གྲོགས་བསྐལ་བཟང་འཕྲིན་ལས་ལགས།

གྲོགས་བསྐལ་བཟང་འཕྲིན་ལགས། ཁྱོད་ཀྱིས་གྲྭ་པ་ཚོ་དམག་མི་ངོ་མ་ཞིག་རེད་འདུག ཅེས་གསུངས་ན་བོད་རིགས་སུ་འདྲ་ཞིག་གིས་ཚིག་འདི་འོས་མཚམས་མ་ཡིན་པའི་སྒྲུབ་བྱེད་དང་སྐྱོ་བཛུག་བྱེད་ངེས་ཡིན།  དེར་རྒྱུ་མཚན་གཙོ་བོ་གཅིག་གྲྭ་པ་ནི་འཚེ་བ་མེད་པའི་ལས་ལ་འཇུག་མཁན་ཅིག་ཡིན་པ་དང་དམག་མི་ནི་དེ་ལས་ལྡོག་ཏེ་འཚེ་བའི་ལས་ལ་འཇུག་མཁན་ཅིག་ཡིན།

མདོར་བསྡུས་ནས་བཤད་ན་མིང་འདི་གཉིས་རྣམས་པ་ཐམས་ཅད་དུ་འགལ་བ་ཡོད་མེད་ལ་མ་སྟོས་པར་དེང་སྐབས་བོད་པས་སྤྱི་ཚོགས་ནང་གནམ་སར་བར་ཀྱི་ཁྱེད་པར་ཆེ་པོ་མཐོང་བཞིན་དུ་འོས་མཚམས་མ་ཡིན་པར་གོང་ཏུ་དྲ་གྲོགས་རེ་གཉིས་ཀྱི་གསུངས་པ་བཞིན་རྒྱུ་མཚན་མེད་པ་མ་རེད་སྙམ།

ཡིན་ཡང་རྩོམ་པ་པོ་ཅིག་གི་ངོས་ནས་བཤད་ན་གསར་བཏོད་རང་བཞིན་གྱི་རྣམ་དཔྱོད་ཚད་དང་ལྡན་པ་ཞིག་གི་འོག་རྗེས་ལུས་མི་རིགས་ཀྱིས་རྨོངས་དད་སོགས་ཀྱི་ལམ་ནས་འགྲེལ་ བའི་དགོས་མེད་ལུགས་གསོལ་གང་ཞིག་རྒྱུན་འཛིན་མ་བྱེད་པར་དོན་དངོས་དང་མཐུན་པར་ ཚན་རིགས་པས་དཔྱད་པ་བཞིན་མིག་མཐོང་ལག་ཟིན་གྱི་གསར་གཏམ་རེ་བཤད་ཐུབ་ན་མི་རིགས་ཀྱི་རིགས་གནས་འཕེལ་རྒྱས་དང་བསམ་བློ་ཡར་རྒྱས་འགྲོ་བའི་རེ་བ་དང་འགྲོ་ལམ་ཅིག་བུ་དེ་ཡིན་པ་སོང་།

དོན་དངོས་ཐོག་གྲ་བ་ཚོ་ནི་དམག་མི་ངོ་མ་ཞིག་རེད་འདུག་ཅེས་པ་འདི་སྐབས་དེ་དང་ དེའི་དུས་སུ་དངོས་བྱུང་ལོ་རྒྱུས་ཐོག་ལྟས་ན་རྣམ་དཔྱོན་ལྡན་པའི་གསར་གཏམ་དོན་ སྙིང་ལྡན་པ་ཅིག་རེད་འདུག་སྙམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།