དགྲ་གཉེན་གོ་ལྡོག་པའི་སྤྱི་ཚོགས།

གོང་གིས་འདྲ་པར་འདིའི་ནང་དོན་ནི་དངོས་ མེད་ཡིབ་སྡོད་པའི་༼དགྲ་རྒོལ་རུ་ཁག་༽ཟེར་བའི་ཚོགས་པ་གསར་པ་ཞིག་གི་མཚན་མོར་ མོན་གྷོ་གཞི་གྲོང་ཁག་དང་དགོན་པའི་རྩིག་ངོས་ག་སར་གཞི་གྲོང་བཞི་པའི་ཚོང་ཁང་ དེ་དོལ་རྒྱལ་ལ་འབྲེལ་བ་ཡོད་པས་དམ་གཙང་སུ་ཡིན་འདིའི་ནང་མ་ཕེབས་རོགས་ཅེས་བསྒྲགས་ཏེ་སྦྱར་འདུག། ཡིན་ཡང་དོ་བདག་པ་གཞི་གྲོང་བཞི་པའི་ནང་མི་ནས་གཞིས་གྲོང་སྤྱི་ཁང་ནང་མི་མང་ཅི་འཚུངས་སྲུང་མ་དམར་ནག་གཉིས་ལ་དོལ་རྒྱལ་བསྟན་གྱི་མིན་པའི་དམ་བཅའ་ཕུལ་ཟིན་པ་གཞིས་གྲོང་སྤྱི་མའི་རྒྱབ་གཉེར་ལྟར་དངོས་འབྲེལ་ཡིན་པའི་ངོ་སྦྱོར་དུ་མོན་གྷོ་ས་གནས་འགོ་འཛིན་ལས་ཁུང་ནས་ཕྱི་ལོ་༢༠༡༠ཟླ་༢་ཚེས་༤ལ་ཕུལ་ཅེས་ཁ་གསལ་སྤྲོད་ འདུག། དེ་བཞིན་དགོན་པ་གྲ་ཚང་ཚང་མའི་དགེ་སྐོས་ནས་རྒྱབ་གཉེས་གནང་འདུག་པས། དོ་བདག་གཞི་གྲོང་བཞི་པའི་ཁྱིམ་ཚང་དེར་དམིགས་གསལ་དོགས་གནས་གང་ཞིག་བྱས་དགོས་མ་ཆེས་ཀྱང་ཡིབ་སྡོད་པའི་༼དགྲ་རྒོར་རུ་ཁག་༽ཟེར་བའི་ཚོགས་པ་འདིར་མོན་གྷོ་མི་ མང་གི་དོགས་གཞི་ཆེ་པོ་ཞིག་ཆགས་འདུག།

དེ་རིང་ང་རང་གྲོགས་པོ་འགའ་དང་ལྷན་གཞི་ གྲོང་གསུམ་པའི་ཇ་ཁང་དུ་སྡོད་དུས་དེ་ཡོད་རྒན་པོ་གཅིག་གི་ཟེར་ན་དགྲ་རྒོལ་རུ་ཁག་གཅིག་ཡོད་ན་ད་ཡིབ་སྡོད་པའི་དུས་ཚོད་མ་རེད། བྱུང་ན་བོད་ནང་འགྲོ་ཏེ་བོད་ཀྱི་དགྲ་བོ་རྒྱ་དམར་དེ་འཚོ་མེད་པ་བཟོ་དགོས་རེད། བོད་མི་ནང་འཁྲུག་ལ་ཕན་འབྲས་གང་ཡང་ཡོངས་གི་མ་རེད། ད་དུང་ཁོང་འཚོའི་ནང་མི་དེར་མ་དགའ་བ་ཙམ་མ་ཡིན་ན་དོལ་རྒྱལ་བསྟན་མཁན་ཚོགས་པ་ དངོས་སུ་གཙུག་ནས་ལོ་འགྲོ་ཟིན་པ་རེད།

ཡང་ཕོ་གསར་ཅིག་འདུག་པ་ཁོའི་ཟེར་ན་གཙོ་བོ་མི་མང་གི་ཤེས་ཀྱི་རེད་དེ་སྔོན་ཡིན་ ན་ཡང་མོན་གྷོ་ནང་དཀྲོགས་གཏམ་དང་ནང་འཁྲུག་བྱུང་བར་ཐེངས་རེ་གཉིས་ཅིག་མ་རེད། འདི་ཚོ་བཟོ་མཁན་རྒྱ་གཞུང་རེད་ལབ་ཤེས་ཀྱི་མ་རེད། ཡིན་ཡང་གནང་ཕྱོགས་འདིས་བོད་སྤྱི་དོན་ལ་གནོད་པ་དངོས་ཡོད་རེད།  གོང་གིས་མི་རྒན་དེས་ཡང་ཧཧཧཧཧ་ཁོང་འཚོ་གཞི་གྲོང་བཞི་པའི་ཚོང་ཁང་དེར་༼དགྲ་ རྒོལ་རུ་ཁག་༽ཡིན་ཟེར་ན་བདེན་པ་འདྲ་འདུག།  དེ་ཡོད་གྲ་པ་འགའི་གསུང་གསལ་ཁོང་ཚོར་ཡ་ལན་མ་བྱས་ན་རིམ་པས་ནུས་མེད་དུ་འགྲོ་ གི་རེད་ཅེས་ད་སྐབས་མོན་གྷོ་མི་མང་ནང་དེས་སྐོར་གཏམ་གླེང་འདྲ་མིན་བྱེད་བཞིན་འདུག འོན་ཀྱང་ཚོང་ཁང་དེས་དོ་བདག་ཕོ་གསར་དེས་ཟེར་ན་དངོས་ཡོད་རྒྱུ་མཚན་བདེན་པ་ཡོད་མེད་ལ་མ་སྟོས་པར་དཀྲོགས་གཏམ་འདི་འདྲ་བཟོ་དུས་སོ་སོའི་བྱེད་དགོས་པ་དེ་ཚང་མ་ བྱས་པ་ཡིན་ཅེས་གསུངས་བཞིན་འདུག

རྩ་བས་ངས་དེ་སྔོན་སྐུ་འོས་མདོ་སྨད་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་ལགས་ནས་དོལ་རྒྱལ་དང་འབྲེལ་བའི་ཟིན་བྲེས་གཅིག་སྤེལ་བའི་སྐབས་འཆན་ནང་དགོས་པ་དང་གནས་ལུགས་རྒྱུ་མཚན་ཆེ་པོ་རང་མེད་ན་འདིའི་སྐོར་ད་མ་གླེང་ན་དགའ་ཅེས་རེ་བསྐུལ་གསལ་པོ་ཞུས་པ་ཡིན།

ལྷག་དོན་བདག་འདྲ་བའི་མི་གཅིག་ལ་མཚོན་ལ་མཐོང་རྒྱ་ཞེན་པས་མིག་མདུན་ཏུ་ཡོད་པའི་བྱ་བར་ལེགས་ཉེས་བརྗོད་དཀའ་བས་ལྷ་འདྲེ་དེ་འཚོར་ཡག་སྡུག་བཤད་དེ་བས་དཀའ་མོ་རེད་སྙམ་བཞིན་ཡོད་ལ་དེར་ཕྱོགས་གཅིག་ནས་ཆོས་ལུགས་མ་ཡིན་པར་ཆབ་སྲིད་འདྲེས་པའི་ལམ་ཕྱོགས་ཙམ་ལ་ངོས་འཛིན་བྱེད་བཞིན་ཡོད། བྱུང་ན་བོད་རིགས་སྤུན་ཟླ་སུ་ཅིག་གི་ཀྱང་མི་བསྟན་པ་གྱུར་བ་དང་དེ་ལྟར་མ་བྱུང་ན་ཡང་ནང་འཁྲུག་རྒྱབ་མི་དགོས་པ་ཞིག་གཅིག་བྱུང་ན་བསམ་བཞིན་འདིའི་སྐོར་མཐོང་ཐོས་ཙམ་ཡང་མི་དགའ་བའི་རྒྱུ་མཚན་འདི་ཡིན།

འོན་ཀྱང་དེ་རིང་གི་དོན་ཅན་འདི་དོ་རྒྱལ་བསྟན་མཁན་དང་འབྲེལ་བ་བྱས་ཕྱོགས་སྐོར་ཡིན་ཙང་དངོས་གནས་གཞི་གྲོང་གསུམ་པའི་ཟ་ཁང་དང་ཚོང་ཚང་མར་དོ་རྒྱལ་བསྟན་མཁན་དང་ འབྲེལ་བ་མེད་ཟེར་ནའང་ཟ་ཁང་ནང་དོ་རྒྱལ་བསྟན་མཁན་རྣམས་ནས་བཞེས་ལག་ཟ་རུ་འགྲོ་བཞིན་འདུག་ལ་དེ་བཞིན་ཚོང་ཁང་ནང་ལྕ་ལག་ཉོ་རུཡང་འགྲོ་བཞིན་འདུག ད་དུང་ཟ་ཁང་བདག་པོ་འགའ་རེས་སྐུ་ཞབས་ལགས་ཅེས་དཔེ་ལེགས་ཁྲབ་པ་ང་རང་གི་དངོས་སུ་མཐོང་བྱུང་། དགོས་མཁོ་བྱུང་ན་ཟ་ཁང་ཁག་གི་ནང་དོ་རྒྱལ་བས་བཞེས་ལགས་མཆོད་སྐབས་རྒྱབ་པའི་འདྲ་པར་སྟོན་ཆོག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།