མཛངས་མ་མེད་པའི་མཛེས་མའི་རྒྱལ་ཁ།

བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཛེས་མའམ་མཛངས་མ་འགྲན་བསྡུར་ཟེར་བ་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བློ་ བཟང་དབང་རྒྱལ་ལགས་ནས་མ་བསྐུལ་དང་དབང་ཐོག་ལོ་རེ་བཞིན་རྒྱ་གར་བ་དང་མགོ་སེར་འགས་རོགས་རམ་ལ་བརྟེན་ནས་ད་བར་ཐེངས་༼ 9 ༽ ཙམ་གནང་ཚར་བ་རེད་།

སྔ་ཕྱིར་འདིའི་རྒྱུན་རིམ་ནང་ལྟས་ན་དགའ་ བསུ་དང་སྐྱོན་བརྗོད་སྣ་ཚོགས་ཁྲོད་ད་བར་འཛུལ་ཞུགས་གནང་མཁན་་བོུ་མི་ཉུང་བ་ ཞིག་བྱུང་ཡོད་། ཡིན་ཡང་དགོས་དབང་དང་དོན་དངོས་ཐོག་དགེ་མཚན་མེད་པ་གང་ཞིག་ཡིན་རུང་སྔར་ཕྱི་ མཛེས་མ་འགྲན་སྡུར་ནང་ཞུགས་མཁན་བུ་མོ་སྡོམ་པས་༢༤་ལས་བྱུང་མེད་ལ་དེ་ཡང་ཐེངས་ དགུ་བྱས་པས་བུ་མོ་དགུ་ནི་ཨང་དང་པོ་ཡིན་པ་དང་དེ་ཡང་ལོ་རེ་བཞིན་རྩིས་ན་དང་ པོའི་འོག་དགུ་ཨང་གཉིས་པ་། དེའི་འོག་ཨང་གསུམ་པ་བྱས་ཏེ་ཆ་གཉམ་་ཐོག་ལྟས་ན་བུ་མོ་འཛུལ་ཞུགས་པ་སུ་བྱུང་ན་ ཨང་རིམ་ཡོད་པ་མ་ཟད་ད་དུང་ཨང་རིམ་གསུམ་པའི་ནང་ས་མིག་འགའ་ལྷག་འདུག

སྤྱིར་ཚོགས་པ་འདིའི་མཛེས་མ་འགྲན་སྡུར་ ཀྱི་ལམ་ནས་བོད་དོན་འཁྱབས་བསྒྲགས་གནང་རྒྱུའི་མཚོན་བོད་དོན་ལས་རིམ་བང་སྒྲིག་ པ་མང་པོ་ཅིག་དམིགས་ཡུལ་ནང་གསལ་རུང་ལོ་རེ་བཞིན་ཐོན་པའི་བོད་ཀྱི་མཛེས་མ་མིང་ ཐོབ་པའི་བུ་མོ་དེ་དག་ལ་མཚོན་ན་སོའི་བྱ་ཐུབ་པ་དང་འགྱོན་པའི་ས་མིག་གང་ཡང་མེད་ པར་མཛེས་མའི་མིང་སྟོང་དེའི་འོག་ཧན་སྒོར་འབུམ་གཅིག་དེ་འཁྱེར་ནས་སྡོད་རྒྱུ་དེ་རེད།

ད་དུང་དགོད་གྲོ་བ་ཅིག་ལ་བུ་མོ་འགྲན་ཞུགས་པ་ཅིག་རང་ལས་མེད་ནའང་དེར་མཛེས་མའི་དབུ་རྒྱན་གཡོག་ཡོད། དྲང་མོ་བཤད་ན་འཛུལ་ཞུགས་གནང་མཁན་བོུ་དེ་དག་གི་ནང་ནས་མཛངས་མའི་འོས་ཆོས་ཚ་ཤོས་དེ་འགྲན་རྩོད་མེད་པའི་མཛེས་མ་ཚེ་རིང་སྐྱེད་རེད། ཡིན་ཡང་ཁོང་ལ་མཛངས་མའི་འོས་ཆོས་སྣ་གཅིག་བཟང་བ་མཐོང་མཁན་ད་བར་བོད་རིགས་ཤེས་ ལྡན་མི་སྣ་སུ་ཞིག་མེད་པ་མ་ཟད་ཉིན་རེ་བཞིན་སྐྱོན་བརྗོད་ཆར་པ་བབ་པ་ལྟར་བུ་དྲ་ཚིགས་སོགས་སུ་གཟིགས་ན་མཐོང་ཐུབ།

དེ་ཙམ་མ་ཚད་བོད་པའི་སྤྱི་ཚོགས་ནང་མཛེས་མའི་དབུ་རྒྱན་ཐོབ་མཁན་སུ་ལའ་ཆེ་མཐོང་སྤྲོད་མཁན་མེད་ལ་རྒྱུན་ལྡན་ཕོ་གསར་རྣམས་ཀྱི་ Miss Tibet གི་ཁ་པར་ལེན་པ་ཡོད་པས་ཅེས་རྩེད་མོ་རྩེད་ས་ལྟར་བུ་ཆགས་སྡོད་ཡོད། འདི་ནི་ད་བར་མཛེས་མ་འགྲན་སྡུར་ནང་ཞུགས་མཁན་གྱི་བུ་མོ་དེ་དག་གི་ཞེན་ཆ་ཆེ་ཤོས་དང་གསལ་ཤོས་དེ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
མཛངས་མ་འགྲན་བསྡུར་ནི་བོད་རང་གི་རིགས་གཞུང་དང་མཐུན་མིན་ཇི་ལྟར་ཡང་འཛམ་གླིང་གི་རྗེས་སུ་ང་ཚོ་སླེབས་དགོས་ན་དེ་ཡི་ཆ་ཤས་གཅིག་་རེད།
སྤྱིར་གཏང་མཛེས་པོ་འདུག་ཀྱང་མིང་དེ་ཆེ་གྲགས་ཀྱི་འདུག་བསམ་གི་ཡོད་གང་ཡིན་ཟེར་ན་རྒྱར་གར་དང་དེ་ལས་གཞན་པའི་བོད་ནང་མིན་པའི་བུ་མེད་ཁ་ཤས་ལ་བོད་ཀྱི་མཛེས་མ་ཟེར་བ་ནི་ཧ་ཅང་མི་ལེགས་པ་ཞིག་མཐོང་གང་ཡིན་ཟེར་ན་བོད་ནང་ལ་ཤེས་ཡོན་དང་མཛེས་མ་ཧ་ཅང་མང་པོ་ཡོད་ཀྱང་དེ་ཚོ་སྣང་མེད་དུ་བཞག་ནས་ཕྱི་ལ་སླེབས་པའི་བུ་མེད་འདི་ཚོ་བོད་ཀྱི་མཛེས་མ་ཟེར་ན་ག་ལ་འགྲིག་བོད་ཀྱི་མཛེས་མ་ཡིན་ན་བོད་ནང་གི་བུ་མེད་ཚང་མ་ལས་རྒྱལ་བའི་བུ་མེད་ཞིག་ཡིན་ན་འགྲིག་གི་འདུག་ཀྱང་དེ་མི་ན་འགྲིག་གི་མི་འདུག་བསམ་བྱུང་དེ་རང་ཡིན་དེ་ནས་གཞན་པ་བཤད་ཡག་ལྷག་འདུག་ན་རྗེས་མ་བཤད་ཀྱི་ཐུགས་རྗེ་ཆེ་གྲོགས་པོ་རྣམ་པ།།
སྤྱིར་མཛེས་མའི་འགྲན་བསྡུར་ཁྲོད་སྐྱོན་ཡང་མེད་ལ་བསྔགས་བརྗོད་ཀྱང་མེད། འོན་ཀྱང་འགྲན་བསྡུར་བྱེད་དུས་ཤ་རློན་རྗོན་པ་ཕྱིར་ལ་མངོན་མི་དགོས་པར་བོད་མི་རིགས་རང་གི་ཐུན་མོང་མིན་པའིཁྱད་ཆོས་་བཟང་པོའིཀུན་་སྤྱོད་དག་རྒྱན་དུ་བྱས་ནས་འགྲན་རྩོད་བྱེད་ན་མ་འགྲིག་པའི་ཆ་ཅི་ཞིག་ཡོད་དམ་
འགྲན་ཡ་མེད་པའི་མཛེས་མ་ཚེ་རིང་སྐྱིད་ལགས་ཁྱེད་ཀྱི་གཅེར་བུ་མངོན་པའི་་་འདྲ་དཔར་ཞིག་དྲ་ཐོག་ལ་འཇོག་མུ་ཐུབ་པ་ཅི་ཞིག་ཡིན་རང་ངོ་ནི་ཚ་དགོས་ཀྱིས་མ་རེད་ཁྱེད་ནི་སྤོད་པ་ཆེ་ལ་བུད་མེད་ཀྱིས་ཁྱད་ཆོས་ཕྱི་ལ་མངོན་ཐུབ་པ་ཞིག་ཡིན་པའི་ང་རང་ལ་ཡིད་ཆེ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།