ལས་དབང་བཙན་པོའི་བོད་ཀྱི་ལོ་གསར་གི་སྡོ་རྩིས།

ལས་དབང་གསར་པའི་ཁ་ཕྱོགས་གཅིག་ལ་རྒྱ་ནག་དམར་པོའི་གཟི་བརྗེད་ངོམ།།
༢༠༠༧ལོར་རུང་རྒྱས་ཨ་གྲགས་ལགས་ཀྱི་བོད་ནང་ཞི་བའི་ངོ་རྒོར་བྱས་པའི་དུས།།
གཞོན་ནུ་ཚོགས་པས་ལྡི་ལི་ནང་དུ་ངོ་རྒོར་ལས་འགུལ་གོ་སྒྲིག་བྱས་པའི་ཉིན།།
༢༠༠༨ལོར་བོད་ཡོངས་གཅིག་སྒྲིག་ཞི་བའི་ངོ་རྒོར་གཞི་རྒྱ་ཆེ་པོ་བྱས་པའི་དྲན།།
གོ་རིམ་ལྡན་པའི་ལས་འགུལ་འདི་དག་རྒྱལ་སྤྱིའི་ནང་གི་གནད་དོན་ཆགས།།


གཞུང་མང་འཛའ་དྲག་ཚོགས་ཆུང་ཟེར་བས་ཆབ་སྲིད་ལམ་ཕྱོགས་གཅིག་ཏུ་གཟུང།།
བཙལ་བྱོའི་ནང་ལ་གོ་སྐབས་དེར་བསྟུན་སྔར་མེད་ཚོགས་པ་མང་པོ་གཙུག།
༢༠༠༩ལོ་དམར་པོའི་བོད་རིགས་དཔའ་རྟུལ་བརྩོན་འཇུག་སྲོད་ཁྲིམས་བཏང༌།།
རྒྱ་གར་སོགས་ལ་དབང་ཡོད་བཤད་ཅིང་བོད་དོན་འབྲེལ་མོལ་འགྱུར་མཚམས་བཅད།།
གོ་ལ་ཧོལ་པོའི་འགྱུར་མགྲོས་གཅིག་ལས་རྒྱ་ནག་ཧམ་སེམས་ཇེ་ཆེ་སོང་།།

བོད་དེ་རྒྱ་ཁོང་ཡིན་པའི་གསལ་བཤད་སྲིད་འཛིན་མང་པོའི་ཞལ་ནས་བསྒྲགས།།
ལམ་འགྲོན་དོན་ཏུ་བོད་གཞུང་སྤྱི་འཐུས་གྲོས་ཚོགས་འཇུག་སྒྲིག་མ་ཐུབ་ལུས།།
འདི་ལོ་ཁམས་དང་ཨ་མདོ་རྔ་བ་ཕྱོགས་ནས་ལོ་གསར་མི་བཏང་ལས་འགུལ་སྤེལ།།
བཀའ་ཤག་མཆོག་ནས་འདི་ལོ་ལོ་གསར་རྒྱས་སྤྲོས་མ་བཏང་རེ་བཀུལ་བྱས།།
གཞིས་བཞུགས་བོད་མིའི་གནས་སྟངས་བསམ་ན་མྱང་ངན་བྱས་དགོས་དངོས་ཡོད་མཐོང༌།།

རང་དབང་སློབ་ཕྲུག་ཚོགས་པས་ལོ་གསར་དྲ་རྒྱས་བཏང་དགོས་བསྒྲགས།།
ལྷོ་ཕྱོགས་སོགས་སུ་ཚོགས་པ་མང་པོའི་རང་འདོད་ལས་འགུལ་སྣ་ཚོགས་སྤེལ།།
གོ་སྐབས་དམ་འཛིན་ང་ཡང་དེའི་དོན་རྒྱང་ནས་ལྟས་མོ་ལྟ་མཁན་ཡིན།།
གོ་སྐབས་བྱུང་ན་འདི་འདྲའི་དོན་ལ་གསལ་བཤད་ནད་མོ་བྱས་འདོད་བྱུང༌།།
གནམ་ལོ་གསར་པའི་འཚམས་འདྲི་ཚུལ་དུ་དེ་ཙམ་བཞག་ན་དགའ་བ་སྙམ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།