ཕྲུ་གུར་འཁྲིག་སྤྱོད་སྐོར་ཇི་ལྟར་བཤད་དགོས་སམ།

images/stories/blog_images/Ganglha/10druckerman-popup.jpgཕྲུ་གུར་འཁྲིག་སྤྱོད་སྐོར་ཇི་ལྟར་བཤད་དགོས་སམ།

ཕྲུ་གུའི་སློབ་གསོར་གནད་དོན་མང་པོ་འཕྲད་སྲིད་པའི་ནང་གཅིག་ནི་ཕྲུ་གུ་ནི་ཉིན་ལྟར་འགྱུར་ལྡོག་འགྲོ་བཞིན་པ་དེ་རེད།

ཁྱོད་རང་ཕྲུ་གུའི་དུས་རིམ་ཞིག་ལ་གོམས་རྗེས་དུས་ཡུན་ནང་དེ་དག་འཚར་ལོང་གི་དུས་རིམ་གཞན་ཞིག་ཏུ་སླེབས་ཚར་གྱི་ཡོད། ཉེ་དུས་ངས་སླར་འགྱུར་ལྡོག་དེ་འདྲ་ཞིག་ཡོང་བཞིན་པར་མཐོང་། ངའི་ལོ་ ༨ ལ་སོན་པའི་བུ་མོས་ང་ལ་ཕྲུ་གུ་དམར་འབྱར་ཞིག་ཨ་མའི་ཁོག་ཏུ་འཚར་ལོང་བྱུང་བ་བདེན་ཡང་ཇི་ལྟར་དེར་ཡར་འཛུལ་སོང་མིན་སྐོར་དྲིས་བྱུང་། ངས་གནས་སྟངས་དེའི་སྐོར་གྱི་ནང་དོན་ཅི་ཙམ་བཤད་དགོས་མིན་མ་ཤེས་པར་ཅུང་འགོར་རྗེས་ངས་གང་མགྱོགས་ཁྱོད་ལ་དེའི་སྐོར་ལན་སྤྲོད་ཆོག ཅེས་དང་། ཡང་དེ་ནི་ཕོ་མཚན་དང་འབྲེལ་བ་ཡོད། ཅེས་ཀྱང་ཁ་གསབ་བརྒྱབ་ཡོད།

 

 

ངས་སྐབས་དེར་སོ་སོའི་བུ་མོར་ཞེ་སྣང་བསྐུལ་མི་འདོད་ལ། བུ་མོའི་དྭངས་གཙང་ལ་སྦག་བཙོག་ཀྱང་བཟོ་མི་འདོད། ངའང་སྤྱི་བཏང་བའི་ཨ་རི་མི་དང་འདྲ་ཞིང་ཉིན་ཞིག་(གཅིག་བྱས་ན་ལོ་མང་པོའང་འགོར་སྲིད།)ང་དང་ཕྲུ་གུའི་དབར་དེའི་སྐོར་སྟབས་བདེ་མིན་པའི་ཁ་བརྡ་ཞིག་ཀྱང་བྱེད་སྲིད་ཅིང་། དུས་དེར་འཁྲིག་སྤྱོད་སྐོར་གྱི་བྱ་སྤྱོད་སོགས་ཡོངས་རྫོགས་བཤད་སྲིད།

 

དེ་རྗེས་བུ་མོས་ཀྱང་ང་ལ་དེའི་སྐོར་མོ་རང་གིས་སྔོན་ནས་དེ་དག་ཤེས་ཟིན་པའི་སྐོར་ཡང་བཤད་སྲིད། ཧྥ་རན་སིར་འཚོ་བཞིན་པའི་དབང་གིས་ངས་ཡཱོ་རོབ་མི་ཚོས་གནས་ཚུལ་འདི་ཇི་ལྟར་ཐག་བཅད་བྱེད་མིན་སྐོར་རྟོག་དཔྱོད་ཅིག་བྱ་བསམ་ཡོད། འདིར་ཕ་མ་ཚོས་ཀྱང་ཕྲུ་གུ་ཚོར་བྱིའུ་དང་སྦྲང་འབུ་ལྟ་བུ་བཤད་སྲིད་དམ། བརྗོད་གཞི་དེ་ས་འདིར་དེ་ཙམ་གྱི་སྟབས་བདེ་མིན་པ་ཡིན་ནམ། ང་རང་དུས་མཚམས་འདི་དང་མ་འོངས་པ་བརྒལ་ཐུབ་པའི་ཆེད་ལས་ཀྱི་ཐབས་འདྲ་ཡོད་དམ། ངས་པཱེ་རི་སའི་མཚན་རིག་འགྲེམ་སྟོན་ཁང་གི་འགྲེམ་སྟོན་ཞིག་ནས་འགོ་བརྩམས་པ་ཡིན། འགྲེམ་སྟོན་དེའི་མིང་ལ་འཁྲིག་སྤྱོད་ཟེར་བ་འདི་ལ་ཧ་ལས་རྒྱུ་གང་ཡོད་དམ། Sex — Wot’s the Big Deal? ཞེས་པ་དེ་ནི་རང་ལོ་ ༩ ནས་ ༡༤ བར་གྱི་བུ་མོ་ལ་འཁྲིག་སྤྱོད་སྐོར་གྱི་ཤེས་བྱ་སྤྲོད་རྒྱུའི་དམིགས་ཡུལ་འཛིན་ཡོད།

 

དེའི་ནང་ཕ་རོལ་པོ་དང་གང་འདྲ་འོ་སྦྱོར་དགོས་མིན་སྐོར་བཤད་འདུག (དེའང་མགོ་ཟུར་ཞིག་ལ་གཡོན་ཏེ་འོ་སྦྱོར་དགོས། དམིགས་བསལ་དུ་ཁྱོད་རང་རྣ་ཆེན་པོ་ཞིག་ཡིན་ན་དེ་འདྲ་བྱེད་དགོས། ཚིག་ཇ་ཐག་པ་ལྟར་མ་ཡིན་པར་གཞན་གྱི་ཁའི་ནང་ལྕེ་འགུལ་རྒྱུ་དེ་རེད།) ཅེས་པ་དེའོ།

ལང་ཚོ་འགྲེམ་སྟོན་ཁང་དུ་དེའི་སྐོར། ངས་དྲི་མ་ཞིག་དབྱེ་འབྱེད་དགོས། (མཆན་ཁུང་ལ་གོ)དེ་ནས་ས་གཅིག་ནས་འཕགས་མཆོང་གིས་ཁུ་བ་མཚོན་པའི་སྤོ་ལོ་ཆུང་ཙག་འགའ་ཕོ་མཚན་ནས་ཕྱིར་འཕུར་བཅུག་དགོས། ཅེས་པ་དེ་རེད།

འགྲེམ་སྟོན་ས་ཚིགས་གཞན་ཞིག་ཏུ་བརྩེ་དུང་གི་རྙོག་འཛིང་སྐོར་སྟོན་ཡོད། ཤིང་བྱང་ཞིག་ཏུ་མི་ཞིག་ལ་བརྩེ་དུང་བཅང་པ་དེས་སྐབས་འགར་ཁྱོད་དགའ་བཅུག་གི་ཡོད་ལ་སྐབས་རེར་དེས་ཁྱོད་སྡུག་ཀྱང་བཅུག་གི་ཡོད། འོན་ཀྱང་ཁྱོད་རང་སུན་བཞིན་པའི་དུས་ཀྱང་བརྩེ་དུང་བཅང་འདོད་ལ་གཞན་གྱིས་ཁྱོད་ལ་བརྩེ་དུང་བཅང་བར་དགའ་པོ་ཡོད། གང་ཡིན་ཟེར་ན། བརྩེ་དུང་གིས་ཁྱོད་ལ་འཚོ་བཞིན་པའི་ཚོར་བ་སྦྱིན་པས་སོ། ཅེས་བྲིས་འདུག

 

ཧྥ་རན་སིའི་མི་ནི་འཁྲིག་སྤྱོད་སློབ་གསོའི་དམིགས་དཔེ་ལྟ་ས་ཤིག་མ་རེད། སློབ་གྲྭ་ལའང་དེ་འབྲེལ་གྱི་རེ་འདུན་ཡོད། ཡིན་ཡང་ཁོ་ཚོས་རྒྱུན་དུ་ལག་བསྟར་བྱེད་ཀྱི་མེད། ཕོ་མོའི་རྟགས་མཚན་རིག་པའི་ཆེད་མཁས་ཧྥེ་ལི་ཕུ་པུ་རོང་ཐིས། Philippe Brenot ཧྥ་རན་སིའི་ཕྲུ་གུ་ཚོར་རྒྱུན་དུ་དེའི་སྐོར་ཕན་ཚུན་ཁ་བརྡ་བྱེད་རྒྱུ་མ་ཡིན་པར་དཔེ་དེབ་ལྟ་རྒྱུ་དེ་རེད། མདོར་ན་འདི་ནི་ཧྥ རན་སིའི་གནས་སྟངས་རེད། རང་ལོ་ ༡༢། ༡༣། ༡༤ སྐབས་ནས་འདི་འདྲ་རེད། འདི་འཁྱེར་ནས་ལྟོས་དང་། ཞེས་པ་ལྟར་འདི་ནི་འགྲེམ་སྟོན་དང་འདྲ། དེབ་འདི་དག (ཉུང་མཐའ་ཡང་ངས་བལྟས་པའི་དེབ་དེ་ཚོ་འདི་འདྲ་རེད། བསྡོམས་དེབ་གྲངས་བཅུ་ཙམ་ཡོད།) དེའི་ནང་སོ་སོར་ཕྲུ་གུ་འགོག་ཐབས་སམ་ན་ཚ་མི་འགོས་པར་གང་འདྲ་དགོས་མིན་གསལ་པོར་བཀོད་འདུག ཁྱོད་རང་གྲ་བསྒྲིག་འཐུས་ཚང་ཡོད་པའི་རྗེས་སུ་གཞི་ནས་འཁྲིག་སྤྱོད་ལ་འཇུག་དགོས་པའི་སྐོར་བཀོད་ཡོད། འོན་ཀྱང་གསར་གནས་མདོར་བསྡུས་ཤིག་ཡོད་པ་དེ་ནི་གལ་ཏེ་ཁྱོད་ལ་སྲུང་སྐྱོར་གྱི་ཐབས་ཤེས་ཡོད་ཚེ། དེ་བཞིན་བདེ་ཐང་གི་འབྲེལ་བ་ཞིག་ཏུ་གནས་ཚེ་འཁྲིག་སྤྱོད་ནི་ཁྱད་མཚར་བའི་གནས་ཚུལ་ཞིག་ཡིན་སྲིད།

 

ཧཱེ་ལན་མི་ནི་འཁྲིག་སྤྱོད་སློབ་གསོའི་སྐོར་ཡར་ཐོན་ཡིན་པ་མཐོང་ཐུབ། ཁོ་ཚོས་བརྗོད་གཞི་འདི་གླེང་དུས་འཛེམ་ཟོན་གང་ཡང་བྱེད་ཀྱི་མེད། འདིར་ཕ་མས་ཞོར་དུ་ཕྲུ་གུར་མཚན་རྟགས་སྐོར་གླེང་ཞིང་། ནང་དོན་ཡང་ཕྲུ་གུའི་ལོ་དང་འཚམ་པ་ཡིན། ཁ་བརྡ་འདིའི་རིགས་ཀྱིས་ཕྲུ་གུ་ཆུང་ནས་འགོ་བརྩམས་ཤིང་ལོ་མང་རིང་བརྒྱུད་མཐུད་བྱེད། བཙན་གྱིས་མཚན་མའི་སྐོར་སློབ་གསོ་སྤྲོད་སྟངས་དེ་སློབ་ཆུང་ནས་འགོ་བཙུགས་ཀྱི་ཡོད་ལ། དེའི་ནང་དེ་ལས་བརྒལ་བའི་མ་ནིང་སྐོར་གྱི་སློབ་ཚན་ཡང་ཡོད།

 

ཧཱེ་ལན་གྱི་ཕོ་མོའི་རྟགས་མཚན་མ་རིག་པའི་བདེ་ཐང་ཚོགས་པ་རུའུ་ཐེ་སི་འཛམ་གླིང་མི་འབོར་ཐེབས་རྩ་ཁང་ Rutgers WPF གི་སེམས་ཁམས་རིག་པའི་མཁས་དབང་སཱན་ཊི་རེ་ཝེན་ཏེ་ཏུ་ Sanderijn van der Doef ཡིས། ཕྲུ་གུས་དེའི་སྐོར་དྲི་བ་བཀོད་ནས་བཟུང་ཁོ་ཚོར་དོ་དབྱིངས་བྱུང་བ་རེད། དེ་རྗེས་ཕྲུ་གུ་ཚོར་ལན་འདེབས་ལེགས་པོ་ཞིག་རག་དགོས་པའི་དབང་ཆ་ཡོད་པ་རེད། ཅེས་བཤད། སཱན་ཊི་རེ་ཝན་ཏེ་ཏུས། ཕ་མས་ཕྲུ་གུར་དེའི་སྐོར་ལས་སྟབས་བདེ་དང་ལན་གསལ་པོ་རྒྱག་དགོས། གལ་ཏེ་ཕྲུ་གུར་ད་དུང་དྲི་བ་ཡོད་ན་འདྲི་སྲིད་པ་རེད། ཕྲུ་གུ་ལོ་ ༣། ༤ ཙམ་སླེབས་དུས་ཁྱོད་ཀྱིས་ཧ་ཅང་ལས་སྟབས་བདེའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག་ཅིང་། ཨ་མའི་ཁོག་པའི་ནང་ས་བོན་ཆུང་ཆུང་ཞིག་དང་ཨ་ཕའི་གཟུགས་ཕུང་ནང་གི་ཁུ་བ་ཉུང་ཉུང་ཞིག་ཡོད། ས་བོན་དང་ཁུ་བ་གཉིས་འཕྲད་རྗེས་ཕྲུ་གུ་ཆུང་ཆུང་ཞིག་ཨ་མའི་ཁོག་ཏུ་འཚར་ལོང་འགོ་བརྩམས་པ་རེད། ཅེས་བཤད་ན་འགྲིག ལོ་གསུམ་ཅན་གྱི་ཕྲུ་གུ་ཞིག་གིས་ས་བོན་དང་ཁུ་བ་གཉིས་ཇི་ལྟར་འཕྲད་མིན་སྐོར་འདྲི་མི་སྲིད། གལ་ཏེ་དྲིས་ཀྱང་དེ་ནི་ཁྱོད་ཀྱི་ཕྲུ་གུ་ལོ་དེ་ཙམ་ནས་ཧ་ཅང་སྤྱང་གྲུང་འཛོམས་ཤིང་དེར་ལེན་ཞིག་དགོས་ཀྱི་ཡོད་པ་ཤེས་ཐུབ། ཅེས་བཤད།

 

ང་ཚོའི་ཁྱིམ་ལ་སྒོ་ཡོད་མ་རེད། Not Under My Roof ཅེས་པའི་དེབ་ཀྱི་རྩོམ་པ་པོའམ་སྤྱི་ཚོགས་རིག་པའི་ཆེད་མཁས་ཨཱ་མེ་ཟི་ཆེལ་ཊིས། Amy Schalet ཧཱེ་ལན་གྱི་ཕ་མ་ཚོས་བྱིས་པའི་འཁྲིག་སྤྱོད་དེའང་ལུགས་མཐུན་ཟེར་བ་ལྟར་བཟོས་ཟིན། ཁོ་ཚོས་རང་ལོ་ ༡༦། ༡༧ ཙམ་གྱི་གཞོན་ནུ་ཕོ་མོ་གཉིས་རང་ཁྱིམ་དུ་སྡོད་བཅུག་པ་དང་། དེའང་གཞོན་ནུ་ཕོ་མོ་གཉིས་སྲ་བརྟན་གྱི་བརྩེ་དུང་དུ་གནས་ཡོད་པ་མ་ཟད། ཕྲུ་གུ་སྔོན་འགོག་གི་ཐབས་ཀྱང་ཡོད་ཅིང་ཚོར་བའི་ཐོག་ལའང་གྲ་བསྒྲིག་ཡོད་པ་བཅས་དགོས་ཀྱི་ཡོད། དེ་མིན་ཨ་རིའི་ཕ་མ་ནི་རྦད་དེ་ལྡོག་ཕྱོགས་ཡིན་ལ་ཁོ་ཚོས་འཁྲིག་སྤྱོད་སྐོར་རྩེད་མཚར་རང་བཞིན་ཟེར་བ་ལྟར་བསྒྱུར་ཞིང་། དེ་ལ་ཉེན་ཁ་ཆེ་ལུགས་དང་། ཁྱིམ་དུ་དེ་འདྲ་མི་ཆོག་པར་གཞོན་ནུ་ཚོ་ལྐོག་ལྐོག་སུག་སུག་ལྟར་བྱེད་བཅུག་གི་ཡོད།

 

ཨ་རི་བ་དང་ཡོ་རོབ་མི་ཚོས་སྤྱི་བཏང་རང་ལོ་ ༡༧ ཙམ་དུ་སླེབས་པའི་གཞོན་ནུས་འཁྲིག་སྤྱོད་ཐེངས་དང་པོ་བྱེད་ཀྱང་ཕ་མས་དེར་ངོས་ལེན་ཅུང་བྱེད་བདེ་པོ་ཡིན། ཧྥ་རན་སིའི་གྲོགས་མོ་ཞིག་གིས་ང་ལ་ཉེ་དུས་མོ་རང་ཉལ་ཁང་དུ་འཛུལ་བསམ་ཡང་ཁང་པའི་ནང་ནས་སྒོ་བརྒྱབ་ཡོད་པ་མཐོང་། སྐར་མ་གཅིག་རྗེས་སུ་མོའི་རང་ལོ་ ༡༧ ཅན་གྱི་བུས་སྒོ་ཕྱེད་ཙམ་ཕྱེས་ཏེ་ངོ་ཚའི་རྣམ་འགྱུར་དང་སྦྲགས་ངེད་གཉིས་ནང་ལ་སྡོད་ཡོད་ལགས། ཅེས་ཟེར། ཕྲུ་གུ་དེ་འདྲ་ཡིད་དུ་འོང་བ་ལྟར་རེད་ཨང་། གྲོགས་མོས་དེ་འདྲའང་བཤད།

 

གཙོ་གནད་ནི་མོའི་བུ་ནི་རྒྱུན་རིང་པོར་ཁོའི་དགའ་རོགས་བུ་མོ་དང་མཉམ་དུ་སྡོད་ཀྱི་ཡོད། དེ་གཉིས་ལ་ཕྲུ་གུ་འཁོར་ནའང་གནད་དོན་ཆེན་པོ་ཞིག་མིན། ཧྥ་རན་སིར་མཚོན་ན། རང་ལོ་ ༡༥། ༡༨ ཅན་གྱི་གཞོན་ནུ་ཚོར་སྨན་པས་རྟག་དཔྱད་བརྒྱུན་ཕྲུ་གུ་འཁོར་བར་འགོག་པའི་སྨན་ཡང་རིན་མེད་ཀྱིས་རག་ཐུབ་ཅིང་། ཁྲིམས་མཐུན་གྱི་ལོ་མ་ལོན་པ་ཚོས་སྨན་ཚོང་ས་གང་རུང་ཞིག་ཏུ་སོང་ནས་ཛ་དྲག་གི་རིན་མེད་ཀྱི་འགོག་སྨན་ལེན་ཆོག (ཧཱེ་ལན་ལའང་འདི་མཚུངས་ཀྱི་གཏན་འབེབས་ཡོད།)

 

ཨ་རིའི་གྲོགས་པོ་ཚོས་གནས་སྟངས་འདི་ཡིད་དུ་འོང་བ་ཟེར་བ་ཞིག་མཐོང་ཐུབ་མིན་མི་ཤེས། འོན་ཀྱང་ཡོ་རོབ་ཀྱི་གཞོན་ནུ་མར་ཕྲུ་གུ་འཁོར་ཚད་ནི་ཨ་རི་ལས་ཧ་ཅང་ཉུང་བ་ཡོད། དེའི་ཐད་ཧྥ་རན་སི་དང་ཧཱེ་ལན་ནི་ཨ་རི་ལས་ལྡབ་ལྔ་ཙམ་ཉུང་བ་ཡོད། མཐོང་སྣང་ལ་གལ་ཏེ་ཁྱོད་ཀྱིས་ཕྲུ་གུ་ནི་འོས་འགན་འཁྱེར་ཐུབ་པ་ཞིག་ལ་མཐོང་ཐུབ་ན་ཕྲུ་གུ་ཚོས་ཀྱང་ཁྱོད་ལ་འགྱོད་སེམས་མེད་པ་ཞིག་བཟོ་སྲིད་པ་རེད།

 

སྟབས་ལེགས་པ་ཞིག་ལ་ངའི་ཕྲུ་གུ་ད་ལྟའི་ཆར་ལོ་ཚད་དེར་སླེབས་མེད། འོན་ཀྱང་ཐེངས་འདིའི་ཞིབ་འཇུག་གི་གྲུབ་དོན་བརྒྱུད་ངས་གོ་སྐབས་བཙལ་ནས་ངའི་བུ་མོའི་དབར་ཕྲུ་གུ་སྐྱེ་བའི་སྐོར་ཁ་བརྡ་ཞིག་བྱས་པ་ཡིན། ངས་ཞི་ལྷོད་ཀྱིས་སྒོ་ནས་བུ་མོར་ཕོ་མཚན་དང་མོ་མཚན་གཉིས་ཐུག་པའི་སྐོར་བཤད་ཡོད། མོ་རང་ཡང་དེ་ཙམ་གྱི་ཧང་སང་མདོག་མི་འདུག ཨ་ལེ། བུ་མོས། ཁྱེད་རང་གིས་འཁྲིག་སྤྱོད་སྐོར་གསུང་གི་ཡོད་པ་འདྲ། ངས་དེའི་སྐོར་དེབ་ནང་ནས་མཐོང་མྱོང་ཡོད། ཅེས་བུ་མོས་ང་ལ་དེ་ལྟར་ཟེར་གྱི་འདུག

 

པཱ་མི་ལ་ Pamela Druckerman ནི་ལྟ་བའི་སྐོར་གྱི་རྩོམ་སྒྲིག་པ་ཞིག་རེད་ལ། ཕྲུ་གུ་གསོ་བ། ཨ་རིའི་ཨ་མ་ཞིག་གིས་ཧྥ་རན་སིའི་ཕ་མའི་བློ་གྲོས་རྙེད་པ། (Bringing Up Bébé: One American Mother Discovers the Wisdom of French Parenting) ཞེས་པའི་དཔེ་དེབ་དེ་བརྩམས་མཁན་ཡང་རེད།

 

མ་རྩོམ་གྱི་འབྲེལ་ཐག

 

http://cn.nytimes.com/opinion/20141211/c11druckerman/

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།