ང་ནང་པ་ཞིག་བྱེད་འདོད།

ཚན་རིག་མཁས་དབང་ཨཱེ་དབྱིན་སི་ཐན་Einstein གྱིས་ང་ནང་པ་ཞིག་བྱ་འདོད། ཅེས་བཤད།

 ཚན་རིག་ནི་འགྲོ་བ་མིས་ནང་ཆོས་ལ་དཔང་པོ་བྱེད་མཁན་ཞིག་རེད།

གལ་ཏེ་འཇིག་རྟེན་འདིའི་ཐོག་ཆོས་ལུགས་ཤིག་ཡོད་ལ་དེའང་ཚན་རིག་དང་མི་འགལ་ཞིང་། ད་དུང་ཚན་རིག་གིས་དོན་གསར་པ་རྟོག་ཐུབ་པ་བྱུང་བ་ཡོངས་ཀྱིས་དེའི་ལྟ་བར་དཔང་རྟགས་བཏོན་ཐུབ་པ་ཞིག་ཡོད་ཚེ། དེ་ནི་ནང་ཆོས་རེད། ཨཱེ་དབྱིན་སི་ཐན་གྱི་( རྩོམ་བཏུས། ) ལེའུ་དང་པོ་ནང་གསལ།

 ངས་ཚན་རིག་མཁས་དབང་ངོ་མ་ཞིག་ལ་འདི་འདྲ་གཏིང་ཟབ་པའི་དད་པ་ཞིག་མེད་པར་བསམ་བློས་ཚོད་དཔག་མི་ཐུབ་མོད། གནས་སྟངས་དེར་རྣམ་པ་འདི་འདྲ་ཞིག་གིས་མཚོན་ཐུབ། དེའང་ཚན་རིག་ལ་ཆོས་ལུགས་མེད་ན་ཞ་བོ་འདྲ་ལ། ཆོས་ལུགས་ལ་ཚན་རིག་མེད་ན་ལོང་བ་འདྲ། ( ཨཱེ་དབྱིན་སི་ཐན་གྱི་རྩོམ་བཏུས།) ནས་བཏུས། ལེའུ་གསུམ་པ། ཧྲང་ཝུ་དཔར་ཁང་ནས་ ༡༩༧༩ ལོར་དཔར། ཤོག་གྲངས་ ༡༨༢ ནས་ ༡༨༣ བར།

 

ཨཱེ་དབྱིན་སི་ཐན་ནི་ཞི་བདེ་རིང་ལུགས་པ་ཞིག་རེད། ཁོ་ནི་མི་གཤིས་ལ་ཞི་འཇམ་ཡིན་པ་དུས་མཚུངས་ཁེངས་སྐྱུངས་ལྡན་པ། དེ་མིན་ཁེར་རྐྱང་གིས་འཚོ་མཁན་ཞིག་ཡིན་པར་བརྟེན། གཞན་གྱི་གོང་བཀུར་རྒྱ་ཆེན་པོ་ཐོབ།

 

 སྐབས་འགར་ཁོས་མཚར་གཏམ་བཤད་ཅིང་། ཡུལ་བསྐོར་འགྲོ་བའམ་རོལ་དབྱངས་དཀྲོལ་བ་བཅས་ལ་དགའ། ཁོ་ད་དུང་བློ་རྩེ་གཅིག་སྒྲིལ་དེ་ཙམ་མེད་པའི་སློབ་དཔོན་ཞིག་དང་། རྒྱུན་དུ་ཅ་དངོས་སོགས་གང་སར་གཡུག་ནས་འགྲོ་མཁན། བློ་གཅིག་སེམས་གཅིག་གིས་དངོས་ཁམས་ཀྱི་གནས་དོན་སྐོར་བསམ་བློ་གཏོང་བ་ལས་མཐའ་འཁོར་གྱི་འཇིག་རྟེན་ལ་སྣང་མེད་གཏོང་མཁན་ཞིག་རེད།

 

 དེ་བཞིན་ཁོ་ནི་དཀར་ཟས་སྤྱོད་མཁན་ཞིག་ཀྱང་ཡིན། དེ་སྔོན་ཁོས་ངས་བསམ་པར་དཀར་ཟས་སྤྱོད་མཁན་གྱི་མི་ཚེའི་རྣམ་འགྱུར་དེ་ནི་ཆེས་དྭངས་གཙང་གི་ལུས་ཕུང་གི་འཁོས་སྙོམས་ཀྱི་གནས་སྟངས་ཤིག་ནས་འབྱུང་བ་ཡིན་པར་བརྟེན། དེ་དག་གིས་འགྲོ་བ་མིའི་ཕུག་བསམ་ལ་ཕན་ཐོག་ཡོད་པ་ཞིག་ཡིན། ཅེས་བཤད་མྱོང་།

 

ཨཱེ་དབྱིན་སི་ཐན་གྱིས་འཇིག་རྟེན་ཁམས་ཀྱི་ཆོས་ལུགས་ཀྱི་ཚོར་བ་ cosmic religious feeling ལ་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་མི་གཤིས་སུ་བསྒྱུར་བའི་ལྷ་ལ་ངོ་རྒོལ་བྱེད། དེ་སྔོན་ཁོས། མ་འོངས་པའི་ཆོས་ལུགས་ནི་འཇིག་རྟེན་ཁམས་ཀྱི་ཆོས་ལུགས་ཤིག་རེད། དེ་བས་ནང་ཆོས་སུ་མ་འོངས་པའི་འཇིག་རྟེན་ཁམས་ལ་རེ་སྨོན་བཅང་བའི་ཁྱད་ཆོས་དེ་ལྡན་ཡོད། དེས་མི་གཤིས་སུ་བསྒྱུར་བའི་ལྷ་ལས་བརྒལ་ཞིང་། ལམ་དང་ལུགས་སྲོལ་དང་ལྷའི་རིག་པ་ལས་བརྒལ་ཏེ་རང་བྱུང་དང་རྣམ་པ་ཕྱོགས་གཉིས་འདུས། དེའང་རང་བྱུང་ཁམས་ཡོངས་དང་སེམས་ཁམས་ཀྱི་དངོས་པོ་དེ་དོན་སྙིང་གི་སྒྲོམ་གཞིའི་ཉམས་མྱོང་ལ་བརྩིས་ནས་བྱུང་བའི་ཆོས་ལུགས་ཤིག་གི་རྩ་བའི་རྨང་གཞིར་བརྟེན་ནས་ཡོད་པ་ཞིག་རེད། ནང་ཆོས་ལ་འགྲེལ་བརྗོད་འདི་ཏག་ཏག་འཚམས་ཤིང་ཚད་འདི་ལྡན་ཡོད་པ་རེད། གལ་ཏེ་དེང་རབས་ཚན་རིག་གི་དགོས་མཁོར་ཁ་ཕྱོགས་ཐུབ་པའི་ནུས་ལྡན་གྱི་ཆོས་ལུགས་ཤིག་ཡོད་ཚེ། དེ་ནི་ངེས་པར་དུ་ནང་ཆོས་ཡིན་དགོས།

 

 འདིའི་སྐོར་གྱི་ཨིན་ཡིག་གི་མ་རྩོམ་གཤམ་གསལ།

The religion of the future will be a cosmic religion. Buddhism has the characteristics of what would be expected in a cosmic religion for the future: it transcends a personal God, avoids dogmas and theology; it covers both the natural & spiritual, and it is based on a religious sense aspiring from the experience of all things, natural and spiritual, as a meaningful unity. Buddhism answers this description. If there is any religion that would cope with modern scientific needs, it would be Buddhism. ------- Albert Einstein

  [1954, from Albert Einstein:The Human Side, edited by Helen Dukas and Banesh Hoffman, Princeton University Press]

 

གོང་གསལ་གྱི་མ་རྩོམ་ནི་ཕཱོན་སི་ཊོན་སློབ་ཆེན་Princeton Universityཔར་སྐྲུན་ཁང་ནས། ཨཱེ་དབྱིན་སི་ཐོན་སྐོར། འགྲོ་བ་མི། ཞེས་པའི་དེབ་ནས་བཏུས་པ་ཞིག་ཡིན།

 

ཧྥོ་རོ་དབྱི་ཊེ་ Freud ཡི་ལྟ་བར་ཚོད་ལྟའི་དབར།

 

 ཚན་རིག་མཁས་དབང་གྲགས་ཅན་ཨཱེ་དབྱིན་སི་ཐན་དང་སེམས་ཁམས་རིག་པའི་སློབ་དཔོན་ཆེན་པོ་ཧྥོ་རོ་དབྱི་ཊེ་གཉིས་ནི་འཇིག་རྟེན་པ་རྣམས་ཀྱིས་གོང་བཀུར་ཞུ་ཡུལ་གྱི་སློབ་དཔོན་ཆེན་མོ་གཉིས་ཡིན།

 

 ཨཱེ་དབྱིན་སི་ཐན་གྱི་བློ་རིག་ནི་ཧ་ཅང་མྱུར་ཞིང་གཏིང་ཟབ་ལ། བསམ་བློ་རྒྱ་ཆེ་ཞིང་ཁྱོན་མི་ཁྱབ་ས་མེད། ཁོས་དེ་སྔོན་བོད་ཀྱི་བཀའ་བསྟན་འགྱུར་དང་། རྒྱ་རིགས་ཀྱི་ཆོས་དཔེ་བཅས་ལ་ཞིབ་འཇུག་བྱས་མྱོང་།

 

 ཁོས་ཚན་རིག་ལ་ཚད་བཀག་ཡོད་པར་ཤེས་ཀྱི་ཡོད་ལ། ཁོའི་ཉིན་ཐོའི་ནང་ཐེངས་གསུམ་ཙམ་གོང་གསལ་དཔེ་ཆའི་སྐོར་བཤད་ཡོད་པ་འདི་ལྟར། གལ་ཏེ་མ་འོངས་པར་ཚན་རིག་ཚབ་མཚོན་ཐུབ་པ་ཞིག་འབྱུང་ཚེ། རིག་པ་དེ་འདྲ་ཁོ་ན་ཞིག་ཡོད་པ་ནི་ནང་ཆོས་རེད། ཅེས་བྲིས་ཡོད།

 

 ནང་ཆོས་ཀྱི་དཔེ་ཆ་ནི་མཐའ་ཡས་པའི་ནང་ཆོས་ཀྱི་ཆ་ཤས་ཙམ་ཡིན་རུང་། ཨཱེ་དབྱིན་སི་ཐན་གྱིས་དེ་སྔོན་ནས་ནང་ཆོས་ནི་ཚན་རིག་ལས་བརྒལ་ཟིན་པའི་རྣམ་པ་ཞིག་མཐོང་ཚར་ཡོད་པ་རེད།

 

 ཨཱེ་དབྱིན་སི་ཐན་དང་ཧྥོ་རོ་དབྱི་ཊེ་གཉིས་ཀས་ཚན་རིག་ལ་ཁ་ཡོད་ལག་ཡོད་ཀྱིས་དོན་དངོས་རྟོག་ཐབས་ཀྱི་རྣམ་འགྱུར་ཞིག་འཛིན་གྱི་ཡོད། འོན་ཀྱང་ཚན་རིག་གི་རྒྱ་ལས་བརྒལ་བའི་ཡ་མཚན་གྱི་གནས་སྟངས་ལ་གང་བྱུང་གིས་ངོས་ལེན་མི་བྱེད་པའམ་རྒོལ་རྡུང་བཏང་མེད་པ་རེད།

 

དེ་བས་ཡ་མཚན་གྱི་གནས་སྟངས་དེ་དག་ལ་དོ་དབྱིངས་སྐྱེས་ཏེ་དེ་འགྲེལ་ཐབས་ལ་བསམ་བློ་གཏོང་གི་ཡོད་།

སྐབས་དེར་ཡཱོ་རོབ་ཏུ་དམིགས་གསལ་གྱི་ནུས་པ་ལྡན་པའི་མི་ཞིག་ཡོད། ཁོས་གཞན་གྱི་སེམས་ཁམས་རྟོགས་ཐུབ་ཅིང་གང་ཟག་དེ་མིག་མདུན་ནས་གབ་ཡིབ་ཀྱང་བཟོ་ཐུབ་མཁན་གྱི་སློབ་དཔོན་ཨཱོ་ཧྥུ་མེ་སི་ Wolf Mason ཟེར་བ་ཞིག་ཡོད། ཨཱོ་ཧྥུ་མེ་སི་ནི་ཝུའུ་ཟོ་ Warsaw གྲོང་ཁྱེར་གྱི་ཉེ་འཁོར་གྱི་གྲོང་རྡལ་ཆུང་ཆུང་ལཱ་ཁ་ཉི་ཡའི་  La Nigeria can ཇེའུ་ Jew མི་ཚོ་འདུས་སྡོད་ཀྱི་ས་ཅིག་ལ་སྐྱེས།

 

 ཁོའི་བསམ་བློས་ཕ་རོལ་པོར་བཀའ་བཀོད་གཏོང་ཐུབ་མཁན་ཞིག་ཀྱང་རེད། ༡༩༡༥ ལོར་དངོས་ཁམས་རིག་པའི་ཆེད་མཁས་ཨཱེ་དབྱིན་སི་ཐན་དང་སེམས་ཁམས་རིག་པའི་མཁས་དབང་ཧྥོ་རོ་དབྱི་ཊེ་གཉིས་ཀྱིས་སྐབས་དེའི་འཛམ་གླིང་ཐོག་གི་ཡ་མཚན་མི་སྣ་ཨང་དང་པོ་ཨཱོ་ཧྥུ་མེ་སི་ལ་ཝེ་ཡ་ནའི་གྲོང་རྡལ་གྱི་གཞིས་ཁང་ཞིག་ནང་འཛམ་གླིང་དུ་གྲགས་པ་འབར་བའི་ཚོད་ལྟ་ཐེངས་ཤིག་བྱས་ཡོད་པ་རེད།

 

 

ཧྥོ་རོ་དབྱི་ཊེས་ཁ་ནས་སྒྲ་མ་ཐོན་པར་སེམས་ནས་ཨཱོ་ཧྥུ་མེ་སི་ལ་བཀའ་རྒྱ་འདི་འདྲ་ཞིག་བཏང་། ཨཱོ་ཧྥུ་མེ་སིས་སྐར་མ་གཅིག་ནང་ཕར་ཕྱོགས་ཀྱི་ཁང་པའི་གསང་སྤྱོད་ནས་སྐམ་ཆུང་ཞིག་འཁྱེར་ཡོང་ནས་དེས་ཨཱེ་དབྱིན་སི་ཐན་གྱི་ཨ་ར་སྤུ་རྐང་གསུམ་བཀོག་དགོས་པ་བཤད། ཧྥོ་རོ་དབྱི་ཊེའི་སེམས་ནང་གི་བཀའ་རྒྱ་དེ་མཚམས་བཞག་མ་ཐག ཨཱོ་ཧྥུ་མེ་སིས་དེ་ལྟར་བྱ་དགོས།

 

 

ཡ་མཚན་པ་ཞིག་ལ་ཨཱེ་དབྱིན་སི་ཐན་ནི་ཨཱོ་ཧྥུ་མེ་སིས་རྫུ་འཕྲུལ་བཏང་ཡོད་པ་ལྟར་ཤིང་གི་མི་ཞིག་དང་མཚུངས་ཤིང་གཡོ་འགུལ་ཙམ་ཡང་མེད་ཅིང་ཨཱོ་ཧྥུར་རྒོལ་བ་སྤུ་ཙམ་མེད་པར་ཁོས་ཨཱེ་དབྱིན་སི་ཐན་གྱི་ཨ་ར་རྐང་གསུམ་བཀོག་བཅུག་ཡོད་པ་དང་། དེའང་སྐར་མ་གཅིག་ཏག་ཏག་བེད་སྤྱོད་ཡོད་པ་རེད།

 

 

རླབས་ཆེན་གྱི་མི་སྣ་གཉིས་སྲ་བརྟན་འགྱུར་མེད་ཀྱིས་དོན་དངོས་དེའི་མདུན་ནས་ཧ་ལས་ཧོན་འཐོར་བཞིན་ཁའང་གདང་ནས་དེ་མུར་ལུས།

ཨཱེ་དབྱིན་སི་ཐན་གྱིས། ངས་མི་མང་པོས་དེར་ངོས་ལེན་བྱེད་ཐབས་མེད་པ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན། འདིའི་ཕྱོགས་ཀྱི་གསར་འགྱུར་སྐོར་འབྲེལ་བ་ཧ་ཅང་ཉུང་ཉུང་རེད། ད་ལྟའི་ཆར་མིག་སྔར་ཐོན་བཞིན་པའི་ཚན་རིག་གིས་མཐོང་བའི་གནས་ཚུལ་དེ་དག་ལ་མང་ཙམ་རྒྱུས་ལོན་བྱས་ན། ཁྱོད་ཀྱིས་རིམ་བཞིན་ཤེས་ཐུབ་ཅིང་། འགྲོ་བ་མིའི་རིགས་ཀྱིས་འཇིག་རྟེན་ཁམས་དང་། སའི་གོ་ལ་དང་མིའི་གཟུགས་ཕུང་སྐོར་གང་ཡང་ཤེས་རྟོགས་མེད་པའི་གནས་སྟངས་འདི་ཧ་གོ་ཐུབ།

 

 

མིའི་གཟུགས་ཕུང་གིས་དེང་རབས་ཚན་རིག་མཁས་དབང་ལ་མཚོན་ན་གསང་བ་ལྐོགས་འགྱུར་ཞིག་ཡིན་ཞིང་། དེ་ཡང་དུས་ནམ་ཡང་གསང་བ་ལྐོགས་འགྱུར་ཞིག་རེད། ཚན་རིག་མཁས་དབང་རི་བོ་མཐོ་ས་ཤིག་ལ་འཛེགས་ཐུབ་སྟེ་གཅིག་བལྟས་རྗེས་དེར་ལྷ་རིག་སྨྲ་བ་པོ་དེ་སྔ་ས་ནས་བསྡད་ཟིན་ནས་ཡོད་པ་མཐོང་ཡོད་པ་རེད། ཅེས་བཤད།

 

ང་ནང་པ་ཞིག་བྱ་འདོད། ཅེས་པའི་སྐོར་ཚན་རིག་མཁས་དབང་ཨཱེ་དབྱིན་སི་ཐན་གྱིས་སོ་སོའི་སྒེར་གྱི་ལོ་རྒྱུས་དེབ་ནང་། ང་ཆོས་པ་ཞིག་མིན། འོན་ཀྱང་གལ་ཏེ་ང་ཆོས་པ་ཞིག་ཡིན་ན། ང་རང་ནང་པ་ཞིག་བྱ་འདོད་ཡོད། ཅེས་གསལ་པོ་བཤད་ཡོད་པ་རེད། 

 

 

མ་རྩོམ་འབྲེལ་ཐག

http://www.buddha.twmail.cc/2-1/Einstein.htm

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།