ངའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

 

ང་ལ་བཙན་གཡེམ་གྱི་ཉམས་མྱོང་ངམ་དེ་དང་འབྲེལ་བའི་ཕྱི་ལྡོག་སྐོར།

ལོ་མང་སྔོན་དུ་ངས་ཐཱེ་ཝན་ནས་ཡིན་པའི་གྲོགས་མོ་ཞིག་ལ་ང་ཆུང་དུས་ངའི་ཨ་ནེའི་ཁྱོ་གས་ཐེངས་མང་བཙན་གཡེམ་བྱས་སྐོར་གླེང་བ་ཡིན། མོ་ཧང་སང་ནས་ངས་གནས་དོན་དེའི་རིགས་ཉམས་དམའ་ཞིང་ཤེས་ཡོན་སློབ་གསོ་ཞན་པའི་ཁྱིམ་ཚང་ལ་མ་གཏོགས་ལྷག་གི་མ་རེད་བསམ་མྱོང་། ཟེར། དོན་དངོས་ཐོག་ང་ཚོའི་ཉེ་འཁོར་གྱི་མི་རྣམས་ལ་བཙན་གཡེམ་ཚུད་པའི་དེའི་སྐོར་གྱི་གནད་དོན་རྒྱུན་དུ་ཐོན་གྱི་ཡོད། འོན་ཀྱང་སྤྱི་ཚོགས་གུ་དོགས་པས་ཕོ་མོའི་མཚན་རྟགས་དང་འབྲེལ་བའི་སྐོར་འཛེམས་ཟོན་ཡོད་པའི་རྐྱེན་གྱིས་སྤྱི་བཏང་གི་ཆ་ནས་གནས་སྟངས་འདིའི་རིགས་ལ་བགྲོ་གླེང་བྱེད་ཀྱི་མེད་ལ། དེར་རྟོགས་ཞིབ་མི་བྱེད་ཅིང་ཤེས་རྟོགས་ཀྱང་མི་ཐུབ། དེ་རིང་ངས་སོ་སོའི་སྐྱེས་སྐར་དང་བསྟུན་སྒེར་ནི་བཙན་གཡེམ་ཕོག་མཁན་ཞིག་ཡིན་པའི་ངོས་ཀྱི་ཉམས་མྱོང་དང་། དེ་བཞིན་སཱི་ཝུན་ Swing དུ་ཡ་ང་ཞིང་སྐྱུག་བྲོ་བའི་གནས་ཚུལ་འགར་ཕྱི་ལྡོག་ཅིག་བྱེད་ཀྱི་ཡིན།

འདི་ངའི་ལོ་རྒྱུས་ཡིན།


ཕལ་ཆེར་ང་ལོ་ ༩ ནས་ ༡༣ བར་ངའི་ཨ་ནེའི་ཁྱོ་གས་ང་ལ་བཙན་གཡེམ་བྱས་མྱོང་། སྐབས་དེར་ང་ཚོ་ཊཱོ་རུན་ཊོར་ Toronto མཉམ་དུ་བསྡད་ཀྱི་ཡོད། དེང་ལོ་ལྟར་ངའི་སྐྱེས་སྐར་ཉིན་གྱི་གོ་སྐབས་བཟུང་སྟེ་ངས་མྱོང་ཚོར་དེའི་སྐོར་བཤད་ཅིང་བྱིས་པའི་དུས་ཀྱི་རྨ་ཁ་དེའི་ཉམས་མྱོང་བཤད་ཀྱི་ཡོད། དེ་བས་ངས་གནས་ཚུལ་འདི་དྲ་ཐོག་བཀོད་རྗེས་འདས་ཟིན་པའི་ལོ་གཅིག་ནང་གྲོགས་པོ་གསར་པ་བསྒྲིགས་པའི་ནང་དུའང་གཅིག་གཉིས་ཙམ་གྱིས་རང་འགུལ་ངང་ང་དང་འབྲེལ་བ་བྱེད་པའམ་ཁོའམ་མོ་རང་ཡང་གཞན་གྱིས་བཙམ་གཡེམ་ཐེབས་མྱོང་མཁན་ཡིན་པའི་སྐོར་བཤད་མཁན་བྱུང་། གང་ཟག་དེ་དག་གིས་གཞན་ལ་སོ་སོའི་སྡུག་ངལ་གྱི་ཉམས་མྱོང་སྐོར་རྩ་བ་ནས་བཤད་མྱོང་མི་འདུག ཡིན་ཡང་དེར་བརྟེན་ནས་གནས་ཚུལ་འདི་དག་ལྷག་གི་མེད་པ་མིན་ལ། ཡང་ན་ཉུང་དུ་འགྲོ་བའམ་མ་ཡིན་པར་འདི་ནི་ང་ཚོས་དེའི་སྐོར་བགྲོ་གླེང་བྱེད་ཀྱི་མེད་པས་རེད། ངས་གོ་སྐབས་ཡོད་ཚད་བཟུང་ནས་ང་རང་སྡུག་མྱོང་མཁན་ཡིན་པའི་ངོས་ཀྱི་ཉམས་མྱོང་དེ་ཚོ་བཤད་ཀྱི་ཡོད། གང་ཡིན་ཟེར་ན། ངས་ང་ཚོས་བཙམ་གཡེམ་ཕོག་པའི་སྐོར་གྱི་རྣམ་འགྱུར་དེ་ཇི་ཙམ་ཁ་གསལ་དུ་གཏོང་ཐུབ་ན་དེ་ཙམ་གྱིས་བཙམ་གཡེམ་ཡང་ཉུང་དུ་གཏོང་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་སྤྱི་ཚོགས་ནས་དེར་འཛེམས་ཟོན་བྱས་པའི་དབང་གིས་དེ་འབྲེལ་གྱི་སྡུག་མྱོང་མཁན་གྱིས་སྤྱིར་ན་ཉེན་ཅན་པར་ཐེར་འདོན་བྱེད་ཕོད་ཀྱི་མེད་པ་རེད། དེ་ལྟར་ལྐུགས་པའི་བརྟུལ་ཞུགས་འཛིན་སྟངས་ནི་རྒྱུན་དུ་ནོར་འཁྲུལ་གྱི་ངོ་ཚ་བའི་འདུ་ཤེས་ནས་འབྱུང་གི་ཡོད། དེ་བཞིན་ཕྱི་ལ་བཤད་ཐབས་མེད་པར་བརྟེན་སྔར་བས་སྡུག་ངལ་ཞིག་མྱོང་གི་ཡོད། གང་ཡིན་ཟེར་ན། ཁོའམ་མོ་དེ་ཚོས་ཉེ་འཁོར་མི་རྣམས་ཀྱི་སྙི་རྗེ་དང་སེམས་འཁུར། དེ་བཞིན་རོགས་སྐྱོར་ཡང་རག་ཐབས་མེད་པས་རེད། དེ་བས་ཚབ་ཆེ་བ་ཞིག་སྟེ་སྡུག་མྱོང་མཁན་ངོས་ནས་ཁུ་སིམ་མེར་བསྡད་པ་དེ་ཉེས་ཅན་པར་སྲུང་སྐྱོར་བྱེད་ཀྱི་ཡོད། སྡུག་མྱོང་མཁན་ངོས་ནས་ཉེས་པ་འདི་དག་ཐེར་འདོན་བྱེད་མི་ཕོད་པའམ། མི་འདོད་པའི་སྐབས་སུ་ཉེས་ཅན་པ་ཚོ་ཁྲིམས་ཀྱི་ཕྱི་ལ་འཁྱམ་བཞིན་ད་དུང་ཡང་གཞན་ལ་སུན་བཙིར་བྱེད་ཀྱི་ཡོད། འདི་ནི་ཡ་ང་བའི་རྣམ་པ་ཞིག་རེད། སྡུག་གྱོང་ཕོག་མཁན་ངོས་ལ་རྒྱུན་དུ་དོགས་ཟོན་ཁག་ཅིག་ཡོང་གི་ཡོད་པ་དེའི་ནང་གལ་ཏེ་ང་ལ་ཡིད་ཆེས་བྱེད་མཁན་མེད་ན་ང་གང་འདྲ་དགོས་སམ་ཞེས་པ་དེ་རེད། ངས་སོ་སོའི་ཉམས་མྱོང་ཐེར་འདོན་བྱེད་དུས་ངས་སུའི་ང་ལ་ཡིད་ཆེས་ཡོད་མེད་ལ་བསམ་བློ་བཏང་མེད། གཙོ་ཆེ་ཤོས་ནི་ངས་སོ་སོའི་བཤད་པ་དེ་དོན་དངོས་ཡིན་པ་ཤེས་ཀྱི་ཡོད།

ཁ་བཙུམ་ནས་སྡོད་མཁན་གྱི་སྡུག་གྱོང་མྱོང་མཁན་ངོས་ནས་ངའི་ཉིན་རེའམ་སྐར་ཆ་རེའི་ནང་ལའང་ང་ལ་གནོད་བསྐྱེལ་མཁན་གང་ཟག་དེར་འགེབས་སྲུང་བྱེད་པ་ཡིན། ངས་དྲང་གཏམ་བཤད་དུས་ཐད་ཀར་ཁོ་ལ་ཁ་གཏད་དེ་སྐད་ཆ་བཤད་མི་ཕོད་པའི་སེམས་ཁམས་ལའང་ཁ་གཏད་གཅོག་ནས་སོ་སོའི་གཟུགས་པོར་བདག་དབང་དང་སྨྲོ་བརྗོད་རང་དབང་བཅས་བརྩོན་ལེན་བྱས་པ་རེད། དེ་བཞིན་བདེན་པ་བཤད་པ་དེས་ང་ལ་རང་དབང་ཐོབ་ཀྱི་ཡོད། དེའི་སྐོར་སོ་སོའི་ཁྱིམ་མི་དང་ཉེན་རྟོག་པར་ཇི་ལྟར་བཤད་དགོས་མིན་ཐད། གལ་ཏེ་ཁྱོད་ཀྱིས་ངའི་དོན་དངོས་ཀྱི་ཉམས་མྱོང་ཤེས་འདོད་ཚེ་ང་ལ་མཆན་བཞག་པའམ་སྒེར་ལ་དྲི་བ་བཀོད་པར་དགའ་བསུ་ཡོད། ངས་ཁྱོད་དང་མཉམ་དུ་དེའི་སྐོར་སྐྱིད་སྡུག་མཉམ་མྱོང་དང་རོགས་རམ་ཡང་བྱ་འདོད། ཡིན་ཡང་ངས་ད་དུང་ཡང་གལ་ཆེ་ཤོས་ནི་དེའི་སྐོར་གཞན་གྱིས་ཇི་ལྟར་བསམ་མིན་ལ་མ་ལྟོས་པར་སོ་སོའི་གནད་དོན་ལ་ཁ་ཕྱོགས་ཅིང་སོ་སོའི་མྱོང་ཚོར་བཤད་པ་དེ་ནི་བཅོས་ཐབས་ནང་གི་གལ་ཆེ་བའི་གོ་རིམ་ཞིག་ཡིན་པས་གཞན་གྱིས་ཁྱོད་ལ་ཐེ་ཚོམ་ཟོས་ཏེ་ཁྱོད་ཀྱི་མྱོང་བྱང་དང་སྡུག་ངལ་ལ་བརྩིས་མེད་གཏོང་མིན་སྐོར་ལ་བསམ་བློ་གཏོང་མི་དགོས།

ང་ངོ་ཚ་བཞིན་པ་ཚོར་གྱི་འདུག ཅེས་པའི་སྐོར།
ང་ངོ་ཚ་གི་མི་འདུག ངས་ནོར་འཁྲུལ་གང་ཡང་བྱས་མེད། ང་འཆོལ་མོ་ཞིག་མིན། ང་བཙོག་པ་ཟེར་བ་དེ་འདྲ་ཆག་མེད། གོང་གི་བསམ་ཚུལ་འདི་ཚོ་ཚང་མ་གཏན་ཚིག་རིག་པ་དང་མཐུན་གྱི་མེད་པ་རེད། ང་དེ་སྔོན་མྱོང་བྱང་དེའི་རྐྱེན་གྱིས་སྔར་བས་སྲ་བརྟན་དང་། གཞན་གྱི་སྡུག་ངལ་ལ་སྔར་བས་བསམ་གཞིག་དང་སྙིང་རྗེ་སྐྱེ་ཐུབ་མཁན་ཞིག་ཆག་ཡོད། ངོ་ཚ་དགོས་མཁན་དེ་ང་ལ་བཙན་གཡེམ་བྱེད་མཁན་མི་ངན་དེ་ཡིན་དགོས་པ་ལས་ང་མ་རེད།

ང་ཞེད་སྣང་སྐྱེ་བ་དེ་ནི་ང་ལ་སེམས་འཁུར་བྱེད་མཁན་ཚོར་སེམས་སྡུག་མི་ཡོང་ངམ་བསམ་པ་དེ་ཡིན། ང་ལ་བཙམ་གཡེམ་བྱེད་མཁན་ངའི་ཨ་ནེའི་ཁྱོ་ག་ཡིན་པའི་རྐྱེན་གྱིས་ངས་དེའི་སྐོར་བཤད་ན་ངའི་ཚ་བོ་ཚ་མོ་ཚོར་སེམས་སྡུག་ཡོང་སྲིད་པས་ང་ཞེད་སྣང་སྐྱེ་གི་ཡོད། འོན་ཀྱང་དོན་དངོས་ཐོག་གལ་ཏེ་ངའི་ཨ་ནེའི་ཁྱོ་གས་སོ་སོའི་བུ་རྒྱུད་རྣམས་ལ་ཨ་ཕ་འདི་འདྲ་ཞིག་མིག་བཏོན་བྱེད་འདོད་མེད་ཚེ་ཁོས་སྐབས་དེར་ང་ལ་བཙམ་གཡེམ་མ་བྱས་ན་འགྲིག་གི་ཡོད། ང་ལ་ནོར་འཁྲུལ་མེད། དེ་ཚོ་ངའི་བུ་རྒྱུད་ཀྱང་་མ་རེད། སོ་སོ་བློས་གཏོང་བྱས་ནས་ཁོ་ཚོའི་མྱོང་ཚོར་ལ་སྟབས་བསྟུན་དགོས་པ་དེ་ལུགས་མཐུན་ཞིག་མ་རེད། གལ་ཏེ་ངས་བདེན་པ་བཤད་ཚེ་ངའི་ནང་མི་ཚོའང་སེམས་སྡུག་ཡོང་གི་རེད་བསམ་ནས་ཞེད་སྣང་སྐྱེ་གི་ཡོད། ཡིན་ཡང་གལ་ཏེ་དེ་རིང་ངའི་ནང་མིར་དཀའ་ངལ་འདི་འཕྲད་ན་ཁོ་ཚོས་ང་ལ་ཕྱིར་བཤད་དགོས་པའི་རེ་བ་བཏོན་སྲིད། ང་ཚོ་མཉམ་དུ་སྡུག་ངལ་མྱོང་བ་དེ་ཁོ་ཚོས་སོ་སོས་སྡུག་ངལ་མྱོང་པ་ལས་ཡག་པ་ཡོད། གང་ཡིན་ཟེར་ན། ང་ཚོས་ཕ་རོལ་པོར་རྒྱབ་སྐྱོར་དང་རོགས་རམ་བྱེད་ཆོག་པས་ཡིན།

མཇུག་ཏུ་མི་ཚེའི་ནང་སྡུག་བསྔལ་བའི་གནས་ཚུལ་མང་པོ་ཡོང་གི་རེད། འོན་ཀྱང་ང་ཚོ་སྡུག་ངལ་འདི་ཚོར་གཡོལ་བའི་ཆེད་དུ་བྱེད་འོས་པའི་བྱ་བར་གཡོལ་ནས་སྡོད་ན་དེ་ནི་མི་འོས་པའི་གནས་ཚུལ་ཞིག་རེད།
ཚང་མ་མི་རྒན་པ་ཤ་སྟག་རེད། ལེགས་ཉེས་ཅི་ཡིན་ཡང་དཔའ་ངར་ལྡན་པའི་སྒོ་ནས་མཉམ་དུ་ཁ་གཏད་གཅོག་ཅིང་མཉམ་དུ་འགན་འཁྱེར་དགོས།

བཙམ་གཡེམ་ཐེར་འདོན་དགོས་པའི་རྒྱུ་མཚན་གལ་ཆེ་ཤོས་འགའ།
ངས་དེ་སྔོན་གཞན་ལ་ག་རེ་བྱེད་དགོས་མིན་ཞེས་སྐད་ཆ་དེ་འདྲ་བཤད་ཕོད་ཀྱི་མེད། འོན་ཀྱང་ལོ་ཤས་རིང་ངས་སྡུག་མྱོང་མཁན་གཞན་གྱིས་གང་ནུས་ཀྱིས་སོ་སོ་དང་གཞན་གྱི་བདེ་དོན་ཆེད་དུ་སྐད་ཆ་བཤད་དགོས་པར་བསྐུལ་སློང་བྱེད་འདོད་ཇེ་ཆེར་སོང་འདུག

ངས་བསམ་པར་བཙན་གཡེམ་གྱི་ཉེས་པ་ཐེར་འདོན་བྱེད་པ་དེས་གཞན་ལ་སྲུང་སྐྱོར་བྱེད་ཐུབ་པ་དང་། ཁོའམ་མོ་ཚོ་སྡུག་མྱོང་མཁན་རྗེས་མ་དེ་མི་ཆག་པར་ངོས་འཛིན་ཡོད། གལ་ཏེ་ཁྱོད་ལ་སྡུག་གཏོང་མཁན་དེ་ད་དུང་གསོན་པོར་སྡོད་ཡོད་ཚེ་ཁྱོད་ཀྱིས་ཁོའམ་མོ་ལ་དེའི་སྐོར་བཤད་དེ་ཉེས་ཅན་དེ་བཙོན་དུ་གཞུག་ཐབས་བྱ་རོགས་ཅེས་དང་། ཁོའམ་མོས་གཞན་ལ་གནོད་བསྐྱེལ་མི་ཐུབ་པ་བཟོ་ཐུབ། ཁྱོད་ལ་བཙན་གཡེམ་བྱེད་མཁན་དེ་ཤི་སོང་ནའང་( ངའི་ཨ་ནེའི་ཁྱོ་ག་ད་ཆ་འདས་ཟིན་པ་རེད། ) ངས་ད་དུང་ཡང་ཁྱོད་ཀྱིས་གོ་སྐབས་འདི་དམ་འཛིན་ཡོང་བར་བསྐུལ་སློང་གི་ཆེད་དུ་སྐད་ཆ་བཤད་སྲིད། གང་ཡིན་ཟེར་ན། ང་ཚོས་མཉམ་དུ་འདི་འདྲར་རྣམ་རྟོག་དང་བཙན་གཡེམ་ཐེབས་མཁན་གྱི་ངོ་ཚོའི་སེམས་ཁམས་དེ་མེད་པ་བཟོ་ཐུབ་པས་རེད། ང་ཚོས་དྲང་བདེན་དང་ཕྱི་གསལ་ནང་གསལ། དེ་བཞིན་དཔའ་ངར་ལྡན་པའི་སྒོ་ནས་ཕྱིར་དོན་ཡོང་སྐབས་ང་ཚོ་ཚང་མ་ད་དུང་ཡང་ཁ་བཙུམ་ནས་ཁུ་སིམ་མེར་སྡོད་པའམ་ཁེར་རྐྱང་དུ་གནས་པའི་སྡུག་མྱོང་མཁན་གཞན་ལའང་བློ་སྟོབས་སྤྲོད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་སུ་དཔའ་ངར་ལྡན་པའི་སྡུག་མྱོང་མཁན་སྔར་བས་མང་བ་ཕྱིར་དོན་ནས་སོ་སོར་དག་སེལ་བྱེད་དེ་གཞན་གྱི་དམིགས་དཔེ་གང་མང་མཐོང་ཐུབ་ཅིང་ཚང་མ་མཉམ་དུ་བདེན་པ་རྒྱ་ཁྱབ་གཏོང་བའི་བསྐུལ་སློང་བྱེད་དགོས།

འདི་སཱི་ཝུན་ Swing དང་འབྲེལ་བ་ག་རེ་ཡོད་དམ།
གཤམ་ཏུ་སཱི་ཊི་ཝུན་ Steven Mitchell དང་འབྲེལ་བའི་སྐོར་ངས་གཙོ་བོ་ཐཱེ་ཝན་ཞབས་བྲོ་འཁྲབ་མཁན་ཚོར་ཆེད་དུ་དམིགས་ཏེ་བྲིས་པ་ཡིན། ཨཱིན་ཡིག་བྱང་ཆ་མེད་ན་ད་དུང་གནས་ཚུལ་འདི་ཤེས་རྟོགས་བྱེད་ས་གཞན་གྱི་ལམ་ཁའང་ཡོད་པ་རེད། Swing ནང་ལའང་མི་སྡུག་ཆག་དེ་འདྲ་ཡོད། སཱི་ཊི་ཝུན་ནི་སྔོན་ཙམ་ཧ་ཅང་སྐད་གྲགས་ཆེ་བའི་རྒྱལ་སྤྱིའི་ཞབས་བྲོ་དགེ་རྒན་ཞིག་རེད། ང་ཚོའི་དེང་དུས་འཛམ་གླིང་བསྐོར་ནས་སློབ་འཁྲིད་དང་འགྲན་རྩོད་བྱེད་མཁན་གྱི་དགེ་རྒན་མང་པོ་ཁོའི་སློབ་བུ་རེད། དེ་བཞིན་དེ་དག་ལ་ཁོའི་ཤུགས་རྐྱེན་ཡང་གཏིང་ཟབ་ཐེབས་ཡོད། ལོ་གཅིག་སྔོན་ཙམ་ལ་ཞཱེ་ར་སོ་ལི་ཝུན་ཟེར་བའི་ལཱེན་ཊི་ཞབས་བྲོ་འཁྲབ་སྟོན་མཁན་ནམ་དགེ་རྒན་ཞིག་གིས་མོའི་ཟིན་བྲིས་སུ་སཱི་ཊེ་ཝུན་ཕྲུ་གུ་ཆུང་ཆུང་ལ་འདོད་ཆགས་སྐྱེ་བར་དབྱིངས་ཞུགས་མཁན་ཞིག་ཡིན་པ་དང་། དེ་བས་མོ་རང་ལོ་བཅུ་ཙམ་ཡིན་དུས་ཞབས་བྲོ་འཁྲབ་པས་གོ་སྐབས་དང་བསྟུན་དེར་ཁ་གཡར་ཏེ་ཁོས་མོ་ལ་བཙན་གཡེམ་ཐེངས་མང་བྱས་པའི་སྐོར་ཐེར་འདོན་བྱས་འདུག ཞཱེ་ར་སོ་ལི་ཝུན་གྱིས་དེའི་སྐོར་ཐེར་འདོན་བྱས་རྗེས་སཱི་ཊི་ཝུན་གྱིས་ཡོངས་གྲགས་ཀྱིས་ཁོ་པའི་ནག་ཉེས་ལ་ངོས་ལེན་བྱས་པ་རེད། དེ་རྗེས་མོ་དང་ལོ་ཚད་འདྲ་མཉམ་གྱི་ཞབས་བྲོ་འཁྲབ་མཁན་གཞན་ཚོས་ཀྱང་མོ་དེ་ཚོའི་འདྲ་མཚུངས་ཀྱི་སྡུག་བསྔལ་གྱི་མྱོང་བྱ་ཕྱི་བསྒྲགས་བྱས་ཡོད།

ཉེ་དུས་རཱོ་མོ་ན་ལི་ཊི་ཧྥུ་ Ramona Staffeld ( འདི་ནི་ཊོ་ཊིའི་ཞབས་བྲོ་འཁྲབ་རོགས་རེད། དེ་སྔོན་ཐཱེ་པེ་གྲོང་དུ་ཞབས་བྲོ་བསླབ་མྱོང་མཁན་ཞིག་ཡིན་ལ་ཡག་མདོག་ཆེ་བའི་རཱོ་མོ་ན་ཟེར་བ་དེ་རེད། ) ཡིས་དེ་དང་འབྲེལ་བའི་བཅར་འདྲི་ཐེངས་ཤིག་ཏུའང་མོ་རང་ལོ་ ༡༥ ཡང་ན་ ༡༦ ཙམ་ཡིན་དུས་སཱི་ཊི་ཝུན་ Steven Mitchell གྱིས་མོ་ལ་བཙམ་གཡེམ་བྱས་ཤིང་། ཁོས་མོ་ལ་ཞབས་བྲོ་བསླབ་པའམ་སྦྱོང་བརྡར་དུ་བཞུགས་དགོས་པའི་རྒྱུ་མཚན་ལ་ཁ་གཡར་ཏེ་རཱོ་མ་ནའི་ཕ་མར་མགོ་བསྐོར་བཏང་སྟེ་ལོ་ཆུང་བའི་མོ་རང་ཕ་མའི་འཁྲིས་ནས་མགོ་བསྐོར་གྱིས་འཁྲིད་དེ་རླངས་འཁོར་མགྲོན་ཁང་དུ་མོ་ལ་བཙན་གཡེམ་ལོ་མང་རིང་བྱས་པའི་སྐོར་བཤད་ཡོད།

སཱི་ཊི་ཝུན་ནི་སྐབས་དེའི་དུས་སུའམ་ད་བར་གནད་དོན་དེ་མ་ཐོན་སྔོན་དུ་ལཱན་ཊི་ཚོགས་པའི་ནང་ཚང་མས་གོང་བཀུར་ཆེན་པོ་ཐོབ་པའི་སློབ་དཔོན་ཞིག་རེད། ཁོས་གོ་ས་དེ་བེད་ལོག་སྤྱོད་དེ་གཞོན་ནུ་འཁྲབ་སྟོན་མ་མང་པོར་བཙན་གཡེམ་བྱས་ཡོད། ཁྱོད་ཀྱིས་སཱི་ཊི་ཝུན་ནི་དམིགས་བསལ་གྱི་དཔེ་མཚོན་ཞིག་ལ་ངོས་འཛིན་བྱེད་སྲིད་མོད། ཞབས་བྲོ་འཁྲབ་མཁན་གྱི་ཁོར་ཡུག་ཏུ་མི་ཐབས་སྡུག་འདི་འདྲ་ངོ་མ་ཡོད་སྲིད་དམ་ཡང་སྙམ་སྲིད་པ་རེད། དེ་བས་འཇིགས་སུ་རུང་བ་ཞིག་ནི་ཁོ་གཅིག་པུར་མ་རེད། ཁོ་དང་དུས་མཚུངས་སུ་ཐོག་མའི་ཞབས་བྲོ་མཁན་གྲགས་ཅན་པཱི་ལ་བོ་གྷི་ཊའང་ Bill Borgida ( ད་ལྟའི་ཆར་གྱི་རྒྱལ་སྤྱིའི་ཞབས་བྲོ་དགེ་རྒན་མང་པོས་ཁོའི་སློབ་ཚན་ཉན་མྱོང་ཡོད་པ་རེད། ) ལོ་ཤས་སྔོན་དུ་རྒྱལ་མཚམས་ཀྱི་འགག་སྒོ་ནས་བྱིས་པའི་ལོག་གཡེམ་དང་འབྲེལ་བའི་དེབ་རིགས་མཉམ་འཁྱེར་ཡོད་པར་བརྟེན་བཙོན་དུ་བཅུག དེ་རྗེས་ཞབས་བྲོའི་ཁོར་ཡུག་ཏུ་ཁོའི་མིང་ཙམ་ཡང་མི་ལྷག་པར་གྱུར། དེའང་གནད་དོན་དེ་འབྱུང་སྐབས་དྲ་ལམ་གྱི་སྡེ་འདི་ད་ལྟ་ནང་བཞིན་དར་སྲོལ་ཆག་མེད་པར་བརྟེན་འདིའི་སྐོར་ཤེས་མཁན་ཅུང་ཉུང་ཉུང་རེད།

འདི་དང་ཐཱེ་པེའི་སཱེ་ཝུན་ Swing དབར་འབྲེལ་བ་གང་ཡོད་དམ།
ཕྱི་རྒྱལ་དུ་བྱུང་བའི་གནས་ཚུལ་འདི་དག་ང་ཚོར་འབྲེལ་བ་ཆག་དགོས་དོན་གང་ཡིན་ནམ། དེའང་ང་ཚོ་ཕན་ཚུན་དབར་འབྲེལ་བ་ཡོད་པའི་འཇིག་རྟེན་འདིར་འཚོ་བཞིན་པས་ཡིན། ཕྱི་རྒྱལ་གྱི་ཞབས་བྲོ་འཁྲབ་མཁན་ཐཱེ་ཝན་དུ་སླེབས་ནས་བྲོ་འཁྲབ་པ་དང་སློབ་འཁྲིད་བྱེད་ཀྱི་ཡོད་ལ། ང་ཚོའང་ཕྱི་རྒྱལ་དུ་སོང་ནས་ཞབས་བྲོ་འཁྲབ་ཅིང་སློབ་འཁྲིད་བྱེད་ཆོག དེ་མིན་ཐཱེ་ཝན་ལ་ས་གནས་རང་གི་ཞབས་བྲོ་འཁྲབ་མཁན་ལས་མེད་ཀྱང་ང་ཚོས་མཐའ་གཅིག་ཏུ་ནད་ཡམས་འདི་འགོག་ཐབས་ཡོང་མི་སྲིད། ཐཱེ་ཝན་གྱི་ཞབས་བྲོ་འཁྲབ་སའི་ཁོར་ཡུག་ཏུ་མི་སྡུག་ཆག་མེད་པ་སུ་ཡིས་ཧ་གོའམ། དེ་རིང་མི་དེ་འདྲ་མེད་པའི་དབང་དུ་བཏང་ཡང་མ་འོངས་པར་ཡོང་སྲིད་དམ། སྒེར་དང་ང་ཚོའི་ཞབས་བྲོ་འཁྲབ་མཁན་ཚོར་སྲུང་སྐྱོར་ཆེད་དུ་ང་ཚོས་རཱོ་མོ་ན་སི་ཊི་ཧྥུ་དང་ངའི་ཉམས་མྱོང་གི་ཐོག་ནས་སློབ་སྦྱོང་བྱེད་འོས་པ་ཡིན།

ངས་ཤེས་རྟོགས་བྱུང་བའི་གནས་ཚུལ།

༡།དགེ་རྒན་ཞེས་པའི་གོ་མིང་ངམ་ཡང་ན་གོ་གནས་གཞན་ཅི་ཞིག་ཡིན་ཡང་དེར་ཞེད་སྣང་བྱེད་མི་དགོས།

ང་ཚོས་གང་ཟག་ག་གེ་མོའི་གོ་སར་བརྟེན་ནས་ཁོའམ་མོ་ལ་ཚད་གཞི་བརྒལ་བར་ཡིད་ཆེས་བྱེད་སྲིད། ( དེའང་ངའི་ཕ་མ་གཉིས་ཀྱིས་ངའི་ཨ་ནེའི་ཁྱོ་ག་ནི་སོ་སོའི་ཁྱིམ་ནང་གི་མི་ལྟར་ཡིད་ཆས་བྱས་པ་དང་མཚུངས། ) རཱོ་མོ་ན་སི་ཊི་ཧྥུ་ཡིས་བཤད་མྱོང་བ་ལྟར་སཱི་ཊི་ཝུན་ཁོ་ལྷའི་གཟུགས་བརྙན་ལྟར་བསྐྲུན་བཞག་པ་དེ་མ་གཞི་ནས་གནད་དོན་ཞིག་ཡིན། གང་ཡིན་ཟེར་ན། ང་ཚོས་ཁོ་ཧ་ཅང་མཐོ་སའི་གོ་གནས་ཤིག་ལ་བཞག་ཡོད་པས་ཡིན། དེ་བཞིན་རཱོ་མོ་ན་སི་ཊི་ཧྥུའི་ཕ་མའང་སྐབས་དེར་སཱི་ཊི་ཝུན་གྱི་སློབ་མ་རེད། དེ་བས་སཱི་ཊི་ཝུན་གྱི་སྐད་གྲགས་དེས་ཁོ་ཚོའི་དོགས་ཟོན་དེ་བརླགས་པར་བྱས་ཤིང་། མོའི་ཕ་མས་སོ་སོའི་བུ་མོ་ཁོ་དང་མཉམ་དུ་ཧཱ་ཝེ་ Hawaii ཁུལ་དང་ཡང་ན་ས་གནས་གཞན་དུ་ཞབས་བྲོ་བསླབས་བཅུག་ན་གནས་ཚུལ་ལྷག་མི་སྲིད་པར་ངོས་འཛིན་བྱས་པས་རེད། དོན་དངོས་ཐོག་མི་ཞིག་གིས་ཞབས་བྲོ་ཡག་པོ་འཁྲབ་ཤེས་མིན་དང་གླུ་གཞས་ཡག་པོ་ལེན་ཤེས་པ། དེབ་ཡག་པོ་འབྲི་ཤེས་པ། གློག་བརྙན་ཡག་པོ་འཁྲབ་ཤེས་པ། དངུལ་མང་པོ་གསོག་ཐུབ་པ་སོགས་གནས་སྟངས་དེ་དག་ཡོངས་ཀྱིས་མི་དེ་ནི་གཞན་གྱི་ཡིད་ཆས་ཐོབ་འོས་པའི་མི་བཟང་པོ་ཞིག་ཡིན་པ་མཚོན་གྱི་མེད། ང་ཚོས་ངེས་པར་དུ་གནད་དོན་འདི་སེམས་སུ་དམ་པོར་བཟུང་དགོས། འདི་འདྲ་བྱས་ན་ང་ཚོས་གང་ཟག་ག་གེ་མོར་ཤེས་འཇོན་ལྡན་པའི་དབང་གིས་གང་ཟག་དེའི་ཀུན་སྤྱོད་ཐད་ཀྱི་སྐྱོན་ཆར་སྣང་མེད་གཏོང་སྲིད་པ་རེད།

༢།སྲ་བརྟན་འགྱུར་མེད་དང་སྤོབས་པ་ལྡན་ཞིང་སེམས་ཐག་ཆོད་པོའི་སྒོ་ནས་སོ་སོའི་ངོ་བོ་མཚོན་དགོས།
རང་གཞན་ཕྱོགས་གཉིས་ལ་སྲུང་སྐྱོར་བྱེད་ཐབས་དེའང་སོ་སོར་སྲ་བརྟན་འགྱུར་མེད་དང་སྤོབས་པ་ལྡན་པ། སེམས་ཐག་ཆོད་པོའི་སྒོ་ནས་སོ་སོའི་ངོ་བོ་མཚོན་ཐབས་དགོས་པ་དེ་རེད། སོ་སོས་གཏན་ཚིག་བཞག་པའི་སོ་མཚམས་དེ་ཧ་གོ་བ་བྱེད་དགོས། འདིའི་སྐོར་སྐད་ཆ་གཞན་གྱིས་འགྲེལ་ཐབས་བྱེད་ན། དེ་ནི་མ་འགྲིག་ན་མ་འགྲིག་པ་རང་རེད། གལ་ཏེ་མིས་ཁྱོད་ལ་རེ་བ་བཏོན་པའམ་སྒེར་ལ་འདོད་པ་མེད་པའི་བྱ་འགུལ་སྤེལ་བཅུག་ན་ཁྱོད་ཀྱིས་ཐད་ཀར་ཁོ་ལ་ངོས་ལེན་མ་བྱེད་ན་འགྲིག ( དེ་བས་ཁྱོད་ཀྱིས་བྱ་བ་དེ་བྱེད་འདོད་མེད་པའི་རྒྱུ་མཚམ་ཙམ་ཡང་བཤད་དགོས་ཀྱི་མ་རེད། ) འདིའང་གང་ཟག་དེ་ཁྱོད་ཀྱི་ནང་མིའམ་དགེ་རྒན། རྒན་རབས་སམ་སྤྱི་འཐུས། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ག་རེ་ཡིན་ཡང་ཆོག དེ་མིན་གོ་ས་དང་མིང་འདོགས་གཞན་ཅི་འདྲ་ཡོད་མཁན་ཞིག་ཡིན་ཡང་དེ་དག་གིས་ཁོ་ཚོའི་དགའ་སྤྲོ་དེ་ཁྱོད་ཀྱི་སྡུག་བསྔལ་ཐོག་བརྩེགས་པའི་དབང་ཆ་མེད།

བཤད་མཚམས་འདིར་སླེབས་དུས་ངས་དོན་དངོས་ཀྱི་དཔེ་མཚོན་ཞིག་འཇོག་འདོད་བྱུང་། ཞབས་བྲོའི་རྗེས་འབྲང་པ་ཡིན་པ་ཞིག་གིས་ང་ལ་ཞབས་བྲོ་འཁྲབ་དུས་མོ་རང་གིས་ཞབས་བྲོ་སྣེ་ཤེན་པ་འགའི་བྱ་སྤྱོད་དེ་ཚོ་ནི་ཞབས་བྲོ་རང་གི་ཆ་ཤས་ཤིག་ཡིན་མིན་དབྱེ་མཚམས་གསལ་པོར་འབྱེད་ཁག་པོ་འདུག དམིགས་བསལ་དུ་ཞབས་བྲོ་སྣེ་ཤེན་པ་ཞིག་གིས་ཞབས་བྲོ་འཁྲབ་སྐབས་མོའི་འགྲམ་པར་འོ་སྐྱེལ་ཏེ་མོ་རང་སྐབས་དེར་སྐྱིད་པོ་མེད་པ་བཟོས་པའི་སྐོར་བཤད་བྱུང་།

ཞབས་བྲོའི་ཆ་ཤས་གཅིག་ནི་རྩེད་མོ་རེད་ཟེར།
དེར་བརྟེན། སྣེ་ཤེན་དེས་རྩེད་མོ་རྩེད་ཀྱི་ཡོད་པ་རེད་དམ། ད་དུང་སྣེ་ཤེན་པ་དེས་མོ་ལ་དགའ་མདོག་བཏོན་པར་བརྟེན་འོ་སྐྱེལ་བ་དེ་ནི་འགུལ་སྤྱོད་དམ་ཡང་ན་མོ་ལ་བརྩེ་བ་མཚོན་སྟངས་ཤིག་རེད་དམ། གང་ལྟར་ཡང་སྐབས་དེར་མོ་རང་མི་བདེ་བ་ཆག་ཡོད། འོན་ཀྱང་དུས་དེར་མོས་སྣེ་ཤེན་པར་ཇི་ལྟར་བཤད་དགོས་མིན་མི་ཤེས་ལ་གཞན་ལའང་དེའི་སྐོར་བཤད་མེད། དེང་གནས་ཚུལ་དེ་བྱུང་ནས་ལོ་གཅིག་ལྷག་སོང་བས་མོས་དེའི་སྐོར་བཤད་དགོས་མིན་མི་ཤེས་ལ། དེའི་སྐོར་ཇི་ལྟར་བཤད་ན་ལེགས་མིན་ཡང་མི་ཤེས་པར་ལུས།

མིའི་བྱ་སྤྱོད་མང་པོ་ཅི་བྱ་མི་ཤེས་པའི་གནས་སུ་གྱར་ཡོད། གལ་ཏེ་ཁྱོད་ནི་གཞན་ལ་བསམ་བློ་མང་པོ་གཏོང་དགོས་མཁན་ནམ། རང་གཤིས་ཕྱིར་མངོན་མི་འདོད་མཁན་གྱི་རང་བཞིན་ཅན་ཞིག་ཡིན་ན། ཁྱོད་ཀྱིས་གཞན་དེ་ལ་ཁྱོད་ཀྱི་བྱ་སྤྱོད་ཐོག་ནས་ཀྱང་ཡང་ན་རེ་བ་དེས་ང་མི་དགའ་བར་བཟོས་བྱུང་། དེ་འདྲ་མ་བྱེད་རོགས། ཅེས་ལྡོག་ཕྱོགས་ཀྱི་མི་མཐུན་པའི་བསམ་བློ་དེ་ཕྱིར་བཤད་རྒྱུ་དེ་ནི་ཧ་ཅང་དཀའ་ཚེགས་ཆེན་པོ་ཞིག་ཡིན་སྲིད། ང་ཚོས་སོ་སོར་གཅིག་བྱས་ན་ཁོའམ་མོ་ལ་བསམ་ངན་དེ་འདྲ་མེད་པའང་སྲིད། ཅེས་དང་ཡང་ན་ངས་འདི་ལྟར་བཤད་ན་ཕན་ཚུན་དབར་གྱི་མཛའ་བརྩེར་མི་བདེ་བ་བཟོ་སྲིད་དམ་བསམ་ཡང་སྲིད་མོད། འོན་ཀྱང་གནས་ཚུལ་མཚོན་ཐབས་བྱེད་པ་དེ་གནས་ཚུལ་དེ་རྒྱ་ཁྱབ་གཏོང་བ་ཞིག་མ་རེད། དེ་ནི་བག་ལྷོད་པོའི་སྒོ་ནས་ཕ་རོལ་པོར་ཁྱོད་ཀྱི་མྱོང་ཚོར་ཤེས་སུ་འཇུག་པ་ཙམ་ཡིན། གལ་ཏེ་གང་ཟག་དེར་བསམ་སྤྱོད་ངན་པ་མེད་ཚེ་ཕ་རོལ་པོར་ཁྱོད་ཀྱི་བསམ་འཆར་གྱི་ལན་ཞིག་ཀྱང་དགོས་མཁོ་ཆེན་པོ་ཡིན། དེ་འདྲ་མ་བྱས་ན་ཁོའམ་མོས་ཤེས་ཚོར་མེད་པའི་གནས་སྟངས་འོག་མུ་མཐུད་ཁྱོད་དང་གཞན་ལ་མི་དགའ་བའི་བྱ་སྤྱོད་སྤེལ་སྲིད་པ་རེད། གལ་ཏེ་སོ་སོས་སྐད་ཆ་དེ་དག་གླེང་བར་བདེ་པོ་ཁྱོན་ནས་མེད་ན་ངས་བསམ་པར་དེ་དང་འབྲེལ་བའི་མི་དང་དགེ་རྒན་ལྟ་བུས་ཁྱོད་ལ་རོགས་སྐྱོར་འོག་གནད་དོན་ཐག་གཅོད་བྱེད་ནའང་འགྲིག་གི་རེད།

འབྲི་མཚམས་འདིར་སླེབས་སྐབས་ངས་སོ་སོར་ཁྱོད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཅེས་བརྗོད་འདོད་བྱུང་། ངའི་ལོ་རེའི་སྐྱེས་སྐར་ག་དུས་ཡིན་ཡང་སོ་སོའི་འདས་སོང་ལ་ཕྱི་དྲན་དང་སྙོམས་སྒྲིག་ཅིག་བྱ་བའི་དུས་ཡིན། ངའི་མི་ཚེའི་ནང་ང་ལ་ཆེས་ལམ་འགྲོ་མེད་པའི་སྡུག་ཆག་གི་གནས་དོན་དེ་འདྲ་ཐོན་མྱོང་། ( དཔེར་ན་ངའི་ཨ་ནེའི་ཁྱོ་ག་ལྟ་བུ། ) དེ་བཞིན་ང་ལའང་བསྟོད་བསྔགས་འོས་པའི་གནས་ཚུལ་ཡང་འཕྲད་ཡོད། ( དཔེར་ན་ལས་བཟང་པོའམ་ཧ་ཅང་ལེགས་པའི་ངའི་ཁྱིམ་མི་ཚོས་ང་ལ་རྒྱབ་སྐྱོར་བྱེད་པ་ལྟ་བུ། )

ལོ་རེའི་ཟླ་ ༡ ཚེས་ ༢༦ ཉིན། ངའི་རེ་བ་ལ་ངའི་སྡུག་ངལ་གྱི་མྱོང་བྱ་ཡིས་གང་ཟག་ག་གེ་མོ་དང་འབྲེལ་ཞིང་དེར་རོགས་ཕན་ཐུབ་པའི་རེ་བ་ཡོད། གལ་ཏེ་རྩོམ་ཡིག་འདིས་ཁྱོད་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཅི་འདྲ་ཞིག་བཞག་ཐུབ་ཡོད་ནའང་དེ་ནི་ང་ལ་མཚོན་ན་ངའི་སྐྱེས་སྐར་གྱི་ལེགས་སྐྱེས་བཟང་ཤོས་དེ་ལ་ངོས་འཛིན་ཡོད།

ཁྱོད་ཀྱིས་མཚམས་འདིའི་བར་བལྟས་པར་ཐུགས་རྗེ་ཆེ་ཞུ།
རྩོམ་འདི་བརྒྱུད་བཀོད་དང་མཉམ་དུ་ལྟ་བར་དགའ་བསུ་ཡོད།

མ་རྩོམ་གྱི་འབྲེལ་ཐག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།