ས་ཤུན་ལ་འགྱུར་བ་ཐེངས་ཤིག་བྱུང་རྗེས་བྲག་ཆེན་གཉིས་རྒྱ་མཚོ་ངོས་ནས་ཕྱིར་ཕུད་དེ་ཁ་བྲལ་ཞིང༌། དུས་ཚིགས་གྲངས་མེད་ཀྱི་རྒྱུད་རིམ་རྗེས་སུ་ང་ཚོས་ད་ལྟ་མཐོང་བའི་རྣམ་པ་འདི་དག་བྱུང་བ་རེད།

 

ཨཱེ་ཨར་ཟི་བྲག་ངོས་སུ་ལོ་དུང་ཕྱུར་མང་པོས་གནམ་གཤིས་དང་ཉིལ་ཟད་འགྱུར་ལྡོག་ (erosion) གིས་བཟོ་དབྱིབས་སྣ་ཚོགས་ཀྱི་བྲག་རི་ཡ་མཚན་ཅན་མང་པོར་གྱུར་ཡོད་པ་རེད།

 

བྲག་རྡོ་རེ་རེར་སོ་སོའི་དམིགས་བསལ་དང་ཡ་མཚན་གྱི་མིང་རེ་ཡོད་ལ། ཧ་ཅང་སྐད་གྲགས་ཆེ་བའི་རི་དྭགས་ཀངྒ་རུ་ (Kangaroo) བྲག་དང་ཀླད་པ་ (Brain) བྲག་བཅས་ཡོད། ཨཱེ་ཨར་ཟི་བྲག་གི་ནུབ་ཕྱོགས་སུ་བྲག་རྩེར་སླེབས་ཐུབ་པའི་ལམ་ཡོད་ཅིང༌། དེ་ནི་ཡུལ་སྐོར་བ་རྣམས་བྲག་རྩེར་འཛེགས་ཏེ་ཨོ་གླིང་ཡོངས་ཀྱི་བྱེ་ཐང་གི་བརྗིད་ཉམས་ལ་རྒྱང་ལྟ་བྱེད་ཐུབ། ཡིན་ཡང་ལམ་འདི་བྲག་ཟུར་ཡོད་པར་བརྟེན་ཡག་ཤོས་བྱུང་ན་ལྷམ་མཐིལ་འཇམ་པོའི་རས་ལྷམ་གྱི་རིགས་མ་གྱོན་ན་བདེ་འཇགས་ལ་ཕན་ཆེ་བ་ཡོད་སྐད་འདུག

 

བྲག་རྡོའི་མཚོན་མདོག་ལ་འགྱུར་བ་མང་བ་ནི་མི་ཚོས་གླེང་སྤྲོ་བའི་བརྗོད་བྱ་ཞིག་རེད། དེ་མིན་ཡུལ་སྐོར་བས་ཇི་ཙམ་ལྟས་ན་སུན་རྒྱུ་མེད་པ་དེ་ནི་ཉིན་ལྟར་ཉི་མ་ལ་ཁར་ཡིབ་དུས་ཀྱི་ཡ་མཚན་ཆེ་བའི་མཛེས་པ་དེ་དག་རེད། དེས་ཡུལ་སྐོར་བ་ཚོར་བརྗེད་ཐབས་མེད་པའི་ཤུགས་རྐྱེན་བཞག་པས་མི་ཚད། ལོ་རེར་འཛམ་གླིང་གང་ས་ནས་སླེབས་པའི་མི་འབོར་ཁྲི་བཅུ་ཙམ་གྱིས་མཛེས་ལྗོངས་དེའི་གྲགས་པ་ཐོས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་ནས་ཨཱེ་ཨར་ཟིའི་ཡ་མཚན་གྱི་མཛེས་ཉམས་ལ་ཐེངས་གཅིག་ལྟ་འདོད་སྐྱེ་ཡི་ཡོད་པ་རེད།

 

༥། རྦ་རླབས་ཀྱི་བྲག་རྡོ།
(wave Rock)
ཨོ་གླིང་གི་རྦ་རླབས་བྲག་རྡོར་གྲགས་པ་འདི་ནི་འཛམ་གླིང་ཐོག་གི་ཡ་མཚན་དངོས་བྱུང་གི་ཡུལ་ལྗོངས་བརྒྱད་ཀྱི་གྲལ་ཞིག་རེད། བྲག་རྡོ་ཆེན་པོ་འདི་ཁེར་རྐྱང་མིན་པར་གཅིག་རྗེས་གཉིས་མཐུད་ཀྱི་མཚོ་བྲག་དང་མཚོ་རྟའི་ཁ་དང་འདྲ་བའི་བྲག་རྡོ། རྔ་མོང་དབྱིབས་གཟུགས་ཀྱི་བྲག་བཅས་ཕྲེང་བརྒྱུད་ཀྱིས་བྱུང་བའི་བྲག་རྡོ་ཤ་སྟག་རེད། ཨོ་གླིང་ནུབ་ཕྱོགས་སུ་བྲག་འདི་ས་མཚམས་ཀྱི་རྟགས་མཚམས་ལ་གྱུར་ཞིང༌། ལོ་ངོ་དུང་ཕྱུར་ ༢༥ ཡི་སྔོན་དུ་ནས་བྲག་རྡོར་གྱུར་ཡོད་པ་རེད་འདུག ནུབ་ཨོ་གླིང་གི་རྒྱལ་ས་གྲོང་ཁྱེར་བཱོ་སི་ནས་སོང་ནས་ཆུ་ཚོད་ ༥ ཙམ་རླངས་འཁོར་དུ་སྡོད་ནས་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་ ༣༤༠ ཙམ་གྱི་ཧཱེ་ཊོན་ Hyden དུ་སླེབས་ན་བྲག་རྡོ་འདི་ཡོད་སར་སླེབས་ཀྱི་ཡོད། རྦ་རླབས་བྲག་ནི་དོན་དངོས་ཐོག་རྒྱ་མཚོའི་རྦ་རླབས་ཀྱིས་འཁྱེར་ཡོང་བའི་དྲག་ཏུ་འཕྱུར་བའི་མཚོ་རླབས་དང་མཚུངས་ཤིང༌། རྦ་རླབས་བྲག་འདིས་ཡུལ་སྐོར་བ་གྲངས་མེད་ཀྱིས་རང་བྱུང་ཁམས་ཀྱི་བཀོད་པ་ཡ་མཚན་འདི་དག་ལ་ཧ་ལས་ནས་ཡོད།

 

ལོ་རེ་བཞིན་བྲག་རྡོ་འདིའི་སྙན་གྲགས་ཐོས་ནས་འདིར་ཡོང་མཁན་ཧ་ཅང་འབོར་ཆེན་རེད། རྦ་རླབས་བྲག་འདི་ཡུལ་སྐོར་གྱི་ས་ཚིགས་སུ་མེད་རྐྱེན། ཁྱོད་རང་བཱ་སི་ནས་སོང་ནའང་འདྲ། ཡང་ན་དེའི་ལྡོག་ཕྱོགས་ནས་སོང་ནའང་གཅིག་མཚུངས་ཀྱིས་ཡུན་རིང་ཞིང་སུན་སྣང་གི་ལམ་བུ་རིང་པོ་ཞིག་བརྒྱུད་དགོས་ཀྱི་རེད་ཟེར། དེར་བརྟེན། རྦ་རླབས་བྲག་གི་མཛེས་ལྗོངས་ཐེངས་ཤིག་མཐོང་ཕྱིར་ཉིན་ལྟར་རླངས་འཁོར་སོགས་སུ་བསྡད་དེ་འགྲུལ་བཞུད་བྱེད་དགོས། འོན་ཀྱང་ལམ་བར་གྱི་འགྲུལ་བཞུད་ཅི་ཙམ་དཀའ་ཁག་ཆེ་ཡང་ཡུལ་སྐོར་བ་ཚོས་ད་དུང་ཡང་དཀའ་སྡུག་དེ་དག་ནི་འོས་ཤིང་འཚམ་པ་ཞིག་རེད། ཅེས་བཤད་སྲིད་པ་རེད།

 

རྦ་རླབས་བྲག་ནི་ལོ་མང་རིང་ས་ཆུ་མེ་རླུང་འབྱུང་བ་བཞིས་བཙོ་སྦྱོང་བྱས་ཤིང༌། དེའི་ཐོག་ཉིན་མཚན་གཉིས་ཀྱི་དྲོད་གྲང་ཧ་ཅང་ཆེ་བའི་འོག་ནས་ཆག་པའི་རླབས་ལྟ་བུའི་བྲག་རྡོ་འདི་རེད། རྦ་རླབས་བྲག་ངོས་ཀྱི་རིས་མོའང་ཐལ་བ་དང་རྡུལ་གྱི་ཆར་ཆུས་བརླན་ཞིང་སྦངས་སྐབས་ཕྱི་ཤུན་གྱི་རྡུལ་རྫས་བཤལ་བའི་ཤུལ་རྗེས་ཡིན། དུས་མཚུངས་སུ་དངོས་རྫས་ཀྱི་འགྱུར་ལྡོག་གི་ནུས་པས་རྦ་རླབས་བྲག་ངོས་སུ་མཚོན་ནག་དང་ཐལ་མདོག དམར་པོ་དང་ངུར་སྨིག་བཅས་ཀྱི་རིས་མོའང་ཆག་ཡོད་པ་རེད། ནུབ་རིའི་ཉི་འོད་འཕྲོས་པའི་འོག་ཏུ་རིས་མོའི་མདོག་ཧ་ཅང་གསལ་བའི་དུས་སུ་བྲག་རྡོའི་ངོས་ཀྱི་རྦ་རླབས་དབྱིབས་བཟོ་དེ་དག་སྔར་བས་མངོན་མཚན་དོད་དུ་ཆག་གི་ཡོད།

 

རྦ་རླབས་བྲག་རྡོ་འདིའི་ཉེ་འཁོར་དུ་ཨོ་གླིང་གི་གདོན་མའི་མི་རིགས་ཏེ་ཨཱ་བོ་རུས་ཀྱོན་ན་ཞེས་པའི་ (Aboriginal) མི་ཚོས་ཤུལ་བཞག་བྱས་པའི་བྱང་རོས་སྡེབས་རིས་ཡོད། དེའི་ནང་འདྲ་མཚུངས་ཀྱི་སྲོག་ཆག་མང་པོའི་སྡེབས་རིས་ཡོད་ལ། རིས་མོ་དེ་དག་གིས་ཨོ་གླིང་གདོན་མའི་མི་རིགས་ཀྱི་གདོན་མའི་མི་དང༌། ད་དུང་ལྷ་སྲུང་མ་བཅས་ཡོད་སྐད། དེ་མིན་ཡུལ་སྐོར་བས་གདོན་མའི་མི་རིགས་ཀྱིས་སོ་སོའི་འབྲུ་རིགས་ཀྱིས་བཟོས་པའི་བག་ལེབ་དང་ས་གནས་རང་གི་མེ་ཏོག་གིས་བཟོས་པའི་འོ་ཇའང་འཐུང་ཆོག་ཟེར་གྱི་འདུག

 

རྦ་རླབས་བྲག་རི་ནི་ ༡༩༦༣ ལོར་ཨ་རི་ནས་ཡོང་བའི་ཅཱེ་ཧོ་གྷི་ཟི་ (Jay Hodges) ཞེས་པའི་པར་ལེན་པ་ཞིག་གིས་འདིར་སླེབས་རྗེས་རྦ་རླབས་བྲག་འདིའི་མཚོན་ཁྲ་ཅན་གྱི་པར་བརྒྱབས་རྗེས་པར་དེ་ཨ་རིའི་ནུག་ཡོག་ཏུ་པར་རིས་འགྲན་བསྡུར་ཞིག་ཏུ་བཞུགས། བསམ་ཡུལ་ལས་འདས་པ་ཞིག་ལ་པར་དེར་འགྲན་བསྡུར་ཁྲོད་ནས་ཆེས་མཐོའི་གཟེངས་རྟགས་ཐོབ། རྦ་རླབས་བྲག་རི་འདིའང་དུས་དེ་ནས་བཟུང་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱི་མདུན་ངོས་སུ་འཁོད། དེ་རྗེས་བྲག་རི་འདི་ཡུལ་སྐོར་བ་ཧ་ཅང་མང་པོའི་ནང་གི་པར་པ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རྩོད་མེད་ཀྱིས་ལེན་འདོད་པའི་ཡུལ་ལྗོངས་རྩ་ཆེན་ཞིག་ཆག་ཡོད་པ་རེད་འདུག

 

( ཨོ་གླིང་གི་ཡུལ་ལྗོངས་འགའི་སྐོར་དྲ་ལམ་གྱི་རྒྱུ་ཆ་བསྡམས་ནས་བསྒྱུར་བསྒྲིགས་བྱས་ཡོད་ལགས། )

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།