སྐྱེ་རྒུའི་ས་ཡོམ་ནི་བོད་མི་རིགས་ཀྱི་གུད་ཆག་རེད།

མགོན་སྐྱབས་མེད་བོད་ཡུལ་ཆོས་ལྡན་གྱི་ཞིང་དུ།།
ཆེས་ཉམས་ཐག་བོད་མིའི་ཚེ་སྲོག་དེ་འཕྲོད་པའི།།
བྱམས་སྙིང་རྗེ་མེད་པའི་འབྱུང་བ་གི་གནོད་པ།།
ཐེངས་འདིའི་ས་ཡོམ་གནོད་ཚེ་འཁྲོད་བསམ་ན།།

 

བཞི་བཅུ་བཞི་ཉིན་མོའི་སྐྱོ་གདུང་གི་ཁྲོད་དུ།།
ཆེས་འཇིག་ཉེས་ས་ཡོམ་བདུན་གཅིག་གི་ཚད་གྲགས།།
ལུས་སྐྱེ་འགྲོ་ཀུན་ལ་འཇིག་ཉེས་ཀྱི་སྔོན་བརྡ།།
བོད་ཆོལ་གསུམ་སྟོང་བའི་སྣང་བ་ཞིག་འཆར་སོང་།།

བོད་ཁ་བ་ཅན་གྱི་ཞི་བདེའི་ལྗོངས་སུ།།
གནས་ག་སར་མི་རོ་མི་ཟུམ་ཁྲག་གི་གང་ལ།།
ཕྱོགས་ཀུན་ལ་སྐྱོ་གདུང་ངུ་ངག་གི་ཁེངས་པའི།།
ངེད་གངས་ཅན་བོད་པའི་ཚེ་སྲོག་འདི་སྙིང་རྗེ།།

བྱམས་སྙིང་རྗེ་མེད་པའི་ས་ཡོམ་གི་གནོད་པས།།
ངའི་ཕ་གཞིས་གཏོར་བའི་གོད་ཆག་གི་ནང་དུ།།
རིགས་མཐུན་གྱི་སྤུན་ཟླ་ཁྲི་ཁྲག་གི་ཚེ་གསོག།
དུས་གཅིག་ལ་སད་གྱི་སྟོན་འབྲས་བཞིན་བཅོམ་སོང་།།

གསུངས་གྱིས་ཚིག་མེད་པར་འཇིག་རྟེན་འདིར་བྲེལ་བའི།།
བོད་ཁ་བ་ཅན་གྱི་སྤུན་ཟླ་ཁྲི་ཚོ་ཞིག།།
སྙིང་ཉེར་བའི་ཕ་མ་བུ་ཕྲུག་རྣམས་བཞག་ནས།།
རང་ཁང་ཁྱིམ་ཐོར་བའི་གྱང་ཤུལ་འོག་མནན་འདུག།།

བོད་ཁ་བ་རིགས་པའི་སྤུན་ཟླ་རྣམས་པས།།
སྡུག་གཉམ་མྱོང་བྱེད་པའི་གཅིག་སྒྲིགས་ཀྱི་ངོ་མཚར།།
སྐྱབས་སླུལ་མེད་འཕགས་པའི་དགེ་འདུན་གྱི་མཚོན་པས།།
བོད་གཞིས་བྱེས་གཉིས་ཀའི་ལ་རྒྱ་དེ་མཐོང་སོང་།།

འོད་འཁྱིལ་བའི་མཆོད་མེ་འབུམ་ཕྲག་གི་འོད་སྣ ང་།།
འུ་ཐུག་པའི་བོད་མའི་ཚེ་སྲོག་སྒང་འཕྲོ་དུས།།
ཉམ་ཐག་པའི་ཆོལ་གསུམ་བོད་རིགས་ཀྱི་ཁྱེད་དུ།།
སྐྱབས་སླུ་མེད་གསུམ་གྱི་རེ་བ་བཞིན་སྐྱབས་རོགས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།