བུད་མེད་ཕྲུ་གུ་སྐྱེ་བྱེད་ཀྱི་འཕྲུལ་ཆས་མ་རེད།

( ཁྲི13231085 1279483312083647 298058645 nམས་རྩོད་པ་གྲགས་ཅན་ལུའུ་ཆེའོ་ཡོན་གྱིས། སྐྱེས་པ་ཚོ། ཁྱོད་ཀྱི་བཟའ་ཟླ་མོ་གཤམ་འོག་གི་རིགས་འདི་བཅུ་ལ་མ་བརྩི་རོགས། )སྐྱེས་པ་ཚོ་ཆང་ས་མ་རྒྱག་སྔོན་ཁྱོད་ཀྱི་སེམས་ཁམས་ལ་འཁོས་སྙོམས་ཏོག་ཙམ་དགོས་སྲིད། གལ་ཏེ་ཁྱོད་ལ་བཅོས་བསྒྱུར་མ་གཏོང་སྔོན་དུ་ཕྱིར་དོན་ནས་གཞན་ལ་སྡུག་པོ་མ་གཏོང་རོགས། ཟླ་བ་བདུན་དང་ཕྱེད་མ་ཟིན་སྔོན་ངའི་ལས་ཀར་བྱས་རྗེས་ཁ་གནོན་རྒྱག་རྒྱུར་བྲེལ་བ་བྱེད་མི་དགོས།

 

དང་པོ། མོ་ཁྱོད་ཀྱི་རྒྱུ་ནོར་མ་རེད།

མོ་ནི་ཁེར་ཚུགས་ཀྱི་གཟུགས་ཕུང་ཞིག་ཡིན་པ་ལས་ཁྱོད་ཀྱི་རྒྱུ་ནོར་མ་རེད། མོ་ཁྱོད་ཀྱི་མནའ་མར་ཡོང་ཚར་ན་ཁྱོད་ཚང་གི་མི་ཡིན་བསམ་པའི་ལྟ་བ་དེ་ཡོལ་ཟིན་པའི་ལོ་རྒྱུས་ཐོག་གི་བསམ་བློ་རེད། གལ་ཏེ་ཁྱོད་དགའ་ཡུལ་དེ་རྨོ་བོ་ཡིན་ན་དེ་དང་རྗེས་རབས་སྤེལ་ན་འགྲིག་མོད་ཀྱང༌། གཞན་ལ་སྡུག་པོ་མ་གཏོང་རོགས། ཉིན་རྟག་པར་མོ་ལ་ཇི་ལྟར་ཚོད་འཛིན་བྱ་དགོས་མི་སྐོར་བསམ་བློ་གཏོང་དགོས་ཀྱི་མ་རེད། མོ་སོ་སོའི་མ་ཁྱིམ་དུ་འགྲོ་མི་བཅུག་པ། མོ་དང་མོའི་གྲོགས་པོ་མཉམ་དུ་དགོང་ཇ་འཐུང་བ་དང་མཚན་ཚོགས་སུ་སྤྲོ་འཆམ་སོགས་སུ་འགྲོ་མི་བཅུག་པ་དེ་འདྲ་མ་བྱེད། ཁྱོད་ཀྱི་ཨ་མས་ཀྱང་ཁྱོད་ལ་དེ་འདྲ་ཇུས་རྟོགས་མེད། ཁྱོད་རང་རྒྱ་མཚོ་འགྲམ་དུའང་སྡོད་ཀྱི་མེད་པ།

གཉིས་པ། མོ་ཁྱོད་ཀྱི་ལག་ཆ་མ་རེད།

མོ་དང་ཆང་ས་བརྒྱབས་པ་དེ་ནི་མོས་ཕྲུ་གུ་སྐྱེ་ན་བསམ་རྒྱུ་ཙམ་མིན། དེ་ནི་ཁྱོད་གཉིས་ཕན་ཚུན་བརྩེ་དུང་བཅང་བཞིན་པས་རེད། མོ་ཁྱོད་ཀྱི་ཕྲུ་གུ་སྐྱེ་འཕེལ་གྱི་འཕྲུལ་ཆས་མ་རེད་ལ། ཁྱོད་ཀྱི་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་གྱི་གཡོག་མོ་དེ་བས་ཀྱང་མ་རེད། མོ་ནི་ཁྱོད་ཀྱི་བཟའ་ཟླ་རེད། བཟའ་ཚང་དབར་ངེས་པར་འཁྲིག་སྦྱོར་དགོས་པའི་འོས་འགན་ཡང་མེད། རྒྱུན་དུ་ང་ལ་དགོས་ཀྱི་འདུག་མ་ཟེར། མོ་རང་ཁྱོད་དང་ལུས་འབྲེལ་བྱེད་འདོད་མེད་ན་མོ་ལ་བསམ་ཚུལ་གཞན་ཡོད་སྲིད་པས་མོ་དང་དེའི་སྐོར་འབྲེལ་མཐུད་དགོས་པ་ལས་བཙན་དབང་གིས་བྱེད་མི་ཉེན།

གསུམ་པ། མོ་ནི་ཁྱོད་ཀྱིས་གསོས་པའི་ཁྱིམ་ཉར་གྱི་སྲོག་ཆག་མིན།

མོ་ནི་ཁྱོད་ཀྱི་ཁྱིམ་ནང་གསོས་པའི་ཁྱི་ཕྲུག་ཅིག་མ་རེད། ཁྱོད་ཀྱིས་མོ་ལ་སྐད་གཏོང་ཆོག་ཆོག་དང་བཀའ་གཏོང་ཆོག་ཆོག་བྱེད་མི་འོས། མོས་ཁྱོད་ཀྱི་ཁ་ལ་ཉན་འོས་པ་རེད་མ་བསམ། ལོ་རབས་འདིའི་ནང་སུས་བྱེད་འོས་པ་དང༌། སུས་སུ་ལ་ཉན་འོས་སྟངས་ཤིག་མེད། ཁྱོད་ཀྱིས་མོ་ལ་བརྩི་འཇོག་མ་བྱེད་ན་མོས་ཀྱང་ཁྱོད་ལ་བརྩི་བཀུར་བྱེད་མི་སྲིད། ཁྱིམ་དུ་གསོས་པའི་སྒོ་ཕྱུགས་སྲོག་ཆག་ལྟ་བུ་རེ་འཚོལ་དགོས་ན་ཁྱོད་རང་ཨར་ཁང་དུ་འཚོལ་དུ་རྒྱུགས། འོན་ཀྱང་དེ་ནས་འཚོལ་ཐུབ་པ་བྱུང་དེས་ཁྱོད་ཀྱི་དངུལ་ལ་དགའ་བ་ལས་མི་ཁྱོད་ལ་དགའ་གི་མེད། དེ་བས་གལ་ཏེ་ད་ལྟ་མོ་ཁྱོད་ཀྱི་དངུལ་ཁོ་ནར་དགའ་ན་ཁྱོད་མི་སྡུག་ཆག་ཅིག་གྱུར་ཟིན་སྲིད་པས་ཁྱོད་ཀྱིས་སོ་སོར་བཅོས་བསྒྱུར་ཡག་པོ་ཞིག་གཏོང་དགོས་ཀྱི་རེད།

བཞི་པ། མོ་ཁྱོད་ཀྱི་གཡོག་མོ་མ་རེད།

མོ་གཡོག་མོ་མ་རེད། ཡིན་ཡང་གང་ཟག་ཁྱད་པ་ཅན་དེ་འདྲ་ཡང་མ་རེད། སྐྱེས་པས་ཕྱིའི་ལས་ལ་འབད་ཅིང་བུད་མེད་ནང་ལས་དགོས་པའི་དུས་རབས་ཡལ་ཟིན་པ་རེད། མོ་རང་ཁྱོད་དང་གཅིག་མཚུངས་ཕྱིར་ལས་ཀ་བྱེད་ཀྱི་ཡོད་པས་ཁྱིམ་ལས་ཚང་མ་མོས་བྱེད་དགོས་དོན་མེད། མོ་ནི་ཁྱིམ་ཚང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་དུ་ཆུག འོན་ཀྱང་མོ་ལ་དེའི་རྐྱེན་གྱིས་གོ་གནས་འཕར་བ་དང༌། དངུལ་ཕོག་དང་དགོང་སེང༌། གྲོགས་པོ་བཅས་མེད་པ་རེད། འོ་ན་ཁྱོད་ཀྱིས་མོ་ལ་ཉུང་མཐའ་ཡང་ལས་རོགས་ཅིག་མཁོ་སྤྲོད་འོས་པ་རེད། དེ་སུ་རེད་ཟེར་ན། ཁྱོད་གཉིས་ཀྱི་ཕྲུ་གུ་ཆེན་པོ་མ་ཆག་སྔོན་དུ་ལས་རོགས་དེ་ཁྱོད་རང་རེད། ཕྲུ་གུ་ཆེན་པོར་ཆགས་རྗེས་དེ་ནི་ཁྱོད་རང་གཉིས་ཀ་རེད།

ལྔ་པ། མོ་ཁྱོད་ཀྱི་སྲོག་སྐྱབས་ཡོ་བྱད་མ་རེད།

རྙོག་དྲ་ལྷག་ན་གཞི་ནས་མོ་རང་དྲན་སོས་པ་དེ་འདྲ་མ་བྱེད། རྒྱུན་གཏན་དུ་མོ་མཐོང་སྣང་དུ་མེད་པའི་ཁ་དབུགས་ལྟར་ལ་བརྩིས་ནས་མ་བཞག དེ་ནས་ཕྱི་ནས་ཟུར་ཉར་དགའ་རོགས་འཛིན་ཐུབ་དུས་མོ་ལ་ཕྱིར་དོན་ནས་ཁྱོད་ལ་རྒྱབ་སྐྱོར་བྱེད་མ་བཅུག ཁྱོད་ལས་གནས་ནས་ཕྱི་ཕུད་གཏོང་དུས་མོ་ལ་ལས་ཀ་མ་བསྐུར། ལོ་རྒས་ཤིང་ན་བའི་དུས་སུ་ཁྱོད་ལ་གཅིན་སྐྱག་དོར་མཁན་བྱེད་དགོས། ཕ་མར་གཡོག་བྱ་བྱེད་མཁན་མེད་དུས་ཀྱང་མོ་འབོད་དེ་དེར་གཡོག་བྱ་བྱེད་མ་བཅུག གཡོག་བྱར་དངུལ་གྱི་རིན་པ་སྤྲོད་ཐབས་མེད་དུས་མོ་ལ་མོའི་ལས་ཀ་གཡུག་དགོས་པའི་སྐོར་ཡང་མ་བཤད། ཁྱད་མཚར་བ་ལ། རྒྱུན་དུ་ཁྱོད་ཀྱིས་མོ་རང་སྲས་མོར་མཐོང་གི་ཡོད་དམ། གལ་ཏེ་ཁྱོད་ཀྱི་མོ་ལ་ཅིའང་བརྩི་གི་མེད་ན་སྐབས་དེར་ཁྱོད་སྐྱབས་ཐུབ་མཁན་དེ་སོ་སོ་ཡིན་པ་ལས་མོ་མ་རེད།

དྲུག་པ། མོ་ཁྱོད་ཀྱི་དངུལ་ལེན་ས་འཕྲུལ་ཆས་མ་རེད།

གཞན་ལ་བུ་ལོན་བཞག་ཡོད་པ་དྲན་དུས་གཞི་ནས་མོ་དྲན་ཡོང་བའམ་མོའི་ཁྱིམ་དྲན་པ་དེ་འདྲ་མ་བྱེད། རྒྱུན་དུ་མོ་ལ་དངུལ་ཉུང་ཙམ་ལས་སྤྲོད་ཤེས་ཀྱི་མེད་པ་ད་ལྟ་དངུལ་གཡར་དུས་ཁྱོད་རང་ཁོག་རྒྱ་ཆེན་པོ་འདི་འདྲ་ཆག་དགོས་དོན་གང་ཡིན་ནམ། ཁྱོད་ཀྱི་བྱ་བཞག་བསྐྲུན་དགོས་དུས་མོའི་ཨ་ཕ་དྲན་པ་དང༌། བུ་ལོན་གསབ་དགོས་དུས་ཆང་སའི་སྐབས་ཀྱི་མོའི་རྒྱན་ཆ་དེ་དག་འཁྱེར། གཞན་དང་ཚོང་ལས་གཉེར་དགོས་དུས་བཟའ་ཟླ་མོ་འཚོལ། དངུལ་བསམ་ཡོང་དུས་བཟའ་ཟླ་མོ་མོའི་ཁྱིམ་མི་རྣམས་འཚོལ་ནས་དེ་དག་གི་རོགས་སྐྱོར་ཡོང་ཐབས་ཁོ་ནར་བསམ་ནས་མ་སྡོད། དངུལ་ལེན་དུས་ཡིན་ཡང་ཐོག་མར་དེའི་སྔོན་ལ་དངུལ་ཁང་དུ་དངུལ་བཅོལ་དགོས་ཀྱི་ཡོད་པ་རེད། ཅིའང་མེད་ན་གཞན་གྱི་གུས་བཀུར་ཐོབ་ཐབས་ཀྱང་མི་བྱེད། དེ་འདྲ་ཡིན་ན་གཞན་ས་ནས་དངུལ་གཡར་བའི་སྤོབས་པ་དེ་གང་ནས་ཡོང་སྲིད་དམ།

བདུན་པ། མོ་ཁྱོད་ཀྱི་གད་སྙིགས་གཡུག་ས་ཟོག་སྒམ་མ་རེད།

ཁྱོད་ལ་རླུང་ཅི་འདྲ་ཡོད་ནའང་མོའི་གཟུགས་པོ་ཐོག་མ་བཏོན། བཟའ་ཚང་དབར་ཕན་ཚུན་བསམ་གཞིགས་དགོས། འོན་ཀྱང་འཚོ་བའི་ནང་གི་ལམ་འགྲོ་མ་རྒྱུགས་པ་ཚང་མ་མོ་ལ་ཁ་གཏད་དགོས་དོན་མེད། མོས་དཔའ་ངར་ཅན་ཡིན་རློམ་པའི་ཁྱོད་ཀྱི་རླུང་ལང་ཆོག་ཆོག་དེར་ཉན་ནའང་འགྲིག་མོད། འོན་ཀྱང་ཁྱོད་ཀྱིས་ཀྱང་རྒྱུན་དུ་མོའི་མཛེས་སྡུག་དང་སྡུག་ངལ་ལ་བསམ་གཞིགས་དགོས་པ་རེད།

བརྒྱད། མོ་ཁྱོད་ཀྱི་རླུང་བཏོན་ས་མ་རེད།

ལག་པ་བཀྱག་ནས་མོ་རྡུང་ན་མི་འགྲིག དེ་རྩ་བ་ནས་མི་འགྲིག གནས་སྟངས་ཅི་འདྲའི་འོག་ཏུ་ཡིན་ཡང་དེ་འདྲ་མི་བྱས་ན་དགའ། མོས་ཁྱོད་ལ་རླུང་ལང་བྱེད་ཀྱི་སྐད་ཆ་ཅི་འདྲ་ཞིག་བཤད་ཀྱང༌། ཁྱོད་དེར་སེམས་པ་སྡུག་ནའང་འདྲ། ཁོང་ཁྲོ་ཟའང་འདྲ། ཐག་རིང་སར་སོང་ནའང་འགྲིག འོན་ཀྱང་ཁྱོད་ཀྱི་མོ་ལ་ལག་པ་བཀྱག་མི་ཉན། གལ་ཏེ་མོ་ལ་རྡུང་པ་ཙམ་གྱིས་དེ་ནས་བཟུང་ཁྱོད་ལ་ཁ་གཡར་ས་གང་ཡང་མེད། དེ་བས་བུད་མེད་ངོས་ནས་ཀྱང་ཁྱོད་ལ་གུ་ཡངས་གཏོང་མི་འོས། དེར་གུ་ཡངས་ཐེངས་གཅིག་ཙམ་ཡིན་ཡང་གཏོང་མི་དགོས།

དགུ མོ་ཁྱོད་ཀྱི་ཨ་མ་མ་རེད།

གནས་ཚུལ་ག་རེ་ཡིན་ཡང་མོས་ཁྱོད་ལ་རོགས་པ་དགོས་པ་ལྟར་མ་བྱེད། མོ་ཁྱོད་ཀྱི་ཕྲུ་གུ་ཚོའི་ཨ་མ་རེད། མོ་ཁྱོད་ཀྱི་སྒེར་བདག་གི་ཅ་དངོས་མ་རེད། ཁྱོད་རང་ལོ་ཉི་ཤུ་བརྒལ་ཚར་བའི་མི་ཞིག་རེད། ཁྱོད་ནི་འགུལ་སྤྱོད་ལ་ན་ཚ་ཡོད་པའི་དབང་པོ་སྐྱོན་ཅན་མི་ཞིག་མ་རེད། ཁྱོད་ཀྱིས་ཁ་གདང་ནས་ཟས་ཟ་ཞིང་ལག་བཀྱང་ནས་གོས་གྱོན་ཆོག་ཆོག་གི་དབང་ཆ་དེ་འདྲ་མེད། མོ་ཁྱོད་ཀྱི་ཨ་མའི་དབར་རྩོད་གླེང་ཡོད་ན་ཁྱོད་ཀྱི་ཐག་གཅོད་བྱེད་དགོས་པ་ལས་ལྡོག་སྟེ་རིང་ས་ཤིག་ལ་བསྡད་དེ་སོ་སོ་དབུས་མ་ཞིག་ལ་གནས་ཡོད་མདོག་མདོག་དགོས་དོན་མེད། དེ་བས་ཁྱོད་རང་གིས་སོ་སོ་སྐྱེས་པ་ཕོ་ཞིག་དང་འདྲ་བ་ཨ་མ་དང་མནའ་མའི་དབར་གྱི་གནད་དོན་དེར་འགན་འཁྱེར་དགོས་པ་ལས་ཕྲུ་གུ་ནང་བཞིན་ཨ་མའི་གཟུགས་པོར་འཁྱུད་པ་ལྟར་བསྡད་རྒྱུ་མེད།

བཅུ་པ། མོ་ཁྱོད་ཀྱི་དགྲ་མ་རེད།

གལ་ཏེ་མོ་དང་ཁ་བྲལ་འདོད་ན། ཁྱོད་ཀྱིས་དེ་སྔོན་མོ་ནི་ཁྱོད་ཀྱི་ཆེས་དགའ་ཤོས་དེ་ཡིན་མྱོང་བ་དེ་ཡིད་ལ་ཟུངས། བུད་མེད་མང་ཆེར་གྱིས་ཁྱོད་ཀྱིས་མོ་ལ་ཡག་པོ་ཉུང་ཙམ་བྱས་ན་དེའི་དྲིན་ལན་དུ་ལྡབ་ཀྱིས་མཇལ་སྲིད་པ་རེད། འོན་ཀྱང་གལ་ཏེ་ཁྱོད་ཀྱིས་མོ་རེ་བ་ཆད་པའི་གཡང་སར་འདེད་ན་མོས་ཁྱོད་ལ་དེའི་ལྡབ་འགྱུར་གྱིས་འཁོན་ལན་ཡང་བསློག་སྲིད་པ་རེད།

མ་རྩོམ་འབྲེལ་ཐག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།