བོད་རིགས་༣༠༠བཀག་འགོག་བྱེད་པའི་གནས་ཚུལ།

བོད་རིགས་བུ་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དེ་རིང་ཊེ་ལྦ་ཊར་དྲ་ཚིགས་ནང་ཟིན་བྲིས་སྤེལ་བ་ཞིག་ལ། 西藏康区理塘县的近300藏民一路磕长头抵达拉萨,很多拉萨居民前往迎接,当地警察把朝佛者堵在拉萨大桥不让进入市区.

ཡང་འབྲེལ་ཡོད་གཞན་ནས་ཊེ་ལྦ་ཊར་དྲ་ཚིགས་ནངལི་ཐང་བ་༣༠༠་ཙམ་ཞིག་རྐྱང་ཕྱག་འཚལ་ནས་ཡོང་བ་ལྷ་སར་འབྱོར་དུས་མི་མང་པོས་དགའ་བསུ་ ཞུས་སྟབས་ཉེན་རྟོག་པས་ཀུ་རུ་ཟམ་པ་རུ་བཀག་འགོག་བྱས་ཡོད་འདུག ཅེས་གནས་ཚུལ་འཁོད་འདུག།

དེ་བཞིན་དེ་རིང་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་འདི་འབྲེལ་ཡོད་བོད་མི་ཞིག་ལ་བཀའ་འདྲི་གནང་བ་ཞིག་བཏང་གནང་སོང་།       དེ་ཡང་འབྲེལ་ཡོད་ཁོང་གི་བརྗོད་དོན་ཁམས་ལི་ཐང་གི་ཡུལ་མི་༣༠༠་བརྒལ་བ་ཅིག་གིས་རྐྱང་ཕྱག་འཚལ་ཏེ་འབའ་དང་སྨ་ཁམས་སོགས་རྒྱུད་ལྷ་སར་འགྲོ་ཡོད་ཀྱང་ཐོག་མའི་རེ་བ་ལྟར་རྐྱང་ཕྱག་འཚལ་ཏེ་ལམ་བར་དེ་ལྷོད་བྱེད་ཏེ་དབུས་ལྷ་སར་འབྱོར་མ་ཐུབ་པར་རྒྱ་ནག་སྲིད་གཞུང་གི་དུས་ནས་དུས་སུ་ལྟ་རྟོགས་ཞིབ་བཤིར་འོག་རང་དབང་གི་འགྲོ་འདུག་ནམ་ཡང་སྤྲོད་མི་འདུག་ཟེར།

ད་རུང་འབྲེལ་ཞིག་གི་གསུངས་གསལ་ལ་དེ་ནི་རྒྱ་ནག་གི་དཔོན་རིགས་རིམ་པས་འོས་འགན་སྤྲོད་པ་ཅིག་ཡིན་པ་སལ་ས་གནས་དཔོན་རིགས་དེ་དག་གི་རང་སྣང་གང་དྲན་བྱེད་པ་ཅིག་རེད་མི་འདུག་ཟེར།  གང་ལྟར་གནས་ཚུལ་འདི་ངས་ལྟས་ན་ཧ་ཅང་གི་ཛ་དྲག་དང་གཞིས་བཞུགས་བོད་མའི་བདེ་སྡུག་གསལ་ཤོས་ཅིག་རེད་འདུག་དྲན།  རྒྱུ་མཚན་ནི་རྐྱང་ཕྱག་འཚལ་ཏེ་ལྷ་སར་འགྲོ་བའི་ཡུལ་གསོ་འདི་དུས་རབས་གང་ཞིག་གི་མཚམས་སུ་དར་བ་ཡིན་གསལ་པོ་མི་ཤེས་རུང་ང་ཚོས་ཕ་མེས་དར་བའི་ཡུལ་གསོ་ཡིན་ལ་ཆོས་ལུགས་ཀྱི་གནང་བའི་སྡིག་སྤོང་ཚོགས་བསག་གི་གི་གོ་སྐབས་ཅིག་ཡིན་པ་ལས། མི་རིགས་ཀྱི་རང་དབང་ཐབས་རྩོད་སོགས་དང་དངོས་གསལ་འབྲེལ་བ་གང་ཡང་མཐོང་རྒྱུ་མེད་། དེ་འདྲ་ཡིན་དུས་རྒྱ་ནག་སྲིད་གཞུང་གི་དེ་རིང་རྐྱང་ཕྱག་འཚལ་མཁན་རྣམས་བཀག་འགོག་བྱས་པ་འདི་བོད་པའི་ཡུལ་གསོ་དང་གོང་གཤིས་རེད་འདུག་ཅེས་བརྗོད་རྒྱུ་ལས་དོན་དངོས་ཐོག་དུས་རྒྱུན་བཞིན་རྒྱལ་ཁབ་ཁ་བྲེལ་སོགས་ཀྱི་ནག་ཉེས་གཡོག་ས་མེད་པ་ཅིག་རེད།

རྩ་བས་གནས་ཚུལ་འདི་ད་ལྟའི་འཆར་ཁམས་ལི་ཐང་གི་ཡུལ་མི་༣༠༠ པོ་ཁོང་རྣམས་ཀྱི་བདེ་སྡུག་ལ་འཇིག་སྣང་སྐྱེ་དགོས་དོན་མེདཔར་རང་ཁྱིམ་ཏུ་བདེ་འབྱོར་ཐུབ་པ་བྱུང་ཡོད་རུང་དེ་རིང་ཁོང་རྣམས་ཀྱི་རང་དབང་གི་འགྲོ་འདུག་འདི་རྒྱ་ནག་རང་གི་ད་ཡོད་རྩ་ཁྲིམས་གང་དུ་ཡང་འགལ་མེད་ལ་རྒྱུན་ལྡན་བོད་རིགས་ཁམས་དང་ཨ་མདོ་སོགས་ཀྱི་ཡུལ་གསོ་དང་གོམ་གཤིས་ལ་རྒྱ་ནག་སྲིད་གཞུང་གི་མི་སྣས་ཀླད་རྙིང་ཅེས་འཕྱ་མོད་དང་མཐོང་ཆུང་བྱེད་པ་ཅིག་རེད་འདུག་པས་ཆོས་ལུགས་ཀྱི་རང་དབང་དང་ཡུལ་གསོ་ལ་ཆེ་མཐོང་ཡོད་ཅེས་དུས་རྒྱུན་རྒྱ་མའི་དཔོན་ཁག་རིམ་པས་བཤད་སྡོད་པའི་དོན་གནད་དེ་དག་ཧ་ཅང་གསལ་པོ་ཅིག་བསྟན་སོང་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་བོད་མི་རྣམས་རང་མི་རིགས་ཀྱི་ལ་རྒྱ་སེམས་བཟུང་བ་དང་གོམ་གཤིས་གཅེས་ཉར་བྱེད་རྒྱུ་དཀའ་ལས་ཧ་ཅང་ཆེ་པོ་ཡོད་པ་མཐོང་སོང་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།