སྐྱེས་པས་ངེས་དགོས་པའི་སྐད་ཆ་ཚིག་བཅུ།

སྐྱེས་པས་ངེས་དགོས་པའི་སྐད་ཆ་ཚིག་བཅུ།

༡། སྐྱེས་པ་ཞིག་གིས་བུད་མེད་ཀྱི་མདུན་དུ་ང་མིན་ན་སུ་ཡིན་བསམ་པ་ཞིག་བྱེད་མི་དགོས། ཁྱོད་ཀྱིས་མིག་སྔར་མཐོང་སྣང་ལ་ཉམས་ཆུང་གི་བུད་མེད་ཅིག་ཡིན་ཡང་དེར་མཐོང་ཆུང་རྩ་བ་ནས་བྱེད་རྒྱུ་མེད། སྐྱེས་པས་གནམ་འོག་བདག་བཟུང་ཐུབ། འོན་ཀྱང་མཇུག་དེར་སྐྱེས་པ་དེ་རྒྱུན་དུ་བུད་མེད་ཅིག་ལས་ཕམ་པ་མང་།

 

༢། སྐྱེས་པས་བུད་མེད་ལ་དཔང་ཡིག་དང་བཅས་གཉེན་བསྒྲིག་གི་ཁས་ལེན་བྱས་པ་དེ་བརྩེ་དུང་ཙམ་མིན་པར་དེ་བས་ཀྱང་འོས་འགན་ཞིག་ཡིན། འོས་འགན་ཞིག་དོན་འཁྱོལ་བྱེད་པ་དེ་ནི་ཁས་ལེན་གྱི་ཁ་སྟོང་ཙམ་བཤད་པ་ལས་བུད་མེད་ཀྱི་ཡིད་སེམས་འཕྲོག་ཐུབ་པར་ནུས་ཤུགས་ཆེ།

༣། སྐྱེས་པས་བུད་མེད་ལ་མཚན་གཅིག་མགོ་བསྐོར་གཏོང་བ་དང་། བུད་མེད་ཀྱིས་སྐྱེས་པ་ཞིག་མི་ཚེ་གཅིག་ལ་མགོ་བསྐོར་བཏང་། ལུས་སྨད་ཀྱིས་ལས་ཀ་བྱེད། ལུས་སྟོད་ཀྱིས་བསམ་བློ་གཏོང་། འདི་འདྲ་མ་བྱས་ན། ཁྱོད་རང་དེ་ནས་གཡོལ་ཐུབ་པའི་ལམ་ཁ་ཞིག་མེད་པ་རེད།

༤། བུད་མེད་ལ་མཚོན་ན། ལང་ཚོ་དང་མཛེས་སྡུག་ནི་སོ་སོ་གཞན་ལས་ཁྱད་དུ་འཕགས་པའི་ཡུལ་ཞིག་མ་རེད། འོན་ཀྱང་སྐྱེས་པ་ཞིག་ལ་མཚོན་ན། སོ་སོའི་ལང་ཚོ་ནི་སྒེར་གྱི་མ་རྩ་གང་ཡང་མ་རེད། སྐྱེས་པའི་མ་རྩ་དངོས་གནས་དེ་ནི་བློ་གྲོས་དང་ཐབས་ཇུས་རེད།

༥། བུད་མེད་ཅིག་གིས་སྐྱེས་པའི་ངོ་ལོག་དང་ངན་སྤྱོད་ལ་གུ་ཡངས་ངོ་མ་གཏོང་མི་སྲིད། བུད་མེད་ཅིག་གི་སེམས་ནང་། སྐྱེས་པའི་ངོས་ནས་ངོ་ལོག་དང་སྤྱོད་ངན་དེ་ནི་སྐྱེས་པ་དེ་མོའི་སེམས་ནས་ཤི་ཚར་བར་བསྒྲགས་གཏམ་སྤེལ་བ་དང་མཚུངས་སོ།

༦། མཛེས་སྡུག་ལྡན་པའི་ཕོ་མོ་གཉིས་ཐུག་སྟངས་ཟེར་བ་དེའི་རྒྱབ་ལྗོངས་སུ་སྲོག་ལ་ཁ་གཏད་པའི་གཡོ་དྲ་ཞིག་ཡོད་པ་རེད། གནམ་འོག་ཏུ་རིན་པ་སྤྲོད་མི་དགོས་པའི་དགུང་ཟས་ཤིག་མེད། དེ་དང་གཅིག་མཚུངས་ལྟར། གནམ་འོག་ཏུ་བུད་མེད་ཀྱིས་ཁྱོད་ལ་རིན་མེད་ཀྱིས་དགོས་མཁོ་བསྐོང་བའི་ཉལ་ཁྲི་ཞིག་ཀྱང་མེད།

༧། དོན་དངོས་སུ་བདེ་སྐྱིད་ཀྱི་བརྩེ་དུང་ངོ་མ་དེ་ནི་རྒྱུན་དུ་ཕྱུག་བདག་བསོད་བདེ་ཅན་ཟེར་བས་རྒྱ་སེར་མེ་ཏོག་ ༩༩༩ ཙམ་ཉོ་ཐུབ་པའི་དངུལ་ཡོད་མཁན་ཞིག་ཡིན་ཡང་དབུལ་ཞིང་ཕོངས་པའི་འབྱོར་མེད་གྲལ་རིམ་ལྟ་བུ་ཞིག་ཀྱང་རེད།

དེ་ནི་རྒྱ་སེར་མེ་ཏོག་ ༡ རང་ཉོ་ཐུབ་ཅིང་འཚོ་བ་སྟབས་བདེ་ཞིག་བསྐྱེལ་ནས་སྡོད་པའི་གང་ཟག་དེ་རེད།

༨། མི་ཚེའི་ནང་ཆེས་དགའ་སའི་བུད་མེད་མང་པོ་ཡོད། འོན་ཀྱང་སོ་སོས་དོན་ངོ་མའི་བརྩེ་དུང་བཅང་ཡུལ་གྱི་བུད་མེད་ནི་ཧ་ཅང་ཉུང་ཉུང་རེད། དེ་བས་དོན་ངོ་མའི་བརྩེ་དུང་བཅང་ཡུལ་ནི་ཁྱོད་དང་མི་ཚེ་གཅིག་ལ་ཕན་ཚུན་མཉམ་གཤིབས་ཀྱི་དུས་ཚོད་ལ་འགྲོན་ཆུང་བྱེད་མཁན་དང་། དེའང་བཟང་པོའི་ཐོག་ནས་ཁྱོད་དང་མི་ཚེ་བསྐྱེལ་བར་མོས་འདོད་ཡོད་མཁན་ཞིག་ཡིན།

༩། སྐྱེས་པ་ལ་མཐའ་ཐུག་གི་སྐད་ཆ་བཤད་པའི་དབང་ཆ་ཡོད་མེད་དེ་ནི་ཁྱོད་ཀྱིས་འདས་སོང་ལ་ག་རེ་བྱས་མིན་དེ་མ་ཡིན་པར། དེ་ནི་ད་ལྟའི་མིག་སྔར་ཁྱོད་ལ་དབང་ཆ་དང་རྒྱུ་ནོར་ཇི་ཙམ་ཡོད་མེད་ལ་རག་ལོས་ཡོད།

༡༠། ཁྱོད་ཀྱི་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁ་ཐོབ་མཁན་གྱི་མི་སྣར་སུན་སྣང་དང་དེ་དག་ལ་ཁ་མ་གཏོང་རོགས། དེ་བས་སོ་སོར་རྒྱལ་ཁ་མ་ཐོབ་པའི་རྒྱུ་མཚན་དེ་འདྲི་དགོས། སྐྱེས་པ་ཞིག་བྱེད་པ་དེ་ནི་གུ་ཡངས་པོ་ཞིག་དགོས། ཁོག་རྒྱ་ཡངས་པའི་སྐྱེས་པར་མི་ཚེའི་སྡེངས་ཆ་སྔར་བས་ཆེ་བ་ཡོད་པ་རེད།

མ་རྩོམ་འབྲེལ་ཐག

http://www.rs66.com/nanrenqizhi/112088.html

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།