སེམས་ཁམས་ཀྱི་སྐྱོན་ཆ་བཅུ།

དཔའ་ཞུམ་བསྡད་པ་དེས་གནས་ཚུལ་གྱི་བདེན་པ་མཐོང་བར་འགོག་རྐྱེན་བཟོ་བའི་རྣམ་པ་ཁག་བཅུ་ཡོད། གལ་ཏེ་ཁྱོད་རང་སེམས་ཁམས་ལེགས་པོ་མེད་ན་གཞན་དང་བསྡུར་ནས་ལྟ་དགོས། གལ་ཏེ་ཁྱོད་དེའི་ནང་གི་གྲལ་ཞིག་ཡིན་ན་སོ་སོའི་སེམས་ཁམས་ཀྱི་སྐྱོན་ཆ་ལེགས་བཅོས་གཏོང་རོགས།

 

དང་པོ། དོན་དངོས་གནས་སྟངས་ལ་འུར་རྒྱག་པ།

གཞོན་ནུ་ཞིག་དགའ་རོགས་མ་དང་ཐུག་འདོད་བྱས། འོན་ཀྱང་སྤྱི་སྤྱོད་རླངས་འཁོར་ཁྱོན་ནས་སླེབས་རྒྱུ་མེད་པར་བརྟེན། ཁོ་པ་ཁོང་ཁྲོ་ཆེན་པོས། ངས་གནས་ཚུལ་འདི་འདྲར་བཟོད་ཐབས་མི་འདུག འཇིག་རྟེན་འདི་དཔེ་སྡུག་ཆག་གྱུར་འདུག ཅེས་བཤད། འདི་ནི་གནས་སྟངས་ལ་འུར་རྒྱག་པའི་དཔེ་མཚོན་ཞིག་མ་ཡིན་ནམ། འདིར་ཁོ་རང་དགའ་མ་དང་དུས་ཐོག་ཐུག་ཐབས་མེད་པས་བསམ་དོན་བཞིན་མ་བྱུང་བ་ཙམ་ལས། དེ་ལེགས་བཅོས་རྩ་བ་ནས་མེད་པ་ཞིག་མིན། དེ་བས་འཇིག་རྟེན་འདི་དཔེ་སྡུག་ཆག་སྐོར་ལ་བཤད་དགོས་དོན་མེད། དོན་དངོས་ཐོག་རླངས་འཁོར་སྒུག་པར་སྐར་མ་ ༡༠ ཙམ་འགོར་སྲིད། འོན་ཀྱང་ཁོས་དེ་ནི་དུས་ཚོད་རིང་པོ་ཞིག་འགོར་བར་ཚོར་ཡོད་པ་རེད། གལ་ཏེ་གནས་སྟངས་འདི་ཁོ་རང་དགའ་མ་དང་ཐུག་རྒྱུ་མིན་པར་དུས་དེར་དགའ་མ་དང་བརྩེ་ཚོར་གྱི་སྒོ་ནས་ཁ་བརྡ་བྱེད་བཞིན་པའི་དུས་ཡིན་ན། ཆུ་ཚོད་ཅིག་ཡིན་ཡང་ཁོས་དུས་ཚོད་ཉུང་དྲག་པ་ཚོར་སྲིད།


གཉིས་པ། རྣམ་རྟོག་ཚ་བའི་སེམས་ནད།

རྣམ་རྟོག་ཅན་གྱི་མི་ཡིས་རྒྱུན་དུ་ལས་འབྲས་འགོ་ལྡོག་གི་འབྲེལ་བའི་སྒོ་ནས་གང་ཟག་གཞན་ལ་རྣམ་པ་དང་ཁ་བརྡ་དེ་ལྟར་ཡོང་དགོས་མིན་སྐོར་འགྲེལ་བརྗོད་རྫུན་མ་ཞིག་བྱེད་ཀྱི་ཡོད་པ་རེད། དཔེར་ན་དགེ་རྒན་ཞིག་གིས་སློབ་མ་ཞིག་སློབ་ཚན་འཚོགས་དུས་གཉིད་ཁུག་བསྡད་པ་མཐོང་སྟབས། དགེ་རྒན་དེས་གནས་སྟངས་དེར་མཐོང་སྣང་ལ་ང་རང་ནི་ངོ་མ་སློབ་མའི་དགའ་བསུ་མི་ཐོབ་པའི་དགེ་རྒན་ཞིག་རེད། ཅེས་མཇུག་བསྡོམས་རྒྱག་ཡོད་སྐད། དོན་དངོས་ཤེས་རྟོགས་བྱུང་བ་ལྟར་ན་སློབ་མ་འདི་མཚན་ལ་གཉིད་མ་ཁུག་པ་ཞིག་རེད་འདུག གཞན་དཔེ་མཚོན་ལྟར་ན་བུད་མེད་ཅིག་གིས་གཞན་གྱིས་ཤབ་ཤུབ་ཀྱིས་ཁ་བརྡ་བྱེད་བཞིན་པ་མཐོང་དུས་དེ་ནི་མོ་རང་ལ་ལྐོགས་ལབ་རྒྱག་བཞིན་པར་ངོས་འཛིན་བྱས་པ་ལྟར་ཡིན།


གསུམ་པ། འདྲ་མཉམ་རྩོད་ལེན་བྱེད་པ།

འདྲ་མཉམ་གྱི་སེམས་ཁམས་བཤད་མཁན་གྱིས་འཇིག་རྟེན་ཐོག་གནས་ཚུལ་ཡོངས་རྫོགས་ལ་འདྲ་མཉམ་ཡོང་དགོས་པའི་རེ་བ་རྒྱག་པ་དང་། མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་ལོངས་སྤྱོད་འོས་པར་རེ་བ་བཅང་གི་ཡོད། དོན་དངོས་ཐོག་འཇིག་རྟེན་ནི་ཡོངས་རྫོགས་ལ་མཐའ་གཅིག་ཏུ་འདྲ་མཉམ་ཡོང་མི་སྲིད་པ་རེད། མིས་བྱ་ཤ་ཟ་ཞིང་བྱ་ཡིས་འབུ་ཆུང་ཟ་གི་ཡོད། ཡང་འབུ་ཆུང་གིས་རྩ་ཟ་གི་ཡོད། འོ་ན་འདི་འདྲ་མཉམ་ཡིན་ནམ། མཐའ་གཅིག་ཏུ་འདྲ་མཉམ་གྱི་མཇུག་འབྲས་ཤིག་ཡོང་ཐབས་ལ་སྟོང་བསམ་བཅང་མཁན་གྱིས་ཐོག་མཐའ་བར་གསུམ་དུ་འཇིག་རྟེན་གྱི་འདྲ་མཉམ་མེད་པ་འདིར་འཁང་ར་བྱེད་ཅིང་། རང་ཉིད་ལས་ནུས་ཤུགས་ཆེ་བའི་མི་ལ་ཁོང་ཁྲོ་ཟ་བཞིན་ཡོད།


བཞི་པ། འོས་པ་ཞིག་ཡིན་ཚུལ་བཤད་མཁན།

མི་མང་པོའི་ཚོར་འདུ་དེ་འོས་པའི་ལུགས་ཟེར་བས་དབང་འཛིན་བྱས་ཡོད་པ་རེད། དཔེར་ན་གལ་ཏེ་ངས་གང་ཟག་ག་གེ་མོར་ཡག་པོ་བྱས་ནས་ཕ་རོལ་པོས་ཀྱང་ང་ལ་ངེས་པར་དུ་ཐུགས་རྗེ་ལེགས་གསོལ་མཚོན་འོས་པ་ལྟ་བུའོ། གལ་ཏེ་ངས་གནས་དོན་ག་གེ་མོར་ཧུར་བརྩོན་བྱས་ཚེ་དེར་རྒྱལ་ཁ་ཐོབ་འོས་པ་རེད། དེ་འདྲ་མིན་ན་ཁོའང་མོ་ལ་སེམས་པ་མི་སྐྱིད་པར་སུན་པོ་ཆག་རྒྱུ་དང་། མི་འདིའི་རིགས་ཀྱིས་རྒྱུན་དུ་རང་ཉིད་ལ་སོ་སོའི་བསམ་མྱོང་བའི་ཚང་མ་ཞིག་དེ་མུར་ཐོབ་པའི་འོས་བབས་ཡོད་པར་ངོས་འཛིན་ཡོད། དོན་དངོས་ཐོག་དེ་ནི་སྟོང་བསམ་ཞིག་རེད།


ལྔ་པ། ངོ་བོ་གཏན་འབེབས་བྱེད་པ།

མི་ཞིག་ཁོང་ཁྲོ་ལང་པའི་སྐབས་སུ་རྒྱུན་དུ་ཚོར་བར་འགྱུར་ལྡོག་དང་སྡུག་ཆག་ཏུ་འགྲོ་བའི་རྒྱུ་ནི་གཞན་གྱི་ངོ་བོར་གཏན་འབེབས་བཟོ་བ་ཞེས་པ་དེ་ཡིན། དཔེར་ན་རྒྱུས་སྤུས་ཞན་པ། གཞན་ཕམ་ཁར་གཡུག་པ། མི་ལྐུགས་པ། སོགས་ཚིག་དེ་དག་རེད། འདི་ལྟར་བྱས་ཚེ་ཕ་རོལ་པོའི་དགེ་མཚན་རྩ་བ་ནས་མཐོང་མི་ཐུབ། དེ་བས་ཁྱོད་ཀྱིས་གཏན་འབེབས་བཟོས་པའི་ངོ་བོའི་ཐོག་ནས་གཞན་ལ་ཁ་ཕྱོགས་དགོས་སྟབས། དེར་བརྟེན། རང་གཞན་གཉིས་དབར་ཕན་ཚུན་འཁོན་འཛིན་གྱི་རྣམ་པ་དང་གནས་སྟངས་ཤིག་ཆག་རྒྱུ་རེད།


དྲུག་པ། གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་བ།

གང་ཟག་འགའ་རེ་ཕོ་ཡིན་ན་མོ་ལ་བརྟེན་ཞིང་མོ་ཡིན་ཕོ་ལ་བརྟེན་པ་དང་། འགའ་རེས་ཕ་མ་ལ་བརྟེན་པ་དང་ལ་ལས་བུ་རྒྱུད་ལ་བརྟེན་གྱི་ཡོད། གལ་ཏེ་དུས་ཤིག་ཁྱོད་ཁྱིམ་མི་དང་བཟའ་ཟླ་ཁ་བྲལ་བའི་དུས་ཤིག་ཤར་ཚེ་གང་ཟག་སྒེར་གྱི་བརྩེ་ཚོར་གྱི་འཚོ་བ་དེ་རྒྱུན་གནས་ཡོང་ཐབས་མེད་པ་ཆག་གི་ཡོད། སེམས་བརྟེན་རང་བཞིན་གྱིས་གང་ཟག་དེ་ཁེར་རྐྱང་གི་འཚོ་བར་ཧ་ཅང་ཞེད་སྣང་ཆེ་བའི་ནང་འཚོ་དགོས་པ་ཞིག་ཆག་ངེས། གལ་ཏེ་སེམས་ཚོར་གྱི་གཡོ་དྲ་འདི་འདྲ་ཞིག་དང་ཁ་བྲལ་དགོས་ན། ཐབས་ཤེས་ཡག་ཤོས་གཅིག་ཡོད་པ་དེ་ནི་གང་ཟག་སྒེར་གྱི་རང་ཚུགས་ཀྱི་གཤིས་ཀ་གསོ་སྐྱོང་བྱེད་རྒྱུ་དེ་རེད།


བདུན་པ། གཞན་གྱི་བསྟོད་བསྔགས་ཐོབ་ཐབས་བྱེད་པ།

མི་མང་པོས་གཞན་གྱི་བསྟོད་བསྔགས་དེ་སོ་སོར་རྒྱབ་བརྟེན་གྱི་ནུས་ཤུགས་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། གལ་ཏེ་གཞན་གྱིས་དེར་བསྟོད་ར་གཏོང་མཚམས་བཞག་ན་ཁོའམ་མོ་ནི་ཅི་ཡང་མེད་པ་ཞིག་གྱུར་འགྲོ་ལ། སོ་སོ་ནི་ཞོ་སྐར་མ་གང་གི་རིན་ཐང་མེད་པ་ཞིག་ལ་ཚོར་བཞིན་ཡོད། གཞན་གྱི་བསྟོད་བསྔགས་རག་ཐབས་བྱེད་མཁན་དེ་ནི་གཞན་གྱི་བསྟོད་བསྔགས་དེ་བདེན་པ་ཡིན་པར་ངོས་འཛིན་དང་། དེའི་སྐྱོན་ཆ་ནི་གཞན་གྱི་བསྟོད་བསྔགས་དེ་བདེན་པ་ཡིན་མིན་གྱི་དམིགས་ཚད་ཁོ་ནར་ངོས་འཛིན་བྱེད་པ་དེ་ཡིན། དེའི་དོན་དངོས་ནི་སོ་སོས་སོ་སོར་ཡིད་ཆས་མེད་པ། ཞེས་པ་དེ་རེད།


བརྒྱད་པ། ཡོན་ཏན་ཀུན་ལྡན་ཞིག་ལ་ཡིད་སྨོན་པ།

ཡོན་ཏན་ཀུན་ལྡན་ཞིག་དགོས་པ་འདོད་མཁན་གྱིས་སོ་སོ་དང་ཡང་ན་གང་ཟག་གཞན་གྱི་བྱ་སྤྱོད་ནི་ངེས་པར་དུ་སྐྱོན་ཀུན་རྫོགས་དང་ཡོན་ཏན་ཀུན་ལྡན་ཞིག་ཡོང་ཐབས་བྱེད་པ་དེ་རེད། དེ་ལྟར་མཇུག་ཏུ་སླེབས་དུས་གནས་སྟངས་དེར་སོ་སོ་དང་ཕ་རོལ་པོས་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཆག་རྒྱུ་རེད། ཡོན་ཏན་ཀུན་ལྡན་དང་སྐྱོན་ཀུན་རྫོགས་ཤིག་འཇིག་རྟེན་འདིར་རྩ་བའི་ཆ་ནས་འཚོལ་མི་ཐུབ། མིའི་ཚོར་བ་དེ་གལ་ཏེ་མཐའ་གཅིག་ཏུ་ཞེས་པའི་གནས་སྟངས་འོག་ལྷུང་ཚེ། ཁོའི་བསམ་བློ་དེ་དོན་དངོས་དང་རྡུང་ཁ་རྒྱག་སྲིད་ཅིང་། དེའང་རྩ་མེད་ཤུལ་མེད་དུ་འགྲོ་བའི་ཚོར་བ་ཞིག་འབྱུང་སྲིད་པ་དེ་ཡིན།


དགུ་པ། སེམས་ཁམས་གུ་དོགས་པོ།

སེམས་གུ་དོགས་པའི་གང་ཟག་གིས་ཐོག་མཐའ་བར་གསུམ་དུ་ཁ་གཡར་ས་ཤིག་འཚོལ་རྒྱུའི་རང་གཤིས་དེ་མ་བཅོས་པར་སོ་སོ་བཅོས་བསྒྱུར་མ་གཏོང་བའམ་སོ་སོ་འཕེར་རྒྱས་ཀྱང་གཏོང་གི་མེད། དཔེར་ན་ང་ནི་ཚོར་ཤུགས་ཧ་ཅང་རྣོ་པོའི་མི་ཞིག་ཡིན། མི་ཚེ་འདིའི་ནང་ངའི་གཤིས་ཀ་འདི་བཅོས་ཐབས་ཡོད་མ་རེད། ཅེས་པའི་སྐད་ཆ་བཤད་ཀྱི་རེད། ཞིབ་ཏུ་བསམ་བློ་ཞིག་གཏོང་ན་ཁོས་སོ་སོའི་མགོར་ཞྭ་མ་ཞིག་གཡོག་རྗེས་ཞྭ་མ་ཆེན་པོ་དེའི་འོག་ནས་གཡོ་རྫུས་ཤིག་བྱས་པ་དང་མཚུངས་སོ། དོན་དངོས་ཐོག་དེ་ནི་ཁོས་སོ་སོར་སྟངས་འཛིན་བྱེད་འདོད་མེད་ཅིང་སྒེར་ལ་གུ་ཡངས་སྤྲོད་ཐབས་ཀྱི་སྟོང་བསམ་ཞིག་བཅང་བཞིན་པ་དེ་རེད།


བཅུ་པ། འགྱོད་གདུང་གིས་དྲག་ཏུ་རྡུང་བ།

ཚད་གཞི་བརྒལ་བའི་འགྱོད་གདུང་ནི་ལོག་ལམ་དུ་སོང་བའི་འོས་འགན་འཁྱེར་སེམས་ལྟ་བུ་ཞིག་ཡིན། དེས་རྒྱུན་དུ་རང་འགུལ་གྱིས་སོ་སོའི་སྒེར་གྱི་འོས་འགན་མིན་པ་ཞིག་འཁྱེར་གྱི་ཡོད། དཔེར་ན་བུད་མེད་ཅིག་གིས་ངའི་བུ་མོ་ལ་བཟའ་ཚང་ཁ་འཐོར་བྱུང་བའི་སྐོར་ང་རང་ལ་གཡོལ་ཐབས་མེད་པའི་འོས་འགན་ཡོད། གང་ཡིན་ཟེར་ན། ངས་སོ་སོའི་བུ་མོའི་མག་པ་དང་ཁ་བརྡ་ཡག་པོ་ཞིག་བྱེད་མ་ཐུབ་པ་རེད། ཅེས་བཤད་ཡོད། བུད་མེད་འདི་ལ་སོ་སོས་ནག་ཉེས་ཤིག་བསགས་པའི་སེམས་ཁམས་བདེ་ཐབས་མེད་པ་ཞིག་འབྱུང་བའི་འོག་ཏུ་འཚོ་བ་བསྐྱེལ་བཞིན་ཡོད། དེའང་མོའི་བུ་མོར་བཟའ་ཟླ་ཁ་བྲལ་བྱུང་བ་དེ་ནི་མོ་རང་གི་ནོར་འཁྲུལ་ཁོ་ན་ལས་བྱུང་བར་ངོས་འཛིན་བྱེད་པ་རེད། སེམས་ཁམས་འདིའི་རིགས་ནི་གཟུགས་པོར་གནོད་པ་ནི་རང་བཞིན་གྱི་འབྱུང་བའི་གནས་སྟངས་ཤིག་རེད།

མ་རྩོམ་འབྲེལ་ཐག

http://www.rs66.com/a/13/18/31915.html

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།