ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད།

དེ་རིང་ནི་ཡོངས་གྲགས་སུ་ས་ག་ཟླ་བ་ཅེས་འབོད་པའི་ཚེས་བཅོ་ལྔའི་དུས་ཆེན་ཉིན་མོ་ཡིན་པས་རང་བློའི་གང་ལྕོགས་ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད་མདོ་ཙམ་ཞུས་ན། བདག་ཅག་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་པའི་ཆེད་མཛད་པ་བརྗོད་ལས་འདས་པ་བཞེང་ཤིང་། དེའི་ནང་ཐུན་མོང་གི་སྣང་ངོར་

དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ།
ཡུམ་གྱི་ལྷུམས་སུ་བཞུགས་པའི་མཛད་པ།
སྐུ་བལྟམས་པའི་མཛད་པ།
གཞོན་ནུའི་རོལ་རྩེད་མཛད་པའི་མཛད་པ།
བཙུན་མོའི་འཁོར་གྱི་རོལ་བའི་མཛད་པ།
རབ་ཏུ་བྱུང་བའི་མཛད་པ།
ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ།
བྱང་ཆུབ་ཤིང་དྲུང་དུ་གཤིགས་པའི་མཛད་པ།
བདུད་བསྟུལ་བའི་མཛད་པ།
༡༠
སངས་རྒྱས་པའི་མཛད་པ།
༡༡
ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ།
༡༢
མྱ་ངན་ལས་འདས་པའི་མཛད་པ་བཅས་༼ཞིབ་ཕྲ་མདོ་མཛངས་བླུན་སོགས་ལ་གཟིགས་གལ་ཆེ་བས་འདིར་བཀོད་ཐབས་ངལ་བ་བྱེད་རིན་མ་མཐོང་། དེ་ཡང་མཛད་པ་བཅུ་གཉིས་བཞེས་པའི་ནང་ཚན་
སྐུ་བལྟམས་པའི་མཛད་པ་དང་
རབ་ཏུ་བྱུང་བའི་མཛད་པ།
༡༠
སངས་རྒྱས་པའི་མཛད་པ།
༡༢
མྱ་ངན་ལས་འདས་པའི་མཛད་པ་བཅས་བཞི་ནི་ས་ག་ཟླ་བའི་ནང་འཁེལ་བ་ཡིན་པས་ཟླ་བ་འདིར་དམིགས་བསལ་རང་ཅག་ནང་པ་ཡོངས་ཀྱི་ཆེས་ཁྱེད་དུ་འཕགས་པའི་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་དེ་རྣམ་དཀར་དགེ་སྦྱོར་རྒྱ་ཆེན་པོ་ཞུ་སྲོལ་ཡོད་པ་བཅས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༩༢༠༡༨༡༦༢༢
ངག་དབང་བརྩོན་འགྲུས
འབྲལ་བཤད་་
3 ༣༡༢༠༡༧༡༢༡༤
ཐུབ་བསྟན་ལེགས་བཤད་
དེའི་ངོ་སྤྲོས་སྐོར་
2 ༠༥༢༠༡༦༢༡༤༥
བོད་ཟླ་བཞི་པའི་ཚེས་བདྲུག་ནས་ས་ག་ཟླ་བ་གཞིས་ནས་ཚེས་སྙམ། གང་ཡིན་ཟེར་ན། བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་མགོ་ཟླ་བའི་ཚེས་གཅིག་ཡིན་པས་སོ།
སྤྱིར་རང་རང་སོ་སོའི་བསམ་ཚུལ་བརྗོད་པའི་རང་དབང་ཡོད་ཀྱང་། རང་དབང་ཡོད་བསམས་ན་ག་ས་ག་ལ་བྲིས་ན་ནོར་འཁྲུལ་ཡིན་པ་ཤེས་དགོས། དགེ་ལྡན་པའི་དྲ་རྒྱ་ནི་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་དག་ཐེར་མཛད་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དང་འབྲེལ་ནས་འབྲི་སའི་དྲ་རྒྱ་ཞིག་ཡིན་པ་ཤེས་དགོས། ད་དུང་མཛེས་མའི་སྐོར་འབྲི་མཁན་དེ་རབ་བྱུང་ཞིག་ཡིན་ན་དེ་བས་ཀྱང་ནོར་བ་རེད། དེས་ན་བརྗོད་གཞི་གང་ཞིག་གི་ཐོག་འབྲི་ནའང་དེ་དང་འབྲེལ་བའི་དྲ་རྒྱ་མང་པོ་ཡོད་པས་དེར་འབྲི་བ་ལས་འབྲེལ་མེད་བེད་སྤྱོད་མ་བྱས་རོགས་ཞེས་ཞུ་རྒྟུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།