བུ་མོ་ཉེན་ཁ་ལ་གཡོལ་དོན་ཅི། དཔའ་ངར་ནི་བུ་ཁོ་ནར་དབང་བ་ཞིག་མིན།

images/stories/blog_images/Ganglha/Resized/2.jpg

ང་དེ་སྔོན་སཱན་ཧྥ་རན་སི་ཁོར་མེ་གསོད་ཁང་གི་ཚོགས་མིའི་ནང་གི་བུད་མེད་ཐོག་མའི་གྲལ་ཡིན། ལོ་བཅུ་གྲངས་རིང་ངས་སྒྲིག་ཆས་ཆ་ཚང་འཁྱེར་ནས་ཁོར་ཡུག་ཧ་ཅང་སྡུག་པོའི་ནང་ལས་ཀ་བྱེད། དེར་ལོ་མང་རྙིང་སོང་དང་ཉམས་གསོ་མ་བྱུང་བའི་ཁང་པར་མེ་ཤོར་སླ་ཞིང་། ཕྱོགས་གཏོགས་ཚོས་ལག་ཏུ་གྲི་དང་བྱང་ཚད་ ༢༢ ཅན་གྱི་མེ་མདའ་འཁྱེར་ནས་ཕན་ཚུན་འཛིང་བ་བཅས་བྱེད།

དེ་སྔོན་ངས་སྐྲང་སྦོས་སུ་སོང་བའི་ཆུ་ནང་གི་ཤི་རོ་ཕྱིར་འདྲུད་འཐེན་དང་། ཕྲུ་གུར་སྙིང་འཕགས་ཐབས་ཀྱི་མྱུར་སྐྱོར་བྱ་འགུལ། དེ་བཞིན་མེ་ཤོར་བའི་ས་ཁུལ་དུ་དུ་ནག་གིས་མཁྲེགས་སྐབས་སར་གོམ་ཉུལ་ཡང་བྱས་ མྱོང་།

ངས་ མི་ཚོས་ང་ལ་གཟུགས་པོའི་མཐོ་ཚད་རྨིས་ ༡།༧༨ དང་། ལྗིད་ཚད་སྤྱི་རྒྱ་ ༦༨ ཙམ། དེ་བཞིན་སློབ་ཆེན་དུ་ལུས་རྩལ་བ་ཞིག་ཡིན་ཡང་། ངས་མེ་གསོད་ཀྱི་ལས་ཀ་འདི་བྱེད་པར་སྒེར་ལ་མདང་ངེས་ཀྱི་ནུས་ཤུགས་ཡོད་མེད་ སྐོར་དྲི་སྲིད་པར་མངོན་དཔག་ཐུབ་ཡོད། ངའི་བསམ་ཡུལ་ལས་འདས་པ་ཞིག་ནི་ང་ལ་གཞན་ལས་ཁྱོད་སྐྲག་གི་མི་འདུག་གམ། ཞེས་པའི་དྲི་བ་འདི་དང་འཕྲད་སླ། ངའི་བློ་སྟོབས་ལ་ཐེ་ཚོམ་སྐྱེས་པ་དེ་ཡ་མཚན་དགོས་པ་མ་ཟད། ད་དུང་དེ་ནི་ངོ་ཚ་ཞིག་ཀྱང་རེད། ངས་གཞན་གྱིས་ངའི་སློབ་གྲོགས་བུ་ཚོར་དྲི་བ་འདི་འདྲ་བཀོད་མྱོང་ཡོད་པ་ཞིག་གོ་ མྱོང་མེད། འཇིགས་སྐྲག་ནི་བུད་མེད་ལ་མཚོན་ན་འོས་ཤིང་འཚམ་པ་ལྟར་རེད་འདུག

 

 

རང་བཞིན་གྱི་འཇིགས་སྐྲག་ཡོང་སྟངས་སྐོར་དེ་སྔོན་ནས་འགོ་བརྩམས་ཡོད། ཞིབ་འཇུག་གི་གྲུབ་དོན་མང་པོས་གཟུགས་པོའི་འགུལ་སྤྱོད་དང་། ལས་འགུལ་ཚུད་ཐག་རིང་ལ་གོམས་བགྲོད་དང་རི་ལ་འཁྱབ་པ་ཚང་མ་བུ་མོའི་མི་གཤིས་ཀྱི་ ལ་རྒྱ་བཟུང་སྟངས་དང་ཐད་ཀར་འབྲེལ་བ་ཡོད། ཡིན་ཡང་བུ་མོ་ཚོར་ཉེན་ཁ་ཡོད་པའི་གནས་སྟངས་འགའ་དང་རིང་སར་གནས་དགོས་ཚུལ་ རྒྱུན་དུ་བཤད་མཁན་ཡོད།


 

རྩེད་རའི་ནང་དབྱུག་པ་སྤྱོད་པའི་རྩེད་རིགས་སྐོར་ཞིབ་འཇུག་ཅིག་གི་གྲུབ་དོན་དེར་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག སེམས་ཁམས་རིག་པ་འཕེལ་རྒྱས་སྤྱོད་སྟངས། The Journal of Applied Developmental Psychology ཅེས་པའི་ཚགས་དེབ་ཀྱི་རྩོམ་ཞིག་ཏུ།

 

ཕྲུ་གུ་བུ་དང་བསྡུར་ན་ཕ་མས་བུ་མོས་དབྱུག་རྩེད་རྩེ་བར་ཉེན་ཁ་འཕྲད་གཞི་ཆེ་བར་སེམས་འཕྲལ་བྱེད་པ་དང་། དེ་བཞིན་བུ་མོར་རོགས་པ་མང་བ་བྱེད། འོན་ཀྱང་ཕ་མས་བུ་ཚོས་ཉེན་ཁར་ཁ་གཏད་དགོས་པར་བཤད་ཅིང་ཁོ་ཚོས་སོ་སོས་གནས་སྟངས་དེར་ཁ་གཏད་ཇི་ལྟར་གཅོག་དགོས་པར་སྣེ་ཤེན་ཡང་བྱེད་ཀྱི་ཡོད།

 

ཉེ་དུས་གྲོགས་མོ་ཞིག་དང་ཁ་བརྡ་བྱེད་དུས་མོས་བུ་དང་བསྡུར་ན་བུ་མོ་ལ་སེམས་འཁུར་མང་བར་ངོས་ལེན་བྱེད་ཀྱི་འདུག མོས་ངའི་བུ་མོ་ངོ་མ་ལྐུག་འཚུབ་འཚུབ་ལྟར་རེད། ཅེས་ཨ་མ་འདིས་འདི་ལྟར་འགྲེལ་བརྗོད་བྱས་སོང་། ང་རང་ཡ་མཚན་དགོས་པ་ནི་ལྐུག་འཚུབ་འཚུབ་ཀྱི་ཕྲུ་གུ་ཞིག་གིས་ཉེན་ཁར་ཁ་ཕྱོགས་ཐབས་མེད་པ་ཡིན་ནམ་སྙམ།

ངའི་གྲོགས་མོས་དེར་ཐབས་ལམ་ཡོད་སྲིད་པར་མོས་མཐུན་བྱེད་ཀྱི་འདུག་ཀྱང་དེའི་སྐོར་ལངས་ཕྱོགས་བརྟན་པོ་དེ་ཙམ་མ་རེད། གྲོགས་མོའི་ངོ་གདོང་ནས་ངས་ཨ་མས་རང་བཞིན་གྱི་ནུས་པས་མོ་མཆོག་རིང་ལུགས་པར་འཐབ་བཞིན་མོ་མཆོག་རིང་ལུགས་ཀྱང་ཕམ་ཁར་ལྷུང་བཞིན་པ་མཐོང་གི་འདུག

 

ངའང་དེ་སྔོན་ལྐུགས་འཚུབ་འཚུབ་ཀྱི་ཕྲུ་གུ་ཞིག་ཡིན། ངའང་ངོ་ཚ་དང་གནས་ཚུལ་མང་པོར་ཞེད་སྣང་སྐྱེ་བཞིན་ཡོད། དཔེར་ན་ང་ལས་ཆེ་བའི་ཕྲུ་གུ་གཞན་ལ་སྐྲག མཚན་མོར་ངའི་མལ་ཁྲིའི་འོག་ཏུ་ཡིབ་སྲིད་པའི་ཅོ་དངོས་ལྟ་བུ། ད་དུང་སློབ་གྲྭའང་ཚུད་ཡོད། འོན་ཀྱང་ངས་ཀྱང་བློ་རྩེ་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ས་ཁམས་National Geographic དང་ཉུལ་མ་ཆུང་ངུ་ཧཱ་རེ་ཐི། Harriet the Spy བཅས་དེབ་དེ་དག་ཀློག་གི་ཡོད། ངས་སྐུ་ཞབས་ལཱན་ཟི་ལོ་ Sir Lancelot དང་མདུན་ཅོག་གོར་མོའི་རྟ་པའི་སྒྲུང་ Knights of the Round Table ཡང་བཀླགས་ཡོད། ཁོ་ཚོ་ཕྱོགས་གང་སར་སོང་ནས་དཔའ་ངར་དང་གཟི་བརྗིད་ངོམས་ཀྱི་ཡོད། མི་སྣ་འདི་དག་གིས་འཇིགས་སྣང་སྐོར་གླེང་མྱོང་ཙམ་ཡང་མེད། ཁོ་ཚོས་དཔའ་བློ་ཁོག་དང་འཚོལ་སྙེག བྱ་བཞག་དང་བྱས་རྗེས་སྐོར་བཤད་ཀྱི་ཡོད་པ་རེད།

 

ང་དེ་སྔོན་རྐང་འཁོར་བཞོན་ཏེ་གྲོང་གསེབ་ཀྱི་མཐུར་ཤོར་ནས་རླངས་འཁོར་ཞིག་དང་རྡུང་ཁ་ཐེབས། ང་ད་དུང་འཁྱག་རི་ནས་གཤམ་དུ་འཁྱག་ཤུལ་གློད་དེ་ལྕང་སྡོང་ཞིག་ལ་རྡུང་ཡང་མྱོང་། ངས་ཕ་མ་གཉིས་ངའི་ཆེད་དུ་ག་ཚོད་རླུང་ལང་མྱོང་བ་དྲན་སོས་ཀྱི་མི་འདུག ཕ་མ་གཉིས་མཐོང་སྣང་ལ་ང་ལ་བསམ་གཞིགས་ཧ་ཅང་ལེགས་པོ་གནང་གི་ཡོད། གནད་དོན་ཆུང་ཙག་རེ་ལྷག་རྒྱུ་དེ་ནི་བྱིས་པའི་དུས་ཀྱི་ཆ་ཤས་ཤིག་རེད། ང་ལ་ཁབ་ཚུགས་འགའ་བརྒྱབ་རྗེས་མུ་མཐུད་རྐང་འཁོར་བཞོན་ཞིང་འཁྱག་ཤུལ་ཡང་གློད་ཀྱི་ཡོད། ཕམ་ཁ་ནི་ཁྱོད་ཀྱིས་སླར་ཡང་ཚོད་ལྟ་ཞིག་དགོས་པའི་དོན་ཡིན། འཇིགས་སྐྲག་ལ་གདོང་ལེན་རེ་དང་དཀའ་ཁག་སེལ་ཐེངས་རེས་ངས་སོ་སོ་རྒྱལ་ཁའི་ནང་ནས་སྤོབས་པ་ཐོབ་ཀྱི་འདུག ཉེ་དུས་ངས་ཨ་མར་དེ་སྔོན་ང་ལ་བཀག་འགོག་མ་བྱས་པ་གང་ཡིན་མིན་དྲིས། ཨ་མས་ངའི་ཨ་མ་ལགས་དེ་སྔོན་ཧ་ཅང་ཞེད་སྣང་བྱེད་མཁན་ཞིག་རེད། གནས་ཚུལ་ཆུང་ཙག་རིགས་ལའང་ཧ་ཅང་ཞེད་ཀྱི་ཡོད། ངའང་དེ་སྔོན་ཉེན་ཁར་འཇིགས་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། འོན་ཀྱང་ངས་ཁྱོད་ལ་གཞན་ལས་ཡིད་དུ་འོང་བའི་བྱིས་པའི་དུས་ཤིག་ཡོད་ན་བསམ་གྱི་འདུག ཅེས་བཤད་བྱུང་།

 

ངའི་ཨ་མ་ནི་དཔེ་མཚོན་དམིགས་བསལ་བ་ཞིག་རེད། ན་ནིང་ལོར་བྱིས་པའི་སེམས་ཁམས་དུས་དེབ་ཐོག་ཞིབ་འཇུག་གྲུབ་དོན་ The Journal of Pediatric Psychology ཞིག་ཏུ་ཚེ་སྲོག་ལ་ཉེན་ཁ་མེད་ཀྱང་སྨན་ཁང་གི་མྱུར་སྐྱོབས་ཁང་དུ་སྨན་བཅོས་དགོས་པའི་གནད་དོན་ལྷག་རྗེས་ཕ་མས་ཕྲུ་གུ་བུ་མོར་ངེས་པར་ཡིད་གཟབ་དགོས་ཚུལ་བཤད་པ་དེ་ནི་བུ་ལས་ལྡབ་བཞི་ཡིས་མང་བ་ཡོད། ཅེས་བཀོད། དེ་ནི་ལུགས་མཐུན་གྱི་ཉེན་བརྡ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་དེར་མཇུག་འབྲས་ངན་པ་ཞིག་ཀྱང་འབྱུང་སྲིད། ཞིབ་འཇུག་པས་དེས་བུ་མོ་ཚོས་ཉེན་ཁ་ལྡན་ཞིང་འགྲན་རྩོད་ཆེ་བའི་ལུས་རྩལ་སྦྱོང་བརྡར་ཞུགས་མཁན་ཉུང་དུ་འགྲོ་རྒྱུ་རེད། ཡིན་ཡང་འདི་ནི་ལག་རྩལ་གསར་པར་དགོས་ངེས་ཀྱི་གལ་ཆེན་སྦྱོང་བརྡར་རེད། དེའི་ནང་བློ་བདེ་ཐབས་མེད་པའི་བདེན་པ་ཞིག་ར་སྤྲོད་བྱེད་པ་དེ་ནི། ང་ཚོས་བུ་མོ་ནི་གཟུགས་ཕུང་དང་སེམས་ཁམས་གང་ནས་ཀྱང་བུ་ལས་ཉམས་སྐྱོ་བར་ངོས་འཛིན་པས་རེད་འདུག

 

འདིར་གཟུགས་པོར་གནོད་སྐྱོན་ཕོག་ན་ཡག་པོ་རེད་ཟེར་གྱི་མེད་ལ། བུ་མོ་ནི་སྤྱོད་པ་རྩིང་པོ་ཞིག་དགོས་ཀྱི་རེད་ཀྱང་ཟེར་གྱི་མེད། འོན་ཀྱང་ཉེན་ཁར་ཁ་གཏད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། ཉེན་ཁ་ཁག་ ༥༠ འདི་ཚོ་ཕྲུ་གུར་བྱེད་དུ་ཆུགས། ཅེས་པའི་དེབ་ཀྱི་རྩོམ་པ་པོ་གྷེ་ཝིས་ཁྲོ་ལི་ Gever Tulley ཡིས་བུ་མོ་དང་བུ་གཉིས་ཀར་སོ་སོའི་སྟབས་བདེའི་བཀྱང་རྐུམ་ཆོག་པའི་གྲི་ཆུང་དང་མེ་སྤར་བ། དབྱུག་པ་རིང་པོ་གཡུག་པ་བཅས་དགོས་པར་བསྐུལ་འདེད་བྱེད། ཁོས་གཞན་གྱིས་དོ་དམ་ཡོད་པའི་འོག་ཏུ་ཉེན་ཁ་ཅན་གྱི་བྱ་བ་སྤེལ་བ་དེས་ཕྲུ་གུར་འགན་འཁྱེར་སྟངས་དང་གནད་དོན་ཐག་གཅོད་ཡོང་ཐབས་ལ་སློབ་གསོ་སྤྲོད་ཐུབ་ཅིང་སྤོབས་པའང་གསོ་སྐྱོང་ཐུབ་པར་ངོས་འཛིན་བྱས། འདི་ལྟར་ན་བུ་མོ་ཚོར་ཉེན་ཁ་ཅན་གྱི་བྱ་བ་བྱེད་མི་དགོས་ཅེས་ཉེན་བརྡ་གཏོང་བ་དེ་ནི་བུ་མོ་ཚོར་སྲུང་སྐྱོར་བྱས་པ་མིན་པར་དེ་ནི་བུ་མོ་ཚོས་མ་འོངས་པའི་འཚོ་བར་གྲ་བསྒྲིག་ཨང་གསར་ཡོང་བའི་ཆེད་དུ་རེད།

 

བུ་མོ་ཞིག་གིས་སྤུས་མོའི་པགས་པ་བཤུ་སྲིད་པ་ཤེས་ན་དབྱུག་རྩེད་རྩེད་ན་ཡག་པོ་ཡོད་པར་ཚོད་ལྟ་བྱེད་མི་སྲིད། དེའི་རྒྱུ་མཚན་ནི་བུ་མོས་ཁོར་ཡུག་སྐྱིད་པོ་ཕུད་གཞན་གྱི་གནས་ཚུལ་གཡོལ་འགོ་བརྩམས་སྲིད་པས་རེད། དེ་ནས་གནས་སྟངས་གང་འདྲ་ཡིན་ཡང་ཧ་ཅང་ཉེན་ཁ་ཅན་ལ་ངོས་འཛིན་བྱེད་སྲིད། དོན་དངོས་ཐོག་གནས་སྟངས་དེ་དག་ནི་མི་ལ་ཚོར་བ་སློང་བའམ་སྔོན་དཔག་མི་ཐུབ་པའི་གནས་སྟངས་ཙམ་ཡིན་སྲིད། འཇིགས་སྣང་ནི་བུད་མེད་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཆག་སྟེ་མི་ཚོས་བུ་མོ་ཚོས་འཇིགས་སྣང་གི་ཚོར་བར་སྔོན་དཔག་དང་། བུ་མོ་ཚོས་རང་ངོས་ནས་ཀྱང་གང་བྱུང་གིས་འཇིགས་སྣང་སྐོར་མཚོན་གྱི་ཡོད་པར་ཚོད་དཔག་བྱེད། ལང་ཚོ་དར་བའི་དུས་སུ་བུ་མོ་ཚང་མས་འབུ་ཆུང་མཐོང་དུས་སྐད་རྒྱག་གི་ཡོད་ཀྱང་གཞན་གྱིས་དེར་ཡ་མཚན་ཙམ་ཡང་སྐྱེ་གི་མེད།

 

བུ་མོ་ཚོ་དར་མའི་བུད་མེད་ཆག་རྗེས་འཇིགས་སྣང་དེ་གཞན་གྱི་ཁ་ལ་ཉན་ཞིང་ཐག་གཅོད་ལ་ངོ་ཚ་རྨིན་པོའི་གནས་སྟངས་ལ་འགྱུར་སྲིད། ང་ཚོས་སོ་སོར་མདུན་དུ་གོམ་པ་གང་སྤོ་དགོས་པར་བསྐུལ་འདེད་བརྒྱུད་གནས་སྟངས་དེར་ཁ་གཏད་གཅོག་གི་ཡོད། བུ་མོར་དབང་ཆ་དགོས་པའི་སྐོར་གྱི་དེབ་ཁྲོམ་གཞུང་དུ་ཁེངས་ནས་ཡོད། འོན་ཀྱང་དེབ་དེ་དག་མིག་ལམ་དུ་མངོན་པ་ཧ་ཅང་ཕྱི་དྲག་པ་རེད།

 

ང་ཚོས་ངེས་པར་དུ་འཇིགས་སྐྲག་གི་སྐད་ཆ་དེ་དག་དོར་དགོས། དཔེར་ན་གཟབ་གཟབ་བྱོས། ཞེད་སྣང་ཚ་བ་ལ། ལྟ་བུའོ། འདི་དག་གིས་གསང་བ་ལྐོག་འགྱུར་འོག་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོས་བུ་མོ་ཚོ་ལའང་བུ་དང་གཅིག་མཚུངས་ཀྱིས་དཔའ་ངར་བསྐྱེད་པའམ་སྲ་བརྟན་གྱི་སྐད་ཆ་དེ་དག་བཤད་དགོས། ང་ཚོས་བུ་མོ་ཚོར་ཐོག་མར་དཀའ་ཁག་མཐོང་ཞིང་། དེ་བས་ཉེན་ཁ་ཅན་གྱི་རྩལ་དེ་དག་སྦྱོང་བར་བསྐུལ་དགོས། རང་ལོ་༡༠ ཙམ་གྱི་བུ་མོས་སྐད་ཕྲ་མོས། ང་ཧ་ཅང་ཞེད་ཀྱི་འདུག་ཡ། ཞེས་འབོད་པ་དེ་ནི་ཡིད་དུ་འོང་བའི་གནས་སྟངས་ཤིག་གཏན་ནས་མ་རེད།

 

ང་མེ་གསོད་རུ་ཁག་ཏུ་མེ་གསོད་མཁན་ཞིག་བྱེད་དུས་རྒྱུན་དུ་འཇིགས་སྣང་སྐྱེ་བཞིན་ཡོད། ང་ཞེད་སྣང་སྐྱེ་སྲིད་པའང་རེད། སྐྱེས་པ་དེ་ཚོའང་དེར་ཞེད་ཀྱི་ཡོད་པ་རེད། འོན་ཀྱང་འཇིགས་སྣང་ནི་ང་ཚོ་ཕྱི་འཐེན་བྱེད་པའི་རྒྱུ་མཚན་མ་རེད། ངས་འཇིགས་སྣང་དེ་བཞག་དགོས་ས་ཤིག་ལ་འཇོག་གི་ཡོད། ངས་དེ་དག་ངའི་དོ་སྣང་དང་སྤོབས་པ། དཔའ་ངར་གྱི་ཚོར་བའི་རྒྱབ་ལ་བཞག་གི་ཡོད། དེ་ནས་ང་རང་གཞན་འཐབ་གྲོགས་དང་མཉམ་དུ་མེ་ཕུང་འར་འུར་དུ་འབར་བཞིན་པའི་ཁང་རྩེགས་གསེབ་ཏུ་སོང་བ་ཡིན།

 

 

རྩོམ་པ་པོ་ཁ་ལོ་ལན་པོ་ལོས་ Caroline Paul དེབ། དཔའ་ངར་ལྡན་པའི་བུ་མོ། མི་ཚེ་གྱ་གྱུའི་ནང་གི་ཉེན་མཆོང་། The Gutsy Girl: Escapades for Your Life of Epic Adventure ཞེས་པ་དེ་ཐོན་ལ་ཉེ་ཡོད།

རྒྱ་སྒྱུར་མཁན། ཧུའུ་པེ། ཝང་ཐོང་ཧི།

 

 

དྲ་འབྲེལ།

http://cn.nytimes.com/opinion/20160224/c24paul/

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།