ཆིག་སྒྲིག་ཐོག་ཞིབ་ན་བཀའ་ཁྲི་སུ་འོས་སམ།།


བཀའ་ཁྲི་གསར་པའི་ཆ་ཅན་མདོར་བསྡུས་ན།།
ཤེས་ཡོན་ཉམས་མྱོང་འདབ་ཤོག་གཉིས་ལྡན་ཐོག།
བོད་རིགས་ལ་རྒྱ་འཛིན་ལ་སྙིང་སྟོབས་ཅན།།
ཆོལ་གསུམ་ཅིག་སྒྲིག་འདོད་མཁན་ཞིག་དགོས་སྙམ།།
དོན་དངོས་གལ་འགངས་ཆེ་བའི་བཀའ་ཁྲི་ལ།།
མི་རབས་གསར་རྙིང་འགྲན་པའི་སྐབས་མཐོང་།།
ཤེས་མགྱོན་ནུས་གསུམ་མཛངས་མིན་མ་གཟིགས་པར།།
དགོས་མེད་ཕྱོགས་ལྷུང་ནམ་ཡང་གནང་མི་རིགས།།
ལོ་རྒྱུས་རྙིང་པ་བསྐྱར་སློང་བྱེད་དགོས་ན།།
བཀའ་ཁྲི་རྙིང་པ་ཞིག་ལ་རེ་བ་བཅངས།།
འཁོན་འཛིན་རྙིང་པ་ཞིག་གི་ལྟད་མོའི་འོག།།
ཅིག་སྒྲིག་ནུས་པ་ནམ་ཡང་མཐོང་མི་སྲིད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།