ཆུ་སྒང་སྐབས་༡༩ པའི་དབུས་རྒྱུན་གསར་འདེམས་ཀྱི་གསལ་བསྒྲགས།

ཕྱི་ལོ་༢༠༡༡ ཟླ་༢་ཚེས་༡༣་ཉིན་ཆུ་སྒང་དབུས་རྒྱུན་གསར་འདེམས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་གཏན་ཁེལ་བས། དྷ་ས་ས་གནས་ཁྱབ་ཁོངས་ཀྱི་རྒྱ་ཆེའི་མདོ་སྟོད་སེར་སྐྱ་མི་མང་ཡོངས་ནས་གལ་ཆེ་དོན་ཆེར་གཟིགས་ནས། བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་བསྣམ་སྟེ་གོང་ཚེས་ཉིན་ངེས་པར་དུ་འོས་བླུག་པར་ཕེབས་རོགས་གནང་།

ས་གནས་དང་དུས་ཚོད།

ས་གནས།

དུས་ཚོད།

མེག་ལོར་རླངས་འཁོར་འབབ་ཚུགས།

༩ ནས་༥ བར།

གངས་སྐྱིད།

༩ ནས་༡ བར།

དྷ་སྟེང་བོད་ཁྱིམ་སློབ་གྲྭ།

༢ ནས་༥ བར།

ས་རྭ། ཐང་སྟོན་གླུ་གར། འཇམ་དབྱངས་ཆོས་གླིང་།

༩ ནས་༡༡ བར།

དྷ་ཤོད་བོད་ཁྱིམ།

༡༢ ནས་༢ བར།

ཤེས་རབ་དགའ་ཚལ་སློབ་གླིང་།

༢། ༣༠ ནས་༥ བར།

ནོར་གླིང་དང་སྒྲོལ་མ་གླིང་།

༩ ནས་༡༢ བར།

རྒྱུད་སྟོད།

༢ ནས་༥ བར།

གྷོ་པལ་པུར།

༩ ནས་༢ བར།

ཅ་མུ་ཌ།

༣ ནས་༤།༣༠ བར།

དྷ་ས་ས་གནས་ཆུ་སྒང་རྒྱུན་ལས་ཁང་ནས

ཕྱི་ལོ་༢༠༡༡ ཟླ་༡ ཚེས་༢༢ ལ།

རྒྱ་ཆེའི་མདོ་ཁམས་མང་ཚོགས་ནས་རང་དོན་ལས་ལྷག་པའི་དོན་གནད་གལ་ཆེན་གཅིག་ལ་བསམ་ནས་དབུས་རྒྱུན་ལས་འདེམས་པར་ཕེབས་དགོས། དངོས་ཡོད་ཆོལ་ཁ་གཞན་གྱི་སྒྲིག་འཛུག་དང་མ་འདྲ་བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་ནི་བོད་སྤྱི་པའི་དོན་ལ་སྔར་ཡིན་ན་ཨ་འབྲུག་མགོན་པོ་བཀྲེས་གི་དབུ་ཁྲིད་འོག་ཁམས་རིགས་དཔའ་བརྟུལ་ཧ་ཅང་མང་པོའི་གཅེས་པའི་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་སྲུབ་མེད་ལོ་རྒྱུས་ཀྱི་བང་རིམ་མང་པོའི་ནང་ཚད་ལས་བརྒལ་བའི་དགེ་བ་རླབས་ཆེན་གྱི་ལེའུ་བསྐྲུན་མྱོང་ཡོད་པ་རེད་།  མ་འོངས་པ་ཡང་མདོ་ཁམས་ཀྱི་བོད་རིགས་ཀྱི་སྣེ་ཁྲིད་དེ་བོད་ཀྱི་ཆོས་དང་རིགས་གཞུང་ཐོག་༧རྒྱལ་བ་དགྱེས་པའི་མཆོག་པ་འབུལ་ཐུབ་པ་དགོས་ན་རྒྱ་ཆེའི་མང་ཚོགས་ཀྱི་འོས་འདེམས་ཁྲོད་ནས་སྐྱེ་བོ་ཚད་ལྡན་ཞིག་ཡོང་བའི་རེ་བ་གནང་དགོས།  དེ་ཡང་འོས་འདེམས་ཁྲོད་ནས་ཕེབས་པའི་སྐྱེ་བོ་སུ་ཡིན་ན་རྒྱབ་སྐྱོར་བྱ་ཐུབ་པ་གཅིག་དགོས་པས་དོན་མེད་དེ་སྔོན་ལྟར་མདོ་སྟོད་དབུས་རྒྱུན་ལས་ཀྱི་དྲངས་མོ་བྱེད་མ་སོང་ཅེས་ཁྱི་སྤྱང་ལག་འབྲེལ་གྱི་རིགས་གནང་ན་སྤྱི་བོད་དོན་དང་ཡང་དགོས་མདོ་སྟོད་སྤྱི་ལ་གནོད་པའི་རྒྱུ་ལས་ཕན་ཐོག་གང་ཡང་མེད་པ་འདས་པའི་ལོ་རྒྱུས་ཀྱི་ཁ་གྲགས་ངེས་རེད་།  ད་དུང་རེ་འགས་ཤེས་ཡོན་ཆེ་མདོག་དང་དྲངས་མོ་ཡིན་ཚུལ་གྱི་རང་གི་ཁ་ཕོར་རྡོག་ཐོ་ཞོས་པར་དགེ་མཚན་དུ་མཐོང་སྲིད་རུང་དེ་ནི་ཁ་དཔེ་ལ་ཕ་གསད་བུ་ལ་བཤད་རྒྱུ་ཡོད་ཅེས་པ་ལྟར་བུ་རྒྱ་བཤད་སྟོང་བཤད་ཇི་ལྟར་གནང་རུང་རྟེན་འབྲེལ་གྱི་རྣམས་བཞག་མ་ཤེས་པའི་ལོང་བ་ལྟར་བུ་ལས་ཆེ་མཐོང་འོས་པ་གང་ཡང་མ་རེད་།   འཛམ་གླིང་ལ་ཞི་བདེ་དགོས་ན་རྒྱལ་ཁབ་ལ་བརྟན་བརླིང་དགོས་པ་དང་རྒྱལ་ཁབ་ལ་ཞི་བདེ་དགོས་པར་མཐའ་ན་ཁྱིམ་ཚང་ལ་མཛའ་མཐུན་དགོས་པའི་སྟོས་འབྲེལ་འདི་དམར་ཕྱོགས་རྒྱ་གཞུང་ནས་ཀྱང་ཡང་ཡང་བརྙན་འཕྲིན་ནས་སྟོན་གི་འདུག། དོན་དངོས་ཐོག་དམངས་གཙོ་རིགས་ལུགས་ནང་འོས་འདེམས་ལ་གལ་ཆེན་འཛིན་རྒྱུ་དང་འོས་མི་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་གཉིས་གལ་ཆེན་ཧ་ཅང་ཡིན་པས་དེ་ལུགས་ངེས་པ་ཏུ་སྐུ་ཉིད་འོས་འདེམས་པ་ཕེབས་རོགས

་་་་་་་་་་་་་་་་་་་་་་་་་་་་་་་་བགྲོ་གླིང་གནང་འདོད་ཡོད་ན་

བྱུང་ན་གཤམ་ཏུ་མཆན་ནང་འོས་མི་རེ་ངོ་སྤྲོད་གནང་རོགས། དཔེ་ན་ངའི་འོས་མིར་རྒྱ་སྟུག་འཇམ་དབྱངས་གཅིག་ཡིན།

བྱུང་ན་འོས་མི་དེའི་ཤེས་འཇོན་ལྡན་པའི་ལོ་རྒྱུས་ཐུང་གཅིག་བཀོས་རོགས

བྱུང་ན་སྐྱོན་འཛུགས་རིགས་མེད་པར་འོས་མི་ཚད་ལྡན་གཅིག་གི་ལོ་རྒྱུས་གཙང་མ་འབྲི་རོགས

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༨༢༠༡༡༢༣༥༩
༆།། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་སྐབས་༡༩ པ་དེ་མི་རབས་གསར་བ་ལ་གོ་སྐབས་སྤྲོད་དགོས་འདུག། དབུས་རྒྱུན་ལས་རྒན་རབས་རྣམ་སློབ་སྟོན་གནང་ནས་ཟུར་བཞུགས་གནང་དགོས་འདུག། མ་ཟད་མི་རབས་གསར་བའི་ང་ཚོའི་བོད་མི་རིགས་གི་ལོ་རྒྱུས་དང་སྔོན་མའི་བྱུང་སྟོང་སོགས་ལ་ཐུགས་བསམ་བཞེས་དགོས་རེད། རྒན་གཞོན་ཚང་མའི་འགན་མཉམ་དུ་ལེན་ན་ཡག་པོ་མཐོང་འདུག། ང་ཚོ་བོད་ཕྱི་ནང་གཉིས་གི་རྩ་དོན་དེ་འགན་གཙོ་བོ་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་ཡོད་པ་རེད། ༡༩༥༩ལོ་བསྟན་དགྲ་རྒྱ་མའི་དམར་པོ་ཡོང་བའི་སྐབས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྰང་བླངས་དམག་གི། གོངས་༧ས་མཆོག་གཙོ་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པ་སེར་སྐྱ་ཁྲི་ཕྲག་མང་པོ་།། རྒྱ་གར་འཕགས་པའི་ཡུལ་ལ་གདན་ཞུ་གནང་བའི་སྐབས་ལ་འགན་གཙོ་བོ།། མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནང་ཡོད་པ་ལོ་རྒྱུས་རིམས་བཞིན་ནང་གསལ་བོ་ཡོད་པ་དེ་རེད། ད་ང་ཚོས་མི་རབས་གསར་བའི་སྡོག་རྩ་ཅིག་ཏུ་སྒྲིག་ནས།། ་གོངས་༧ས་མཆོག་བོད་ཁ་བ་གངས་ཅན་ལྗོངས་ལ་གདན་ཞུ་གནང་དགོས་པ་དེ་ང་ཚོ་འགན་གཙོ་བོ་དེ་ཆགས་ཡོད་ཞུ། །།



བརྗོད་གཞི་གཞན་ཁག་ལ་གཟིགས།