རྒྱ་རི་སྒྲོལ་མ་དང་བཀའ་ཁྲི།

རྒྱ་རི་སྒྲོལ་མས་ང་བཀའ་ཁྲི་ལང་གི་ཡིན་ཟེར་བ་འདི་ངས་དང་པོ་ཐོས་དུས་ཁོང་གི་བོད་པའི་སྤྱི་ཚོགས་ནང་དམངས་གཙོ་ཡར་རྒྱས་བཏང་ཕྱིར་ཁོ་རང་བུ་མེད་ཅིག་ཡིན་པའི་ཆ་ནས་རྣམ་པ་མི་འདྲ་བ་ཅིག་གི་ཐོག་དཔེ་མཚོན་ཙམ་སྟོན་པ་ཡག་པོ་རེད་སྙམ་ནས་རྒྱབ་སྐྱོར་བྱས་པ་ཡིན། ཡིན་ཡང་དོན་དངོས་ཐོག་གནས་ཚུལ་དེ་ཉིན་རེ་ནས་ཉིན་རེ་ཁ་ཇེ་གསལ་དུ་འགྲོ་བའི་སྐབས་རྣམ་པ་ཚོས་གཟིགས་ཡོད་ཤག་རེད་། དཔེ་ན་ཚོགས་པ་འགས་གོ་སྒྲིག་འོག་བཀའ་ཁྲི་བགྲོ་གླེང་གནང་སྐབས་མོས་བཤད་དོན་གཙོ་བོ་ང་ཁ་བདེ་པོ་བཤད་ཤེས་མཁན་གཅིག་མིན་རུང་བོད་གཞུང་གི་ལས་ཀ་ལོ ༡༩ ཙམ་བྱས་པ་ཡིན་པས་ཉམས་མྱོང་ཡོད་ཅེས་དང་ངས་བོད་ནས་ཕེབས་པའི་གསར་འབྱོར་བ་དང་གཞི་ཆགས་ནང་སྡོད་མཁན་ཡོངས་ཀྱི་དཀའ་ངལ་བསེལ་ཐུབ་པ་བྱེད་ཀྱི་ཡིན་ཅེས་ཆ་ཅན་གང་ཡང་མེད་པར་རང་ལ་རྒྱབ་སྐྱོར་ཐབ་ཕྱིར་གཏམ་བཤད་དེ་འདྲ་བཤད་པ་ལས་མཐའ་ན་བགྲོ་གླེང་སྐབས་ཚོགས་བསྐྱར་བས་དྲི་བར་ལན་ཁ་གསལ་རྒྱབ་མ་ཐུབ་པའི་སྔོན་འགྲོས་གཏམ་བཤད་བྱས་ཡོད་པ་དང་

མོས་བཤད་དོན་གཙོ་གཅིག་ལ་བོད་རིགས་ན་གཞོན་མཁས་དབང་བློ་བཟང་སེང་གེ་ལ་ཟུར་ཟའི་ཚིག་སློབ་སྦྱོང་ཡོད་ཟེར་ནས་འདིར་གནམ་ནས་མ་ཟག་པ་འདྲ་པོ་ཅེས་ཚིག་ཁ་གསལ་ཡོད་པ་ལས་ཡོངས་གྲགས་བོད་པའི་སྤྱི་ཚོགས་ནང་གཞུང་དངུལ་ཟ་བའི་ཉེས་མིང་འོག་བཀའ་ཁྲི་ལོ་གཅིག་ལས་གནང་མ་ཐུབ་པའི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་སོ་སོའི་ཕ་མར་ལྟར་བུ་བརྩི་བསྐུལ་དང་གུས་ཞབས་བྱས་པ་འདིའི་ཐོག་ནས་ལྟས་ན་བོད་རིགས་རང་དབང་ཐོབ་བརྩོད་པ་སྐུ་ཞབས་ཀླུ་འཁར་བྱབས་ལགས་ཀྱི་ཁྱིམ་ཚང་འབྲེལ་ལམ་དང་དམིགས་ཡུལ་ངོ་མ་རེ་བ་འདི་དང་འདི་ཅེས་གསུངས་པར་མ་བདེན་པ་གང་ཡང་མི་འདུག

དེ་འདྲ་མིན་ན་ང་བཀའ་ཁྲི་ལང་གི་ཡིན་ཟེར་བ་འདི་ལོ་མང་རིང་བཙན་འབྱོར་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་ཡོད་པའི་ཁོང་མོས་རང་གི་དྲང་བདེན་དང་ལྷག་བསམ་ཐོག་དེ་འདྲ་གནང་མི་སྲིད་པ་རེད་ལ་གལ་སྲིད་དེ་འདྲ་གནང་བ་ཡིན་ན་སོ་སོར་དགོས་ངེས་ཀྱི་ཆ་ཅན་དང་སྤོགས་པ་ཡོད་དགོས་པ་ལས་རྒྱ་གར་ལྷོ་ཕྱོགས་སོགས་སུ་གསང་བ་ལྟར་བུའི་འོག་རང་དང་རང་གི་ཁྱིམ་ཚང་གི་འབྲེལ་ཡོད་འགའ་བསྐོང་ཚོགས་གནང་ཏེ་ནང་དོན་མདོ་བསྡུས་ན་བཀའ་དྲན་ལ་བསམ་ཞིབ་གནང་ནས་དེ་རིང་ང་འོས་ཐོབ་པ་བྱེད་གནང་རོགས་ཅེས་བརྗོད་ཡོད་པ་འདྲ་། རྩ་བས་རྒྱ་རི་ཚང་ནི་སྟོབས་འབྱོར་ཀྱི་ཕྱུག་པ་དང་བོད་བཙན་བྱོལ་བའི་གཞུང་ནང་ཕྱག་ལས་ཚད་མཐོ་པོ་གནང་མྱོང་མཁན་མང་ལ་དུས་ད་ལྟ་ཡང་དེ་བཞིན་ཡོད་པར་རྩོད་མེད་ཡོངས་གྲགས་ཀྱི་ཁྱིམ་ཚང་ཆེ་པོ་ཅིག་རེད

ཡིན་ཡང་ལོ་རྒྱུས་དང་གནས་ཚུལ་གང་ཞིག་བཤད་ན་ཕྱོགས་ཡོངས་ནས་གཟིགས་དགོས་པ་གལ་ཆེན་དུ་མཐོང་བས་ངས་གསལ་པོ་ཞུ་རྒྱུ་ཅིག་ལ་རྒྱ་རི་ཚང་གི་མ་འགྲིག་པའི་གནས་ཚུལ་གང་ཞིག་བཤད་རྒྱུ་མེད་ཡང་དེ་རིང་རྒྱ་རི་སྒྲོལ་མས་བཀའ་ཁྲི་ལང་གི་ཡིན་ཟེར་བའི་ཁྲམ་སྟོན་འདི་ཕྱིར་གསལ་ནང་གསལ་ཆགས་རྒྱུ་དུས་ཡོན་རིང་པོ་མེད་རུང་སྲིད་དོན་བརྙན་འཕྲིན་འདི་ངས་ཡག་པོ་མ་མཐོང་བས་ཁོང་དང་གི་ཕྱོགས་རྟོགས་རྣམས་ལ་དྲན་སྐུལ་བྱེད་དོན་ ད་དུས་རབས་ད་ག་པར་སླད་འདུག་གཟིགས་རོགས་། སྐུ་དྲག་དང་འབྱོར་ལྡན་ཀྱི་དུས་རབས་མ་རེད་ཅེས་ཞུ་རྒྱུ་ཡིན།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།