ཡིད་ཆེས་དང་མགོ་བསྐོར། ངོ་ལོག་དབར་དབྱེ་མཚམས་རྫོར་པོ་ཡོད།

རྩོམ་པ་པོ། དབྱི་ཧྥིས།
རང་ལོ་ཉི་ཤུར་ཟིན་པའི་ཨ་རིའི་གཞོན་ནུ་མ་ནཱ་ཐ་ཞ། ཁ་རུ་ཨ་ན་ Natasha Caruana
གཞན་གྱི་ཟུར་ཉར་དགའ་རོགས་ཤིག་ཏུ་ཆགས། སྐྱེས་པ་དེ་ནི་མོ་ལས་ལོ་མང་པོ་ཆེ་ཞིང་ཆང་ས་བརྒྱབས་ཟིན་པའི་སྤྱང་གྲུང་དང་ནུས་ཤུགས་ལྡན་པ་ཞིག་རེད།
རིན་གོང་མཐོ་བའི་ལག་རྟགས་དང་གྲ་རྒྱས་པོའི་ཟས། གཟའ་མཇུག་གི་སྤྲོ་འཆམ་བཅས་གཅིག་རྗེས་གཉིས་མཐུད་ཀྱིས་ནཱ་ཐ་ཞ་སྤྲིན་ཕུང་ལྟར་གནམ་ལ་འཕུར་བསྡད་པ་དང་མཚུངས། ཉམས་མྱོང་དེ་ནི་མོ་ལ་མཚོན་ན་ཤུགས་རྐྱེན་གཏིང་བཟ་བཞག་ཡོད། འོན་ཀྱང་མོ་རང་གིས་དེར་གདིང་འཇོག་དེ་ཙམ་བྱེད་ཀྱི་མེད། མོས་ང་ནི་བཟའ་ཚང་ལ་གུས་བརྩི་མེད་མཁན་ཞིག་མིན། ཞེས་བཤད།

འོན་ཀྱང་ནག་ཉེས་ཡོད་པའི་སེམས་ཁམས་དེ་འཆལ་ཡན་གྱི་ལོག་ལྟའི་འདོད་རྔམས་ཀྱིས་གནོན་ཞེས་པ་ལྟར། འདིར་མོས་དམིགས་སུ་བསྐལ་ཏེ་བརྩེ་དུང་ཞེས་པའི་ཚིག་གཉིས་ལ་གཡོལ་ཡོད་པ་རེད། ནཱ་ཐ་ཞས་འབྲེལ་བ་དེ་འགོ་བརྩམས་དུས་འཚུར་ཆ་དང་ཚོར་བ་རྣོ་པོ་ཞིག་ཏུ་གནས། གང་ཡིན་ཟེར་ན། ཀུན་སྤྱོད་ཀྱི་ས་མཚམས་བརྒལ་ན་དེར་ཉེན་ཁ་དང་རྣོ་ངར་ཞིང་ཡོང་གི་ཡོད་པས་ཡིན། མོས་ང་རང་དེའི་ནང་ཐིམས་ནས་སོ་སོའི་དོན་དངོས་ཀྱི་གནས་སྟངས་ལ་བསམ་བློ་གཏོང་བའི་གོ་སྐབས་ནི་ཉུང་ཉུང་ཡིན། ཞེས་བཤད།

དེ་ནས་ཁོ་རང་གཉིས་མཉམ་དུ་བསྡད་པའི་ལོ་གཉིས་པར་འགྱུར་ལྡོག་ཞིག་བྱུང༌། མོས་སྤོ་བོས་མོ་ལ་སྦྱིན་པའི་པར་ཆས་ཤིག་འཁྱེར་ཏེ་ཁོ་རང་གཉིས་མཉམ་སྦྱོར་བྱེད་པའི་སྐོར་གྱི་གློག་བརྙན་རྫོར་པོ་འགའ་ལེན་དགོས་སྙམ། འོན་ཀྱང་སྐྱེས་པ་དེས་དེ་མུར་ངོས་ལེན་མ་བྱས་པ་རེད། མོས་ཟེར་ན། ངས་དེའི་སྐོར་གྱི་འབྲེལ་བའི་སྐོར་ཟིན་བྲིས་སུ་བཀོད་བསམ་པ་ཡོངས་རྫོགས་ནི་མི་སྲིད་པ་ཞིག་ཡིན་པར་ཤེས་ཡོད། དོན་དངོས་དེས་ང་རང་གཉིད་ལས་སད་བཅུག་སོང། ངེད་གཉིས་ཀྱི་འབྲེལ་བ་དེ་རྩ་བའི་ཆ་ནས་ཕན་ཚུན་མགོ་བསྐོར་ཙམ་རེད། མོ་རང་སོ་སོའི་ཆེད་དུ་གསལ་བརྗོད་བྱེད་འདོད་མེད་ལ། ངས་སོ་སོའི་ཅོལ་ཆུང་དེ་ནས་ཕྱིར་དོན་དགོས་པ་དང༌། འབྲེལ་བ་དུམ་དེར་བསམ་གཞིགས་བྱ་དགོས་སྙམ། དེར་བརྟེན། མོས་མོ་རང་དང་གཅིག་མཚུངས་ཀྱི་ཉམས་མྱོང་ཡོད་པའི་བུད་མེད་འགའ་དང་ངོ་ཤེས་སུ་གྱུར། བུད་མེད་དེ་དག་ལ་ལ་ཧ་ཅང་རང་གཤིས་ཅན་དང༌། མོ་དེ་ཚོས་སོ་སོར་དགོས་བསམ་པ་དེ་དག་ཡོང་ཐབས་བྱས་པ་ཙམ་རེད། དེར་ཧ་ཅང་གུ་ཡངས་བྱེད་ཀྱི་ཡོད།

འོན་ཀྱང་ལ་ལ་ཧ་ཅང་སུན་སྣང་ཅན་ཡང་འདུག དཔེར་ན་དེའི་ནང་བུ་རྫི་མ་ཞིག་དང་མོའི་སྦྱིན་བདག་དབར་འབྲེལ་བ་གསལ་མིན་གྱིས་རྒྱུན་དུ་ཚོར་བར་སྟངས་འཛིན་མ་ཐུབ་པའང་ཡོང་གི་ཡོད་འདུག མི་ཚང་མའི་ལོ་རྒྱུས་གཅིག་པ་མིན། འོན་ཀྱང་སྤྱི་ཚོགས་ཀྱིས་བུད་མེད་དེ་དག་དང་ང་ཚོར་གཅིག་མཚུངས་ཀྱིས་ཟུར་ཉར་དགའ་རོགས་དང༌། ཟུར་རྟེན་དགའ་རོགས། བཟའ་ཚང་དབར་འཛུལ་མཁན་སོགས་འབོད་ཀྱི་ཡོད་པ་རེད།

ལོ་གསུམ་རྗེས་ནཱ་ཐ་ཞ་སློབ་ཐོན་རྗེས་སློབ་ཆེན་དུ་ལས་གནས་ཤིག་རག མོ་རང་གིས་བརྩེ་དུང་གསར་པ་ཞིག་འགོ་བརྩམས། འོན་ཀྱང་དེ་སྔོན་མོ་རང་གཞན་གྱི་ཟུར་ཉར་དགའ་རོགས་བྱེད་མྱོངས་པའི་བརྩེ་ཞེན་དེ་དག་བརྗེད་ཐབས་མེད། འདས་སོང་གི་བརྩེ་ཞེན་དེ་དག་དྲན་དུས་མོའི་བསམ་བློའི་ནང་ཉལ་ཁྲིའི་འོག་གབ་ཅིང་ལྷམ་སྟིང་ཀ་མཐོན་པོ་གྱོན་མཁན་གྱི་བུད་མེད་ཅིག་གི་སྣང་བརྙན་ཡིད་ལ་འཆར་འོང༌། གཅིག་བྱས་ན་དེ་ནི་གང་བྱུང་བྱེད་འདོད་པ་ཙམ་དང༌། ཡང་ན་གནད་དོན་ཞིག་གསལ་པོ་ཡོང་ཕྱིར་ཡང་ཡིན་སྲིད། མོ་རང་གིས་སྨྱོན་མའི་ལས་འཆར་ཟེར་བ་ཞིག་འགོ་བརྩམས། མོས་དགའ་རོགས་བསྒྲིག་སའི་དྲ་ལམ་ཐོག་ནས་བཟའ་ཚང་མིན་པའི་ཟུར་ཉར་དགའ་རོག་འཚོལ་འདོད་མཁན་གྱི་སྐྱེས་པ་ཞིག་དང་ངོ་ཤེས།

ཁོ་རང་གཉིས་ངོ་ཐུག་རྗེས་མཉམ་འཛོམས་ཀྱི་སྣང་བརྙན་དེ་དག་པར་ལེན་བྱས། ངས་པར་ལེན་མི་ཐུབ་པའི་རྣམ་པ་དེ་དག་ལེན་བསམ་གྱི་འདུག མོ་རང་གིས་ལཱན་ Lens ལ་དེ་ལྟར་བཤད། མཐའ་མཇུག་གི་པར་ལེན་སྟངས་དེ་ནི་མོས་བསམ་བློ་ཐེངས་མང་བཏང་ནས་གཏན་འབེབས་བཟོས་པ་ཞིག་ཡིན། མོས་ཐེངས་གཅིག་བེད་སྤྱོད་ཡོད་པའི་པར་ཆས་ཤིག་གདམ་པ་མ་ཟད། བཅའ་འདྲིའི་སྐབས་པར་ཆས་དེའང་བརྙན་པར་ནང་མངོན་ཡོད། འོད་དམར་འཚེར་བའི་འགྱིག་གི་ཕྱི་ཤུན་ཡོད་པའི་པར་ཆས་དེ་ནི་མཐོང་སྣང་ལ་མཱེ་ཏང་ལོ་ཟི་ McDonald'sཟས་རིགས་ཉོ་མཁན་གྱི་བྱིས་པའི་ཟས་ཉོ་སྐབས་ཐོབ་པའི་ལག་རྟགས་དེ་ཚོ་དང་མཚུངས། པར་ཆས་དེའི་རིགས་ལ་ཁོ་ཚོས་ཡིད་གཟབ་བྱེད་ཀྱི་མེད། གང་ཡིན་ཟེར་ན། པར་ཆས་དེ་མཐོང་སྣང་ལ་ཕྲུ་གུའི་རྩེད་ཆས་ཤིག་དང་འདྲ། ངས་དེ་མུར་མེ་ཏོག་དེ་དེ་འདྲ་མཛེས་པ་ལ། ཞེས་དང༌། ཡང་ན་ང་སྤྲི་དཀར་འདི་ལ་དགའ་པོ་ཡོད། ཅེས་བཤད་དེ་པར་ཆས་ཁ་ཕྱེ་ཆོག་གི་རེད། དོན་དངོས་ཐོག ངས་སྔར་བས་གབ་ཡིབ་ལྡན་པའི་པར་ཆས་ཁབ་མིག་ལྟ་བུ་དེ་འདྲའང་བེད་སྤྱོད་ན་འགྲིག འོན་ཀྱང་ང་རང་ལྐོག་ལྐོག་སུབ་སུབ་བྱེད་འདོད་མེད། ང་རང་ཕྱི་གསལ་ནང་གསལ་གྱིས་བརྙན་འཕྲིན་ལེན་འདོད་ཡོད།

མོས་ལུས་པོར་སྐུད་དམར་གྱི་དངུལ་ཁུག་ཏུ་སྨྱུ་གུའི་སྒྲ་འཇུག་འཁྲུལ་ཆས་ཤིག་བླུགས་ཅིང་ཁོ་རང་གཉིས་དགའ་རོགས་བསྒྲིག་དུས་ཀྱི་སྐད་ཆ་དེ་དག་སྒྲ་འཇུག་བྱེད་ཀྱི་ཡོད། འཆར་གཞི་ཐོག་མར་ལག་བསྟར་སྐབས་སུ་ནཱ་ཐ་ཞ་དེ་ནི་ལོ་ཆུང་བུ་མོ་ཞིག་གིས་ཕྲུ་གུའི་རྩེད་མཚར་ལྟ་བུ་ཙམ་ལ་ངོས་འཛིན་བྱས། འོན་ཀྱང་ཕ་རོལ་པོ་དང་ཐེངས་འགར་ཐུག་རྗེས་མོས་དེ་ནི་སོ་སོས་གནས་ཚུལ་ཁག་ཅིག་ངོ་མ་གསོག་ཉར་ཐུབ་ཡོད་པར་མཐོང༌།

སྐྱེས་པ་དེ་ཚོ་ཕལ་ཆེར་ཆ་སྙོམས་རང་ལོ་བཞི་བཅུ་ལྔ་བཅུ་ཅན་རེད། མང་ཆེར་ཨཱིན་ཇིའི་ལཱོན་ཊོན་དུ་ལས་ཀ་བྱེད་ཅིང་ལས་གནས་སྣ་ཚོགས་རེད། དཔེར་ན་ཚོང་པ། དངུལ་ཁང་གི་བདག་པོ། ཚོང་འགྲེམ་བྱེད་མཁན་དང་མཁས་པ་བཅས་རེད། སྐྱེས་པ་དེ་དག་དང་ཐུག་ས་དེའང་མགྲོན་ཁང་ཆེན་པོའི་ཚོགས་ཁང་དང་ཨར་ཁང༌། ཐང་ཆེན་དང་ཟས་རིགས་ཚོང་ཁང༌། མདོར་ན་ས་ཆ་དེ་དག་ནི་སྐྱེས་པ་དེ་ཚོའི་བཟའ་ཟླ་མོ་འགྲོ་མི་སྲིད་པའི་ས་ཁུལ་རྐྱང་རྐྱང་རེད།

མཚམས་རེར་ཐུག་འཕྲད་དེ་ནི་ཕ་རོལ་པོ་འཚབ་འཚུབ་ཆགས་པའམ། དེའི་ནང་གི་སྐྱེས་པ་རེ་གཉིས་ནི་ཅི་ཡིན་ཆ་མི་འཚལ་བ་དེ་འདྲ་རེད། ཁོ་ཚོ་མར་མ་བསྡད་པའི་སྔོན་དུ་ཕྱོགས་བཞི་མཚམས་བརྒྱད་ལ་ལྟ་ཙམ་བྱས་ཏེ་དེ་ནས་ས་ཆ་འདི་འགྲིག་གི་ཡོད་དམ། ཞེས་འདྲི་སྲིད། སྐྱེས་པ་མང་ཆེར་ཧ་ཅང་གཟབ་ནན་རེད་ལ། ཁོ་ཚོས་མོ་དང་ཐུག་དུས་མིང་རྫུན་མ་བེད་སྤྱོད་ཅིང༌། དེ་མུར་དངུལ་སྤྲོད་དགོས་པའི་ཁ་པར་རིགས་བེད་སྤྱོད་བྱེད། དངུལ་དམར་སྤྲད་པ་བཅས་བྱེད། འོན་ཀྱང་དུས་མཚུངས་ངོ་ནས་ཧ་ཅང་གུ་ཡངས་མདོག་རེ་བཏོན་གྱི་ཡོད།

ཐུག་འཕྲད་དྲ་ལམ་ནས་དེ་ནས་ཁྱོད་ལ་ཚོར་བ་རྣོན་པོ་དང་ཉེན་མཆོང་ཕོད་པ་ཟེར་བའི་ཉམས་མྱོངས་ཤིག་སྤྲད་སྲིད་ཀྱང་ནཱ་ཐ་ཧྲས་བཤད་པ་དེ་ནི་གནས་སྟངས་ཁྱོན་ནས་མི་འདྲ་བ་ཞིག་རེད། དེ་ནི་ཐེངས་གཅིག་ལས་བེད་སྤྱོད་མེད་པའི་པར་རིས་གསལ་ལ་མི་གསལ་བ་དེ་དག་དང་མཚུངས། སྐྱེས་པ་དེ་དག་དང་ཐུག་འཕྲད་ནི་སྤྲོ་བ་མེད་ཅིང་སྙིང་པོ་མེད་པ། ལྐོག་ལྐོག་སུད་སུད་དང་ཚགས་ཤོག་ཐེབས་ཆགས་དེ་ཚོས་བྲིས་པའི་མིའི་དབུགས་ཀྱང་འགག་ལ་ཁད་ཀྱིས་ལོག་གཡེམ་གྱི་རྣམ་པ་དེ་དག་དང་ཧེ་བག་ཆེན་པོ་ཤོར་ཡོད། ནཱ་ཐ་ཧྲས་པར་རིས་དེ་དག་གི་ནང་དུ་འཆལ་ཡན་གྱི་རྒྱུ་རྐྱེན་འགའ་བརྒལ་ནས་སྐྱེས་པ་རྣམས་ཀྱིས་སྤྱི་བཏང་གི་ལུས་སྦྱོང་སྐབས་ཀྱི་གྱོན་ཆས་གྱོན་ཞིང་ལག་ཏུ་པར་ཆས་འཛིན། ཆང་སའི་སྐབས་ཀྱི་མཛུབ་དཀྲིས་དེ་དག་ཀྱང་ག་སོང་ཆ་མེད་དུ་གྱུར། མདུན་ཅོག་ཐོག་ཟང་ཟིང་ལང་ལོང་གི་སྟབས་བདེའི་ཟས་རིག་བཞག་ཅིང༌། སྤྲོ་སྣང་སྤུ་ཙམ་མེད་པའི་མེ་ཏོག་ཚོམ་རེ་ཡོད། དེ་ནི་མི་ལ་སྐྱིད་སྣང་མེད་པའི་རྒྱུན་གཏན་གྱི་གནས་སྟངས་ཤིག་སྟེར་ལ། དེ་དག་ནི་ང་ཚོའི་ངོ་ཤེས་རྙིང་པ་ཞིག་དང་མཚུངས།

སྐྱེས་པ་དེ་དག་ཕྱིར་ཐོན་ནས་བཟའ་ཟླ་མིན་པའི་བུད་མེད་དང་ཐུག་དུས་ཀྱི་རྒྱུ་རྐྱེན་ནི་སྣ་ཚོགས་རེད། ལ་ལས་ཐོག་མའི་དུས་ནས་སོ་སོར་ཟུར་རྟེན་དགའ་རོགས་ཤིག་དགོས་པ་ཤེས་ཀྱི་ཡོད། དེའང་ཁོ་རང་ལ་ཐོབ་པའི་རྒྱལ་ཁའི་ལག་རྟགས་ཤིག་དང་མཚུངས། འོན་ཀྱང་ལ་ལ་ནི་དེ་ལས་ལྡོག་སྟེ་མི་གཞན་འཚོལ་ཏེ་ཁ་བརྡ་འདྲ་བྱེད་བསམ་པ་ཁོ་ན་ཡིན།

ནཱ་ཐ་ཧྲ་ངོ་མ་ཧང་སང་དགོས་པ་ཞིག་ནི་སྐྱེས་པ་མང་ཆེར་ཕོ་མོའི་འཁྲིག་སྤྱོད་ལ་དེ་ཙམ་དོ་དབྱིངས་མེད་པ་དེ་རེད། སྐྱེས་པ་འགའ་རེ་ནི་དེ་བས་མོ་རང་ལ་ཁོའི་བཟའ་ཟླ་མོའི་སྐོར་བཤད་འདོད་པ་དེ་འདྲའང་ཡོད། དེ་ནི་ངས་ལས་འཆར་འདི་རྒྱུན་མཐུད་དགོས་པའི་དམིགས་ཡུལ་ཡིན། ངའི་བསམ་ཡུལ་ལས་འདས་པ་ཞིག་ནི་སྐྱེས་པ་དེ་ཚོས་སོ་སོའི་གཉེན་བསྒྲིག་གི་འཚོ་བའི་ནང་དུ་ཧ་ཅང་ལམ་ལྷོང་མ་སོང་བའི་སྐོར་བཤད་ཀྱི་ཡོད་པས་རེད། སྐྱེས་པ་དེ་ཚོས་སོ་སོའི་བཟའ་ཟླ་མོར་ངོ་ལོག་པ་དེ་ནི་ཕོ་མོའི་དབར་གྱི་ལུས་འབྲེལ་ཙམ་གྱི་གནད་དོན་མིན་པ་ཧ་ཅང་གསལ་པོ་རེད། གལ་ཏེ་ཕོ་མོའི་ལུས་སྦྱོར་ཁོ་ན་ཙམ་དགོས་བསམ་ན་ཕཱང་ཙི་ pound སྒོར་༥༠ ཙམ་སྤྱོད་ན་ཉོ་ཐུབ་པ་ཞིག་རེད། དེ་བས་གྱ་གྱུར་མང་པོ་དེ་འདྲ་བརྒྱུད་དགོས་དོན་མེད། ངས་ཁོ་ཚོར་རོགས་པ་དགོས་མཁོ་ཡོད་པར་ཚོར་གྱི་འདུག ཁོ་ཚོས་འབྲེལ་བ་ཞིག་གི་ནང་ཚོར་བ་ཟབ་པོ་དེ་དག་ཕྱིར་འཚོལ་ཐབས་བྱེད་ཀྱི་འདུག དེ་ནི་ཆང་ས་བརྒྱབ་ཚར་བའི་རྗེས་སུ་ཚོར་དཀའ་བ་ཞིག་རེད།

དེ་ནི་བཟའ་ཚང་མང་པོས་གཡོལ་ཐབས་དཀའ་བ་ཞིག་ཀྱང་རེད། དེའི་ནང་གི་སྐྱེས་པ་ཞིག་གིས་དམིགས་སུ་བཀར་ནས་ནཱེའུ་ཁག་སི་ཊོན་ Newcastleནས་ལཱོན་ཊན་ Londonདབར་མེ་འཁོར་ནས་ཡོང་གི་ཡོད། ཁོ་དང་མཚན་མོར་ཐུག་རྗེས་ཁོ་ཚོས་སོ་སོའི་བཟའ་ཟླ་དང་ཐོག་མར་མེ་འཁོར་དུ་ངོ་ཤེས་ནས་དེ་མུར་བརྩེ་དུང་ཆགས་པའི་སྐོར་གྱི་རྣམ་པར་ཕྱིར་དྲན་བྱེད་ཀྱི་ཡོད། ཁྱོད་ཀྱིས་བུད་མེད་གཞན་ཞིག་དང་ལྐོག་ནས་ཐུག་སྟེ་མཚན་གང་སོ་སོའི་བཟའ་ཟླ་མོའི་སྐོར་གླེང་དོན་ཅི་ཡིན་ནམ། གལ་ཏེ་དེ་ནི་བུད་མེད་གཞན་དང་ཐུག་ཐབས་ཀྱི་རྩལ་འདྲ་ཡིན་ན་དེ་ནི་ཡ་མཚན་དང་དགོད་བྲོ་བ་ཞིག་མིན་ནམ། མོས་སྐྱེས་པར་དེ་འདྲ་བཤད་མྱོངས། ད་ནི་ནཱ་ཐ་ཧྲ་སྐྱེས་པ་འདི་དག་གི་གཉེན་བསྒྲིག་གི་ལྟ་རྟོག་བྱེད་མཁན་ལྟ་བུ་ཞིག་ཆགས་གྲབས་ཡོད། ཁོ་ཚོས་བཟའ་འཐོར་བྱེད་འདོད་མེད། འོན་ཀྱང་གཉེན་བསྒྲིག་མིན་པའི་འཚོ་བའི་ཕྱིར་གྱི་མི་དང་ཁ་བརྡ་བྱེད་དགའ་ཞིང་འགྲོག་འབྲེལ་ཡང་བྱེད་འདོད་ཆེ། མུ་མཐུད་ཐུག་འཕྲད་ཀྱི་བརྒྱུད་རིམ་ཕྲོད་ནས་བརྗོད་གཞི་གསར་པའང་མངོན་བཞིན་ཡོད། དཔེར་ན་ཕྲུ་གུ་ཡོད་པའི་གནོན་ཤུགས་ལྟ་བུ། ནཱ་ཐ་ཧྲས་སོ་སོ་སུན་སྣང་ལྡན་པའི་ཟས་ཁང་ཞིག་ཏུ་བསྡད་ཅིང་སྤྲོ་སྣང་མེད་པའི་སྐྱེས་པ་ཞིག་གི་ཁ་བརྡ་རྫོགས་རྒྱུ་མེད་པའི་སྐོར་ལ་དྲན་གསོ་བྱས། སྐྱེས་པ་དེར་ཕྲུ་གུ་བྱུང་རྗེས་ཁོ་རང་སོ་སོའི་ཁྱིམ་ཚང་ནང་གི་གོ་གནས་ཤོར་སྟངས་སྐོར་གླེང་བར་ཉན། ངས་སྐད་ཆ་དེ་ཙམ་བཤད་མེད། ཚང་མ་སྐྱེས་པ་དེས་དེར་ཁེར་ལབ་ལྟ་བུ་བྱས་བསྡད་པ་རེད། དེར་བརྟེན། ངས་བསམ་པར་སྐྱེས་པ་དེས་གཞན་གྱི་སྙིང་རྗེ་རག་ཐབས་ཙམ་མིན་པར་ཚོར་བྱུང༌། སྐྱེས་པ་མང་ཆེ་ལ་སྙིང་གཏམ་བཤད་ས་མེད་པ་རེད། ཁོ་ཚོ་སོ་སོའི་བཟའ་ཟླ་མོར་སུན་སྣང་བཤད་པར་འཇིགས་སྐྲག་སྐྱེས་ནས་ཡོད། གང་ཡིན་ཟེར་ན། དེ་འདྲ་བྱས་ན་གཉེན་བསྒྲིག་ལ་བདེ་འཇགས་མེད་པའི་ས་བོན་ཞིག་བཏབས་སྲིད་པས་རེད། ཁོ་ཚོས་གྲོགས་པོ་དང་ལས་རོགས་ལའང་དེ་དག་བཤད་འདོད་མེད། དེའང་ཁོ་ཚོའི་གྲོགས་པོ་མང་པོ་སོ་སོའི་བཟའ་ཟླ་མོའི་གྲོགས་པོའང་ཡིན་པས་རེད། ཁོ་ཚོར་ཁ་བརྡ་བྱེད་ཆོག་པའི་ཁ་ཕྱོགས་དེ་ཙམ་མེད། གང་ཡིན་ཟེར་ན། འཚོ་བའི་ནང་གཉེན་བསྒྲིག་དང་གྱང་ཐག་རིང་པར་གནས་མཁན་མེད་པས་ཡིན། སྐྱེས་པ་འདི་ཚོ་ཧ་ཅང་ཁེར་རྐྱང་ཡིན་ལ། ཁོ་ཚོས་ངོ་མི་ཤེས་པའི་མི་དང་མཉམ་དུ་ཕྱི་ལ་སོང་ནས་ཚིག་ཇ་ཙམ་འཐུང་འདོད་པ་རེད།

འབྲེལ་ཐག
http://www.china.com.cn/opinion/2015-08/19/content_36348092.htm

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།