ཁམས་སྐད་བརྙན་འཕྲིན།

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་གི་ཡན་ལག་ཁང་ཐོག་མ་དེ་དཀར་མཛེས་ཁུལ་དུ་བཙུགས་ཡོད་འདུག་ལ། ད་དུང་མུ་མཐུད་དུ་དཀར་མཛེས་ཁུལ་འོག་གི་རྫོང་ ༡༨ ཙམ་ལ་གསར་འགོད་པའི་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཁམས་སྐད་བརྙན་འཕྲིན་ཁང་གིས་གློག་བརྙན་དང་། བརྙན་འཕྲིན་རིགས་བོད་སྐད་ནང་ཕབ་སྒྱུར་གྱི་རྟེན་གཞི་བཙུགས་ཏེ། སྐད་སྒྱུར་བ་དང་གློག་བརྙན་སྒྱུར་སྐྲུན་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་འཆར་ཡོད་འདུག
སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་དེ་ནི། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་སི་ཁྲོན་ཁྲིན་ཏུའུ་རུ་ཐོག་མར་ཚོད་ལྟའི་ཚུལ་དུ་བཏང་ཡོད་པ་དང་། ཉིན་རེའི་ཆུ་ཚོད་ ༡༨ རིང་བརྒྱུད་གཏོང་བྱེད་ཀྱིན་ཡོད་པ་ལས་བོད་སྐད་ཀྱིས་བརྒྱ་ཆ་ ༨༠ ཙམ་ཟིན་ཡོད་འདུག བརྙན་འཕྲིན་ཁང་དེའི་ལེ་ཚན་གཙོ་བོ་ཀྲུང་དབྱིང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་དང་། སི་ཁྲོན་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག ཁམས་སྐད་ཀྱི་གསར་འགྱུར་རིགས་གཙོ་བོར་བཟུང་སྟེ། གླུ་གར་ཞབས་བྲོ་སོགས་ཀྱི་རྩེད་རིགས་དང་ས་གནས་ཀྱི་རིག་གནས་ངོ་སྤྲོད། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་སོགས་གཏོང་རྒྱུ་ཡིན་འདུག

ཁམས་སྐད་བརྙན་འཕྲིན་ཁང་ཐོག་མར་སྒོ་འབྱེད་སྐབས། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་རྒྱ་ཡིག་དྲི་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁམས་སྐད་བརྙན་འཕྲིན་དེ་ནི་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ནང་གི་ཁམས་སྐད་བཤད་མཁན་གྱི་ས་ཁུལ་དག་ལ་གཏོང་རྒྱུ་ཡིན་པ་དང་། རང་རྒྱལ་དུ་ད་ལྟ་བོད་རིགས་ས་ཡ་ལྔ་ ༥༠༠༠༠༠༠ ཡོད་པའི་ཁྲོད། ཁམས་སྐད་བཤད་མཁན་ས་ཡ་གཉིས་དང་འབུམ་བཞི་ ༢༤༠༠༠༠༠ ཙམ་ཟིན་ཡོད་སྟབས། དེ་དག་གིས་སོ་སོའི་ཕལ་སྐད་ཐོག་ནས་བརྙན་འཕྲིན་ལེ་ཚན་ལ་བལྟ་ཐུབ་པ་བྱུང་ཡོད། ཅེས་བཀོད་འདུག

གོང་གི་གསར་འགྱུར་འདིར་གཟིགས་མཁན་ཡོངས་ལ་གུས་པས་བསམ་ཚུལ་མདོ་བསྡུས་ཅིག་ཞུས་ན་ སྤྱིར་བོད་རིགས་ཕྱེད་ཀ་ཁམས་རིགས་མི་མང་ཡིན་ཟེར་ཆོག་པ་མ་ཟད་ད་བར་བོད་ཀྱི་ཆོས་དང་རིགས་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཆོས་རྒྱུད་ཆེ་པོ་བཞི་དང་བོན་དང་བཅས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་ཆེ་བ་ཁམས་རིགས་དང་དེ་བཞིན་མཁས་པ་མང་ཆེ་བ་དཔའ་རྟུལ་མང་ཆེ་བ་ཁམས་པ་རེད་ཟེར་ན་མ་འགྲིག་པ་མེད་པས་རྒྱལ་ཁབ་ཕྱིར་ ནང་ག་སར་ཡོད་པའི་ཁམས་རིགས་མི་མང་དང་བོད་རིགས་ལ་རྒྱ་ཅན་ཀུན་ནས་ཆེས་དགའ་བསུ་ ཞུ་འོས་པ་རེད། ཡིན་ཡང་བོད་རིགས་ས་ཁུལ་གཞན་དང་གཅིག་མཚུང་ཀྱི་ཁམས་ཁུལ་དུ་ཡང་གཅིག་གྱུར་ཀྱི་ སྐད་མེད།  དཔེ་ན་ཏྲེ་ཧོར་ཁམས་པའི་སྐད་ལ་ཆ་འཇོག་ན་ཏྲེ་ཧོར་ཁམས་པའི་སྤྱི་སྐད་གཅིག་རྩ་བ་ནས་མེད། ཏྲེ་ཧོར་ཁམས་པའི་ནང་ཁུལ་གྱི་སྐད་རིགས་རག་ཙམ་གླེང་ན། 1རྟའུ་ལོག་སྐད། 2་བྲག་འགོ་བའི་སྐད། 3་ལྕོག་རི་བའི་སྐད། 4་དཀར་མཛེས་བའི་སྐད། 5་དར་རྒྱས་བའི་སྐད། 6་རྫ་པའི་སྐད། སྐད་རིགས་དྲུག་པོ་འདི་ཏྲེ་ཧོར་ཁམས་པའི་ཁྱབ་ཆེ་བའི་ཕལ་སྐད་རྣམས་རེད་དེ་བཞིན་ ལི་ཐང་དང་རྒྱལ་ཐང་སོགས་སུ་ལུང་ཚན་རེ་ལ་སྐད་འདྲ་མིན་དར་ཡོད་པས་ཁམས་པའི་སྤྱི་སྐད་ཟེར་ན་༼ཡ་ཁོ་རེ་༽ཟེར་རྒྱུ་དང་༼ཨ་མདོའི་སྤྱི་སྐད་ཟེར་ན་༼འདི་མོ་༽ཟེར་རྒྱུ་དེ་ཙམ་ཡིན་རྒྱུ་མ་རེད་ཡིན་ཡང་དེ་ཚོ་ད་ཐེངས་ཞིབ་མོ་བརྗོད་དགོས་མ་མཐོང་རྗེས་སུ་གོ་སྐབས་བྱུང་ན་གཤམ་ཏུ་འབྲི་ཆོག་པ་གྱིས།  རྩ་བས་ཁམས་སྐད་བརྙན་འཕྲིན་གསར་འཛུགས་བྱུང་ནས་མ་འོངས་ཁམས་རིགས་མི་མང་གི་གནང་ཕྱོགས་ཐད་མཁྱིན་དགོས་པའི་གནས་ལུགས་འགའ་འདུག་དེ་ཡང་ཁམས་སྐད་ཅེས་བོད་སྤྱི་སྐད་དང་མ་མཐུན་པ་བཟོ་དགོས་དོན་མེད་པས་སོ་སོ་བོད་པ་ཡིན་པའི་རྒྱུ་མཚན་ལ་བརྟན་ནས་ད་ཡོད་ཨམ་སྐད་ལེ་ཚན་ནང་ཐོན་པ་ནང་བཞིན་བོད་པ་རང་གི་ལག་རྩེ་ནས་བྱུང་བའི་ ཐུགས་པ་སོགས་ལ་བོད་ཀྱི་ཐུགས་པ་ཟེར་དགོས་ཚབ་ཏུ་༼ཨ་མདོའི་ཐུགས་པ་༽ཅེས་འབོད་པ་དང་བོད་ཀྱི་མོག་མོག་ཟེར་རྒྱུའི་ཚབ་ཏུ་༼ཨ་མདོའི་མོག་མོག་ཅེས་འབོད་པ་ནི་དོན་ལ་བོད་ཁ་བྲལ་ཀྱི་ལས་ལ་རྒྱབ་སྐྱོར་འགྲོ་བ་མཐོང་བས་ལྷ་རབས་བྱུང་ན་བོད་ཀྱི་སྤྱི་སྐད་དང་འབྲེལ་ལམ་ཟབ་ཏུ་བཏང་དགོས་དེ་ཡང་༼བོད་ཀྱི་སྤྱི་སྐད་ནི་བོད་ཡིག་ཡིན༽།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (8)
8 ༢༥༢༠༡༤༢༡༣༡
ཐུགས་རྗེ་ཆེ།
7 ༢༥༢༠༡༤༢༡༣༠
ཉིད་ཀྱིས་གོང་གི་བསམ་ཚུལ་ཡག་པོ་བྲིས་འདུག ཐུགས་རྗེ། ཡིན་ན་ཡང་ཡིག་ནོར་མང་བ་ཞིག་འདུག རྗེས་ཕྱོགས་གཟབ་གཟབ་གནང་རོགས་ཞུ།
གློག་བརྙན་བོད་སྐད་དང་བོད་ཡིག་གི་ཐོག་བསྒྱུར་བའི་ལྟད་མོ་ཞིག་མཐོང་སོང་བས་སེམས་ལ་དགའ་སྣང་ཙམ་གྱི་ཚོར་བ་བྱུང༌། ལྟད་མོ་ཡག་པོ་དང་སྡུག་པའི་དབྱེ་བ་མ་འབྱེད་ན་ཚོར་བ་དེ་འདྲ་ཞིག་རེད།
དབུས་གཙང་རྣམས་རྒྱ་གར་དང་བལ་པོའི་སྐད་གྱི་ཤུགས་རྐྱན་ཐད་ཡོད་ལ་ཨ་མདོ་བ་ཕལ་ཆེར་རྒྱ་ནག་དང་སོག་པོའི་སྐད་གྱི་ཤུགས་རྐྱན་ཆེ་པོ་ཐད་ཡོད་པ་གསལ་པོ་འདུག་ན་། བོད་སྐད་དངས་མ་ཁམས་སྐད་ཡིན་ཅེས་བཤད་ན་མ་འགྲིག་པ་མེད་། དེ་ཡང་ཁམས་པའི་སྐད་ལ་སྒྲ་ཟུར་ཅུང་མ་འདྲ་བ་ཡོད་རུང་ད་ཡོད་ཁྱབས་ཁོངས་སུ་རྒྱ་ནག་གི་བཤད་པ་བལྟས་ན་༢༢༠༠༠༠༠ལྷག་ཟིན་ཡོད་པ་དང་ལོ་རྙིང་པའི་ལོ་རྒྱུས་ནང་བོད་ཁམས་ཡོངས་ལ་ཅེས་བོད་དང་ཁམས་ཟེར་བའི་ཚིག་དུམ་འདི་གཉིས་ཀྱི་སྟེང་ཁམས་ནི་མདོ་སྟོད་སྨད་གྱི་ས་ཕྱོགས་ཁག་ལ་འབོད་པ་དང་དེ་ཡང་ཤར་རྒྱལ་མོ་རོང་པ་ནས་ཀོང་པོ་བར་ཁམས་པ་ཡིན་པའི་དོགས་གནས་མེད་། འོན་ཀྱང་ལོ་རྒྱུས་སྨྲ་བ་འགས་ཨ་མདོ་བ་ཁམས་པ་ཡིན་པའི་སྒྲུབ་བྱེད་བགྲང་འདུག་པར་བལྟས་ན་ཁམས་པའི་ཁྱབས་ཁོང་ལ་དེ་བསས་ཁྱབས་ཆེ་རུ་སོང་བ་རེད་།
4 ༡༥༢༠༡༠༠༠༢༤
ཁམས་པའི་བོད་སྐད་བརྙན་འཕྲིན་ནང་བོད་སྐད་ཤེས་མཁན་ཁར་ཁེར་རེད། ཁྱད་པར་གླུ་བ་གླུ་མ་མང་པོ་ཞིག་འདུག་པས་མང་ཆེ་བས་བོད་སྐད་མི་ཤེས་ཁོ་ཐག་རེད། ཐ་ན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པའང་སྒྲ་ལོག་རེད་རང་མཚང་སྟོན་པ་ལས་ཁ་རོགས་
འདུག་པ་དགའ། གཟུགས་བཟང་སྐད་སྙ྄ན་མིན་རུང་བོད་སྐད་སྤུས་དག་མ་རེ་བཤད་ཤེས་ན་ལེགས་དེ་མིན་ བོད་སྐད་བརྙན་འཕྲིན་ལ་ཁྱད་ཆོས་ཅི་མི་འདུག། དཔེར་ན་འཇར་པན་གྱི་སྐད་ལ་དབྱིན་སྐད་ཅེས་བཤད་ན་འགྲིག་གམ།

སི་ཁྲོན་ཁམས་སྐད་བསྙན་འཕྲིན་ཁང་གི་ལས་བྱེད་དང་ལས་བཟོ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ནི་བསྙན་འཕྲིན་སྒྲིགས་སྦྱོར་བྱེད་མི་ཞིག་ཡིན། ཡིན་ནའང་ LNB C Band ཡིན་ན་ཡང་ན་ Ku Band ཡིན་དེ་ལན་གསལ་པོ་ཞིག་འདེབས་རོགས་གནང་། ཁ་བྲོ་བཀྲ་ཤིས། ངའི་གློགས་འཕྲིན་ཁ་བྱང་ནི་ This e-mail address is being protected from spambots, you need JavaScript enabled to view it

2 ༡༤༢༠༡༠༡༦༡༡
ཁམས་སྐད་བརྙན་འཕྲིན་འདིས་ང་ཚོའི་ཆོས་དང་རིག་གནས་ཡུལ་སྲོལ་གོམ་གཤིས་ལ་ཕན་འབྲས་དང་གནོད་པ་གང་ཆེ་ཚོད་དཔག་བྱེད་དཀའ་བ་ཞིག་རེད།
1 ༡༠༢༠༡༠༠༣༣༡
གངས་ཅན་གྱི་བུ་ཆུང་།
དུས་རབས་གསར་པའི་སྟེང་ནས་བོད་ཀྱི་སྐད་དང་རིག་གཞུང་གོང་འཕེལ་འགྲོ་བཞིན་པར་དགའ་བསུ་སྙིང་ཁུང་ནས་འབོད།



བརྗོད་གཞི་གཞན་ཁག་ལ་གཟིགས།