རྒྱ་ནག་མི་མང་ལོ་སྟོང་ཕྲག་རིང་ལོག་ལམ་དུ་འདྲེན་མཁན།

རྒྱ་ནག་མི་མང་ལོ་སྟོང་ཕྲག་རིང་ལོག་ལམ་དུ་འདྲེན་མཁན། སུ་སུ་འདུག་གཅིག་ལྟོས་དང༌།
རྒྱ་ནག་གི་ལོ་རྒྱུས་ཐོག་གང་ཟག་འགས་བྱ་སྤྱོད་ཀྱི་ཐོག་ནས་དེར་ལེགས་ཉེས་ཀྱི་བཤད་གླེང་མང་པོ་བྱུང༌། དེང་བར་དེ་དག་གིས་གཡོ་ཅན་ཞེས་པའི་མིང་ངན་རེ་འཁྱེར་ནས་ཡོད་པ་རེད། གཤམ་དུ་དེ་དག་སུ་ཡིན་མིན་གཅིག་ལྟའོ།

ཨང་ ༡༠ པ། ཧྲུན། Shun舜
ཧྲུན་ནི་ཐོག་མར་དབུལ་ཕོངས་ཀྱི་ཁྱིམ་དུ་སྐྱེས། ཁོའི་ཨ་ཕ་ལོང་བའི་རོལ་དབྱངས་དཀྲོལ་རྡུང་མཁན་ཞིག་རེད། བུ་ཤེས་མཁན་ཨ་ཕ་རེད་ཟེར་བ་ལྟར་ལོང་བའི་གཞས་པ་རྒན་རབས་འདིས་སོ་སོའི་བུའི་ངན་པའི་སྤུས་ཚད་ལ་རྒྱུས་ལོན་ཧ་ཅང་ཆེ། ཐེངས་ཁ་ཤས་བུ་བསད་དགོས་ཀྱང་བསམ་མྱོང༌། འོན་ཀྱང་བུ་ཧྲུན་ཨ་ཕའི་ལག་འོག་ནས་བྲོས་ཐར་བ་རེད། དེ་རྗེས་ཧྲུན་ལ་ཡཱོ་Yaoཡི་ཡིད་ཆས་ཐོབ་སྟེ་གོ་གནས་འཕར་ཞིང་དབང་ཆེན་ལག་ཏུ་འཛིན་རྗེས་ཧྲུན་གྱིས་ཡཱོའི་བུ་བསད་ཅིང༌། ཡཱོ་བཙོན་དུ་བཅུགས། ཡཱོ་ལ་བཙན་གྱིས་རྒྱལ་སྲིད་ཁོ་པར་བརྒྱུད་སྤྲོད་ཟེར་བ་དགོས་པར་བཤད། དེ་མིན་ཡཱོ་ཡི་བུ་མོ་གཉིས་ཀྱང་སྒེར་བདག་བྱས། ཧྲུན་ནི་དབང་ཆ་གཞན་ལ་བརྒྱུད་སྤྲོད་ཟེར་བ་བྱུང་མཁན་ཐོག་མ་དེ་ཡིན། ཚཱོ་ཕིས་ CaoPi རྒྱལ་པོ་ཧཱན་ཞན་ཊིའི་ Xiandi བུ་མོ་གཉིས་ཀྱང་མནའ་མར་ལེན། དེ་མིན་ཁོས་བཙན་གྱིས་རྒྱལ་པོ་ཧཱན་ཞན་ཊི་ནས་དབང་ཆ་ཁོ་ལ་སྤྲོད་དགོས་གྱུར་རྗེས་ཁེངས་དྲེགས་ཆེན་པོས། ད་ལྟ་ངས་གནའ་རབས་ཀྱི་དབང་ཆ་བརྒྱུད་སྤྲོད་ཅེས་པ་དེ་གང་ཡིན་མིན་ཤེས་སོང༌། ཞེས་བཤད་སྐད།

༩། དབྱི་ཡིན། Yiyin伊尹
དབྱི་ཡིན་ནི་ཐཱང་ Tang གི་བློན་པོ་ཡིན། ཐཱང་ཤི་རྗེས་དབྱི་ཡིན་གྱིས་ཐཱང་གི་བུ་ཐཱེ་ཅ་ Taijia ལ་རོགས་འདེགས་བྱས། འོན་ཀྱང་མ་རིང་བའི་རྗེས་སུ་ཁོས་ཐཱེ་ཅའི་ནག་ཉེས་མང་པོ་ཞིག་བསྒྲིགས་ནས་ཐཱེ་ཅ་ཐཱོང་ Tong Palace ཕོ་བྲང་དུ་བཙོན་དུ་བཙུད་དེ་སྒེར་གྱིས་རྒྱལ་པོའི་དབང་ཆ་བཟུང༌། དེ་རྗེས་དབྱི་ཡིའི་རྣམ་པ་བཟང་དུ་བཟོས། དེའང་གཙོ་བོ་དབང་ཆ་འཛིན་མཁན་གྱི་བློན་ཆེན་ཞིག་གིས་དབྱི་ཡི་དཔེ་མཚོན་དུ་བཀོད་དེ་ཁོ་ཚོས་དགའ་པོ་མེད་པའི་རྒྱལ་པོ་གནས་དབྱུང་གཏོང་དགོས་སྙམ། རྒྱལ་པོ་འདིའི་མིང་ཧ་ཅང་རྙོག་འཛིང་ཆེ་བས་འདིའི་སྐོར་གྱི་རྩོམ་ཡིག་ཡག་པོ་ཀློག་འདོད་ན་སྐད་འཕྲིན་ཨང་ sxjj23 འདི་ལ་འབྲེལ་བ་བྱོས། དེ་རྗེས་མིང་དབྱི་ཡི་ཞེས་བཏགས་པའི་མི་ལ་བལྟས་ན་དོན་དངོས་ཐོག་ཁོ་ཚོ་དང་རྒྱལ་པོའི་དབར་གྱི་གནས་སྟངས་ནི་ཁྱོད་ཤི་ང་གསོན་གྱི་འབྲེལ་བ་ཡིན། ཧཱོ་ཀོང༌། Huo Guang ( འདི་ཤི་རྗེས་ཁོའི་ཁྱིམ་མི་ཡོངས་དམར་བསད་བཏང༌། ) ཏཱོང་ཀྲོ Dong ( དམར་བསད་བཏང༌། ) སྲུན་ཅུན། Sun Jun ( དེ་རྗེས་ཁྱིམ་མི་ཡོངས་དམར་བསད་བཏང༌། ) སྲི་མ་ཀྲོའོ། Sima Zhao ( ཁོ་ཤི་རྗེས་བུ་ཡིས་དབང་ཆ་བཙན་བཟུང་བྱས། )

༨། ཀྲུའུ་ཞིས། Zhu Xi朱熹
ཀྲུའུ་ཞིས་ནི་ཁྲིང་ Cheng རང་བྱུང་ཁམས་རིག་པའི་འཐུས་ཚབ་མི་སྣ་ཞིག་རེད། ཁོས་བདེན་པ་སྐྱོང་ནས་མིའི་འདོད་རྔམ་རྩ་མེད་བཟོ། ཞེས་བཤད་ཅིང༌། ཀུན་སྤྱོད་ཐོག་ཧ་ཅང་དོ་ནན་གྱི་ཆ་རྐྱེན་བཏོན་གྱི་ཡོད། ཁོས་ད་དུང་ཁྲིང་དབྱི་ཁྲོན་ Cheng Yichuan གྱི་ལྟོགས་ཤི་ཐེབས་ན་གནས་ཚུལ་ཆུང་ལ་སྤྱོད་པ་འཆོལ་ན་གནད་དོན་ཆེ། ཞེས་པའི་རིག་པའི་གཞུང་ལུགས་དེ་བེད་སྤྱོད་དེ་གྲོགས་པོའི་གཅུང་མོས་ལུས་གཙང་མ་སྐྱོང་དགོས་པར་བསྐུལ། འོན་ཀྱང་ཁོ་རང་སྒེར་ངོས་ནས་གཅུང་པོའི་བཟའ་ཟླ་མོ་ལ་ངེས་པར་ཁོ་དང་གཉེན་བསྒྲིག་ལ་བཙན་གྱིས་བསྐུལ་ཏེ་འདས་སོང་གི་གཅུང་པོའི་རྒྱུ་ནོར་སྒེར་བདག་བྱས་པའི་བྱ་བ་དེ་གསང་རྒྱ་བྱུང་མྱོང་ཡོད་པ་རེད་ལ། ཡཱན་རུའེ་ Rui Yan ཞེས་པའི་གཞང་བཙོང་མར་རྡུང་རྡེག་མནར་གཅོད་ཚད་བརྒལ་བཏང་ནས་བུད་མེད་དེས་ཐཱང་ཀྲོང་ཡུ་ Tang Zhong you དབར་ཕོ་མོའི་འབྲེལ་བར་ངོས་ལེན་བྱ་དགོས་པར་ངན་སེམས་བཅང༌། འོན་ཀྱང་མཇུག་ཏུ་གཞང་བཙོང་མས་ཁོའི་ངན་བསྐུལ་ལ་ངོས་ལེན་མ་བྱས། གནས་ཚུལ་འདིའི་ཐོག་ནས་ང་ཚོས་ཀུན་སྤྱོད་རིག་པའི་མཁས་དབང་ཞིག་གི་བསམ་བློའི་རྒྱ་ཁྱོན་དེ་གཞང་བཙོང་མ་ཞིག་ལས་ཞན་པ་ཡོད་པ་གསལ།

༧། ཧཱོང་ཤུའུ་ཆོན། Hong Xiuquan洪秀全
ཡིག་རྒྱུགས་མ་ལོན་པ་ཞིག་གློ་བུར་བའི་ཚུལ་གྱིས་ལོག་ཆོས་ཚོགས་པ་ཞིག་གི་འགོ་འཁྲིད་ཅིག་ཆགས་ཤིང༌། ད་དུང་ཁོས་ཆོས་སྲིད་ཟུང་འབྲེལ་གྱི་སྒེར་གཅོད་སྲིད་གཞུང་ཞིག་བཙུགས་ཏེ་ཡཱེ་ཤུ་ཆོས་ལུགས་ཀྱི་དོན་སྙིང་གད་མོ་བྲོ་བ་ལྟར་བཅོས་བསྒྱུར་བཏང༌། མ་གཞི་ནས་ཁོ་རང་ཤི་བ་དང་རྒྱལ་ཁབ་ཀྱང་རྩ་མེད་དུ་སོང་བ་དེས་ཁོའི་མི་ཡུལ་འདིའི་ལྷ་ཡུལ་ཞེས་པའི་གླེང་གཞི་དེ་རྩ་བའི་ཆ་ནས་ཤུལ་མེད་དུ་སོང་བ་ར་སྤྲོད་བྱས་ཡོད། འོན་ཀྱང་མི་སྣ་མི་འདྲ་བས་དེ་བེད་སྤྱོད་བྱས་ཏེ་ཁོ་ནི་ཞིང་པའི་མགྲིན་ཚབ་པ་དང་མི་རིགས་ཀྱི་དཔའ་བོར་རྫུས་པར་བརྟེན། མི་འདིའང་ཕྱིར་བཏོན་ནས་འདིར་གཅིག་བཤད་དགོས་པ་མཐོང༌།

༦། ལཱི་ཧྲི་མིན། Li Shimin李世民
དུས་རབས་གཅིག་གི་མཁས་མཛངས་ལྡན་པའི་རྒྱལ་པོ་འདི་ལ་མི་བསད་ཁྲག་སྦྱོར་ཚད་བརྒལ་བྱས་མྱོང་བའི་ཟིན་ཐོ་བཀོད་ཡོད། ད་དུང་ཁོས་སོ་སོའི་གཅེན་གཅུང་བུ་བསད་ཅིང་ཨ་ཕ་བཙན་བཀག་བྱས་པ། རྒྱལ་པོའི་དབང་ཆ་བཙན་འཁྲོག་བྱས་པ་བཅས་ཀྱི་ལོ་རྒྱུས་ཡོད། དེ་བཞིན་སོ་སོའི་གཅུང་པོའི་མནའ་མ་ཕོ་བྲང་དུ་བཙན་འཁྲིད་ཀྱིས་སོ་སོའི་བཙུན་མོ་བྱས་པ་བཅས་ཁོ་ནི་གདུག་རྩུབ་དང་མི་བསད་ལ་བྱང་བ། མཛེས་མ་ལ་འདོད་རྔམ་ཆེ་བའི་མི་ཞིག་རེད། ཡིན་ཡང་ཐཱང་རྒྱལ་མེས་པོས་གཡོ་སྒྱུ་འཁྲབ་ལ་བྱང་ཆ་ཆེ་བས་ཁོས་སོ་སོའི་གཅུང་པོ་བསད་རྗེས་རྒྱལ་པོ་མཇལ་ཏེ་རྒྱལ་པོའི་འོ་མར་ལྡགས་ཅིང་ངུ་འབོད་བྱས་པའི་ལེའུ་དེ་ནི་མི་ལ་སྐྱུག་མེར་ལང་གཞི་ཞིག་རེད། ཁོས་ལོ་རྒྱུས་བཅོས་བསྒྱུར་བཏང་བ་མ་ཟད། ད་དུང་དམིགས་སུ་བཀར་ནས་ལོ་རྒྱུས་དེབ་ནང་དེའི་སྐོར་གྱི་སྒྲུང་ཞིག་བྲིས་ཏེ་སོ་སོའི་ངོས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ཟིན་བྲིས་བཀོད་པར་ཇུས་རྟོགས་བྱེད་པའི་དབང་ཆ་མེད་ལུགས་བཤད་ཡོད། ཐཱང་རྒྱལ་མེས་པོས་དེ་སྔོན་ཆཱིང་རྒྱལ་པོ་ཧཱན་ཝུའུ་ Hanwu རྨོངས་དད་ཆེ་བས་ལོ་གཞོན་དུ་གཏོང་ཐུབ་པའི་རིན་ཆེན་རིལ་བུར་ཡིད་ཆེས་མེད་ལུགས་འཕྱ་དམོད་བྱས་མྱོང༌། དེ་རྗེས་ཁོས་རིན་ཆེན་རིལ་བུ་དེ་འདྲ་ཟོས་ནས་དུག་ཤི་ཐེབས་སོང་བ་རེད།

༥། ཧཱེ་རུའེ། Harry海瑞
ཧཱེ་རུའེ་ལ་བུ་མོ་ཞིག་ཡོད་པ་དེ་ལོ་བདུན་ཙམ་རེད། བུ་མོས་གཞན་གྱི་བག་ལེབ་ཅིག་བརྐུས་པའི་དབང་གིས་ཁོས་སོ་སོའི་བུ་མོ་ལྟོགས་ཤི་ཐེབས་བཅུག་པ་རེད། ངོ་མ་བྱས་ན་བུ་མོ་ཆུང་ཆུང་འདི་འདྲ་ཡིས་རང་ཤི་རྒྱག་མི་སྲིད་པ་རེད། དོན་དངོས་ཐོག་བུ་མོ་ལྟོགས་ནས་ཤི་སོང་བ་ཧ་ཅང་གསལ། ཀཱོན་ཀྲུང་ Guan གིས། དབྱི་ཡ་ Yi Ya ནས་ཆཱི་ཧོན་ཀོང་ Qiheng Gong གི་དགའ་སྣང་ཡོང་ཕྱིར་སོ་སོའི་བུ་ཆུ་ནང་རྡོག་བཙོས་ལ་བརྒྱབ་ནས་ཆཱི་ཧོན་ཀོང་ལ་སྟེར་བ་རེད། འདི་ལྟ་བུའི་གདུག་རྩུབ་ཀྱི་སྤྱོད་ངན་ནི་ཚད་གཞི་ལས་བརྒལ་ཚར་བ་རེད། སོ་སོའི་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་དུ་ཁོས་བྱ་ངན་གང་འདྲ་ཡིན་ཡང་བསྒྲུབ་སྲིད་པས་ཁོ་ལ་ཡིད་ཆས་རྩ་བ་ནས་བྱེད་མི་ཉན། གཞན་དང་བསྡུར་ན་ཧཱེ་རུའེ་ཡིས་སོ་སོའི་དཔོན་གནས་སྐྱོང་སྐབས་སུ་ཁོའི་གཞུང་དྲང་ཟེར་བའི་མིང་གྲགས་དེ་སྲུང་སྐྱོར་ཡོང་ཕྱིར་སོ་སོའི་ལོ་བདུན་ལ་སོན་པའི་བུ་མོ་ཆུང་ཆུང་ལྟོགས་ཤི་ཐེབས་བཅུག་པ་རེད། དོན་དངོས་ཐོག་ཁོའི་རང་གཤིས་དེ་ནི་དབྱི་ཡིན་དང་གཅིག་པ་གཅིག་ཀྱང་ཆགས་ཡོད་པ་རེད།

༤། ཀྲུའུ་གྷི་ལང༌། Zhuge Liang諸葛亮
ཀྲུའུ་གྷི་ལང་གིས་ལེའུ་པེ་ Liu Bei ཤི་རྗེས་དེ་སྔོན་དབྱི་ཀྲོ་གྲོང་གི་བློན་ཆེན་ལཱི་ཡན་ Li Yan བཅས་མི་སྣ་ལ་ཁེར་རྐྱང་བཟོས་ནས་སོ་སོས་དབང་ཆེན་བཟུང༌། ད་དུང་ཕ་ཡིས་བུ་ལ་ཚོགས་གཏམ་བསྒྲགས་སྟངས་ལྟར་ལཱེའུ་ཧྲན་ Liu Shan ལ་སྐད་ཆ་བཤད་ཀྱི་ཡོད། ཀྲུའུ་གྷི་ལང་གིས་མིའི་མིང་ཁག་ཅིག་བྲིས་ནས་ལེའུ་ཁྲན་ནས་དེ་དག་ལ་ཡིད་ཆེས་དགོས་པ་དང༌། དེ་བཞིན་ཕོ་བྲང་དང་ཁྱིམ་ཚང་ཚང་མ་ཕྱོགས་གཅིག་ཏུ་བསྒྲིལ་དགོས་ཚུལ་བཤད། དེའི་དོན་དག་ནི་མི་ཡོངས་རྫོགས་ཚང་མས་ཀྲུའུ་གྷི་ལང་གི་ཁ་ལ་ཉན་དགོས་པའི་དོན་རེད། ཡིན་ཡང་ཀྲུའུ་གྷི་ལང་སྔ་པོ་ནས་ཤི་སོང་བ་རེད། ཁོ་རང་ཤི་དུས་ཁོའི་བུའང་ཆུང་ཆུང་ཡིན་སྟབས་དབང་ཆ་བཙན་བཟུང་བྱ་རྒྱུ་མ་རག་པར་ལུས། འོན་ཀྱང་ནཱན་ཀྲུའུ་གྷི་ Zhuge དང༌། པེ་སྲི་མ་Sima། བཅས་ཁོ་ཚོའི་ཐབས་ཇུས་ནི་གཅིག་མཚུངས་རེད།

༣། ཀྲོའི་ཀུའུ། Zhao Gou趙構
མི་ཚོས་དུས་རབས་དང་དུས་རབས་བསྟུད་དེ་ཆཱིང་ཧེ་ Qin Hui ལ་ཁ་རྡུང་གཏོང་བཞིན་པའི་སྐབས་སུ་སུ་ཡིས་ཆཱིང་ཧེ་ ནི་ངན་པ་གཏེ་བོ་དེའི་ལག་རོགས་ཙམ་ཡིན་པ་ཤེས་སམ། རྒྱལ་པོའི་བཀའ་ལུང་མེད་ན་གསེར་གྱི་ལག་བྱང་བཅུ་གཉིས་གང་ནས་ཡོང་ངམ། རྒྱལ་པོའི་ལྐོགས་ནས་ངོས་ལེན་མེད་ན་ཆཱིང་ཧེས་བློན་ཆེན་གཞོན་པ་དང་མཚུངས་པའི་གོ་གནས་ཀྱི་དམག་དཔོན་ཆེན་པོ་ཞིག་ལ་ཉེས་མིང་ཡིན་ལ་མིན་ལ་ཞིག་འདོགས་ཏེ་ཉེས་མེད་ཀྱིས་དམར་བསད་གཏོང་ཕོད་དམ། དེ་རྗེས་ཆཱིང་ཧེ་བཅས་མི་སྣ་ཁག་གཞན་གྱི་མདའ་བཀག་ས་ལྟ་བུ་ཡིན་པའི་ངོས་ནས་རྟག་ཏུ་དབྱེ་ཧྥིའི་ Yue Fei དུད་སའི་མདུན་དུ་མགོ་སྒུར་ནས་སྤུས་མོ་ས་ལ་བཙུགས་ནས་ཡོད། འོན་ཀྱང་སྲོང་ཀོ་ཙོང་ Song Gao རྒྱལ་པོར་གནས་ཚུལ་གང་ཡང་ལྷག་མེད་པ་རེད།

༢། ལེའུ་པེ། Liu Be劉備
མི་ཚོས་ལཱོས་པུ་ Riboudནི་རུས་མིང་གསུམ་ཅན་གྱི་ཁྱིམ་དུ་བྲན་གཡོག་ཅིག་རེད་ཅེས་བཤད་པའི་སྐབས་སུ། རྒྱུན་དུ་སེམས་ནས་ལེའུ་པེ་བརྗེད་ཚར་བ་རེད། ལེའུ་པེ་ནི་ཐོག་མའི་དུས་སུ་ལེའུ་ཡན་ Liu Yanགྱི་རྗེས་སུ་འབྲང་མཁན་ཞིག་དང༌། དེ་རྗེས་ཀུང་སུན་ཙན་ Zanགྱི་རྗེས་སུ་སོང་བའི་མི་ཞིག་ཡིན། ཐཱོ་ཆན་ Tao Qianགྱིས་ཁོ་པརདམག་དཔུང་འགའ་སྤྲོད་པར་བརྟེན། ཁོ་ཐཱོ་ཆན་ལ་མགོ་རྟགས་ཞུ་སར་སོང༌། ཁོ་རང་ངོ་པགས་ཐུག་པོའི་ངང་ནས་ལཱོས་པུའི་ Liu Bei འོག་ཏུ་སྒུར་ནས་བསྡད། འོན་ཀྱང་ལོས་པུས་ཁོ་ལ་ཡིད་ཆེས་བྱེད་ཀྱི་མེད་པས་ཁོ་རང་ཚཱོ་ཚོ་ Cao Cao དང་མཉམ་འདུས་ཀྱིས་ལོས་པུ་རྩ་མེད་བཟོས། ཡིན་ཡང་རྒྱལ་སར་འབྱོར་དུས་ཁོས་སླར་ཡང་ཚཱོ་ཚོའང་བསད་བསམ་པའི་ངན་སེམས་བཅངས། མཐའ་མཇུག་དེར་ཞུའེ་ཀྲོ་ Xuzhou གྲོང་དུ་ཚཱོ་ཚོ་ལ་ངོ་ལོག་རྒྱག་ནས་ཕམ་རྗེས་ཡཱོན་ཧྲོ་ Yuan Shao ལ་མགོ་རྟགས་ཞུས། ཡང་ཡཱོན་ཧྲོའང་ཕམ་ཁར་ལྷུང་ལ་ཉེ་བར་མཐོང་བས་ལེའུ་པོ་ལ་མགོ་སྒུར། ལེའུ་པོ་ཤི་རྗས་ཁོའི་བུ་གཅིག་ཚཱོ་ཚོར་མགོ་རྟགས་ཞུས། བུ་གཞན་ཞིག་ཡོད་པ་དེ་ལེའུ་པེའི་ལག་ཏུ་ཐེབས། བུ་རྗེས་མ་དེ་ཧ་ཅང་ལོ་གཞོན་ཞིག་ཡིན་ཡང་ཆང་རག་དང་བུད་མེད་ལ་དགའ་དྲག་པས་ཤི། ཀྲུའུ་ཡུས་ Zhou Yuཚཱོང་རིན་ Cho ཕམ་ཁར་བཏང་ནས་ཅཱི་ཀྲོའོ་ Jingzhou གྲོང་བཟུང༌། ལེའུ་པེ་ངོ་ཚ་དང་བྲལ་ནས་ཅཱི་ཀྲོ་གྲོང་ཁྱེར་གཞན་ས་ནས་གཡར་བ་ཡིན་ཡང་རྒྱུན་རིང་དེ་བཙན་གྱིས་བཟུང་ནས་ཕྱིར་མ་སྤྲོད། ལེའུ་པེ་མཐའ་མཇུག་དེར་མགོ་སྒུར་དུས་ནི་ཁོའི་གོང་གི་དཔོན་པོ་ལེའུ་ཡན་གྱི་བུ་ལེའུ་ཀྲང་ Liu Zhangགི་ཆེད་དུ་རེད། རྒྱལ་གསུམ་གྱི་དྲང་བདེན་སྐྱོང་བ། ཞེས་པའི་ནང་ཁོས་ཐཱོང་ཙོང་གི་ས་ཁོངས་ལ་བཙན་འཛུལ་བྱེད་འདོད་མེད་པ་རེད། ཅེས་འཁོད་ཡོད། འོན་ཀྱང་དེ་ནི་ཉན་རྒྱུ་སྤུ་ཙམ་མེད་པའི་སྐད་ཆ་རེད། དོན་དངོས་ཐོག་ཁོ་རང་འདིའི་ཐད་ཧ་ཅང་ཧུར་བརྩོན་ཅན་ཞིག་ཡིན།

༡། ཧཱོང་ལི། Hongli弘歷
ཆཱན་ལོང་Qianlongརྒྱལ་པོ་ཧཱོང་ལི་ནི་རིག་གཞུང་རྩ་གཏོར་གཏོང་མཁན་ཞིག་ཡིན། འོན་ཀྱང་ཁོ་ནི་ཆཱི་ཧྲི་ཧང་རྒྱལ་པོ་དང་འདྲ་བ་དཔེ་དེབ་དང་ལོ་རྒྱུས་དེབ་ཐེར་མེར་བསྲེགས་མཁན་དང༌། ཁྲག་གི་གཡུ་ཆུ་འཐེན་མཁན་ཞིག་མིན། དེ་བས་ཁོ་ནི་སློབ་ཆུང་གི་སློབ་གསོ་ལ་དར་སྤེལ་གཏོང་དགོས་སྐོར་འབོད་བསྐུལ་བྱེད་མཁན་ཞིག་དང༌། རུའུ་ཆོས་ལུགས་པ་Confucianismརྣམས་དཔེ་ཆ་ཁོ་ནར་ལྟ་དགོས་པ་ལས་འཇིག་རྟེན་པའི་བྱ་བར་དོ་དབྱིངས་མི་དགོས་ཚུལ་འདོད་མཁན་ཞིག་ཡིན། ཁོས་བང་མཛོད་བཞིའི་ནང་དཔེ་དེབ་ཡོངས་རྫོགས་རྩོམ་སྒྲིག་དང་པར་འགྲེམས་བྱས་པའི་ནང་རིན་ཐང་ཆེ་བའི་དཔེ་དེབ་ཀྱི་མ་དཔེ་མང་པོ་སྒེར་བདག་བྱས་ཡོད། ཁོས་དེབ་ཀྱི་ནང་དོན་བཙན་གྱིས་བཅོས་པ་མ་ཟད། དེ་སྔོན་གྱི་མ་དེབ་རྩ་མེད་ཤུལ་མེད་དུ་བཟོ་གི་ཡོད། དཔེ་དེབ་ཀྱི་ནང་དོན་བྲིས་པའི་ཡིག་ཆ་དག་བཅོས་མང་དྲག་ནས་ཐོག་མའི་སྐབས་ཀྱི་ནང་དོན་དང་རྦད་དེ་ལྡོག་ཕྱོགས་སུ་སོང༌། དམིགས་བསལ་དུ་ཉུས་ཀྲིན་རིན་Jurchenདང་མཱན་ཇུའི་Manchuམི་དང་འབྲེལ་བའི་ཡིག་ཆའི་ནང་ཁོས་དེ་དག་ནི་བཙོན་པ་སོགས་རེད་ཟེར་ནས་ངན་སྨྲས་བྱེད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད། དེའང་མིང་འདོགས་མང་དྲག་པས་རྩོམ་ཡིག་ལེགས་པོ་འདིའི་རིགས་ཀློག་བསམ་ན་སྐད་འཕྲིན་ཨང་ sxjj23འདི་དང་འབྲེལ་བ་བྱོས། དེ་མིན་ཆཱན་ལོང་རྒྱལ་པོར་དགའ་ཕྱོགས་གཅིག་ཡོད་པ་དེ་ནི་ཁོས་ལྟ་མྱོང་བའི་གནའ་བོའི་མཛེས་རིས་དེ་དག་ཐོག་ག་དུས་ཡིན་ཡང་གྲུབ་བཞི་ཅན་ནམ་ཚུན་བརྒྱད་ཅན་གྱི་ཆཱན་ལོང་གི་གཟེངང་གསོལ། ཞེས་པའི་ཡི་གེ་བརྐོས་པའི་ཐམ་ག་རེ་བརྒྱབ་ནས་ཡོད། རི་མོ་འགའ་རེར་བྱང་ཚད་ཐུང་ཐུང་ལས་མེད་ཀྱང་ཁོས་སྔར་བཞིན་དེ་དག་ལའང་ཐམ་ག་བརྒྱབས་ཀྱི་ཡོད། ཁོས་འདི་ལྟར་གྲགས་ཅན་གྱི་རི་མོ་མང་པོར་ཐམ་ག་བརྒྱབས་ནས་འཕྲོག་བརླགས་བཏང་ཡོད་པ་རེད།

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།