ལོ་གསར་མྱ་མན་སྲུང་གཙི་ག་དུས་བར་བྱེད་དགོས་སམ།

ད་བར་བོད་མི་བཙན་བྱོལ་བ་རྣམས་ཡུལ་གྱར་བའི་རྣམ་པ་དངོས་གསལ་མེད་པའི་ཐོག་ལོ་རེ་ནས་ལོ་རེ་ལོ་གསར་སྤྲོ་སྐྱེད་རྒྱས་སྤྲོས་ངང་བཏང་གསོལ་ཡོད་ཡང་འདི་ལོ་བོད་གཞུང་བཀའ་ཤག་གི་དུས་གསུམ་གསལ་གཟིགས་ཀྱི་དགོས་དབང་ལ་བརྟེན་ནས་ལོ་གསར་རྒྱས་སྤྲོས་མི་བཏང་བའི་རེ་བསྐུལ་ལ་ཟུར་གནས་གྲོགས་པོ་མི་ཉུང་བ་ཞིག་གིས་དགོངས་འཆར་འདྲ་མིན་གསུངས་བཞིན་འདུག་ལ་དེ་ནི་དགོས་ངེས་ཤིག་ཀྱང་མཐོང་། གང་ཡིན་ཟེར་ན་རང་ཡུལ་བདེ་བ་ཅན་དུ་སྐྱེས་པའི་བུ་ང་ཡང་གཞན་ཡུལ་དུ་འབྱོར་ཏེ་ད་མི་ལོ་བཅུ་ཁྲག་འགྲོ་ཟིན་འདུག། མ་ཟད་ང་ཚོས་འདས་ཟིན་པའི་མི་ལོ་༥༠རིང་བོད་མི་བཙན་བྱོལ་བའི་གནས་བབ་དང་རྒྱུན་རིམ་འདྲ་མིན་ཐོག་ཐེངས་གཅིག་ཕྱིར་མིག་ལྟས་ན་དགེ་སྐྱོན་སྣ་ཚོགས་ཀྱི་སྲུབ་ཏུ་གྲུབ་འབྲས་རླབས་ཆེན་གང་མང་ཞིག་མཇལ་རྒྱུ་ཡོད་ཡང་དགོས་མེད་བརྩོད་རྙོག་མི་ཉུང་བ་ཞིག་ཀྱང་ལང་ཡོད་པ་མཐོང་།    དེ་ལྟར་བུའི་གནས་སྟངས་འོག་བོད་ཀྱི་རྩ་དོན་ཐད་ཞི་རྒོལ་དང་ཞི་མོས་འབྲེལ་ལམ་སོགས་ཐེངས་ག་ཚོད་བྱེད་རུང་ད་བར་ང་ཚོར་ཁེ་ཕན་གང་ཡང་མ་ཐོབ་པར་རྒྱ་མི་རིགས་དང་རྒྱ་གཞུང་ལ་རེ་བ་བཅོལ་རྒྱུའི་རྨི་ལམ་ཞིག་འགོ་རྩམ་འདུག་སྙམ།                     བརྩེ་ལྡན་བོད་རིགས་སྤུན་ཟླ་རྣམས་པ་ལགས།        སྡོམ་རྩིས་ཀྱི་དྲི་བ་གསུམ་བསྐོད་ཆོག་པ་གྱིས

༧གོང་ས་མཆོག་གི་དགུང་གྲངས་ཇེ་མཐོ་དང་རྒྱ་གཞུང་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་རིགས་ཡོངས་ནས་རྟག་བརྟན་མེད་པའི་ཕྱི་རྒྱལ་གྱི་རོགས་རམ་ཁོ་ནར་མ་ལྟོས་པར་དེ་རིང་ནས་རྩིས་པས་མི་ལོ་ག་ཚོད་བར་ཆེས་ནུས་ཤུགས་ལྡན་པའི་ཆབ་སྲིད་ལས་འགུལ་ཞིག་འགོ་རྩམ་ཐུབ་དམ།

འདི་ལོ་ནས་རྩིས་པས་བོད་ཀྱི་ལོ་གསར་ཐེངས་ག་ཚོད་ཅིག་ལ་མྱ་ངན་གྱིས་རྣམ་པ་ལྡན་པའི་ཐོག་རྒྱས་སྤྲོས་མེད་པར་བཏང་དགོས་སམ།

འདི་ལོར་སྐྱེས་པའི་བོད་རིགས་བྱིས་པ་ཆུང་ཆུང་དེས་བོད་བཙན་བྱོལ་བ་རྣམས་ནས་ལོ་གསར་དྲ་རྒྱས་ངང་བཏང་གསོལ་མིག་གི་མ་མཐོང་བ་རྒན་པོ་ཆགས་དུས་བོད་ཀྱི་ལོ་གསར་དེ་དྲ་རྒྱས་མེད་པའི་ལུགས་གསོལ་ཞིག་ཏུ་འགྱུར་རུང་ལོ་རྒྱུས་ཀྱི་བདེན་དཔང་མི་རུང་བའི་བོད་ཀྱི་གནས་སྟངས་ལ་ཁེ་ཕན་གང་ཞིག་ཐོབ་སྲིད་དམ།

དངོས་གནས་ང་ཚོ་ཚང་མར་དམིགས་ཡུལ་ཅིག་དང་རེ་བ་ཅིག་གི་འོག་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབས་བྱེད་རྒྱུ་སོགས་འོས་འགན་ཡོད་ལ་གཞིས་ལུས་བོད་རིགས་སྤུན་ཟླས་གནས་སྟངས་ལ་དེ་བས་དོ་སྣང་གནང་དགོས་ངེས་རེད། ངོ་མ་བྱས་ན་བོད་གཞུང་བཀའ་ཤག་ནས་བཀའ་ཕེབས་མིན་གྱི་གནས་དོན་མ་རེད་ལ་གནས་སྐབས་སོ་སོར་ཁེ་ཕན་ཐོབ་མིན་གྱི་གནས་དོན་དེ་བས་ཀྱང་མ་རེད། བོད་ནང་གི་གནས་སྟངས་ནི་བོད་མི་རིགས་ཀྱི་གནས་སྟངས་ངོ་མ་དེ་ཡིན་པས་དེའི་ཐད་ཞིབ་ཕྲའི་ལོ་རྒྱུས་མང་པོར་གཟིགས་མི་དགོས་པར་འདི་ལོ་༢༠༠༩་ལ་མཚོན་ན་བོད་ཀྱི་རྒྱལ་ས་ལྷ་ནས་རྒྱ་གཞུང་གི་བོད་མི་བཞི་ལ་སྲོག་ཁྲིམས་བཏང་ཡོད་པ་དང་དེ་མཚུངས་ཚེ་བརྩོན་སོགས་ཁྲིམས་ཆད་ཚད་ལས་བརྒལ་བར་བཏང་ཡོད།      ད་ལྟ་བོད་མི་རིགས་ཀྱི་དོན་ཏུ་རྒྱ་ནག་དམར་པོའི་བརྩོན་འོག་ཏུ་བཞུགས་པའི་རྒྱལ་གཅེས་པ་གང་མང་ཡོད་མ་ཟད་དཔེ་མཚོན་ཙམ་ཞུས་ན་༼རྒྱ་གཞུང་གི་སྤྲུ་སྐུ་བསྟན་འཛིན་བདེ་ལེགས་ལ་ཉེས་མེད་ནག་འཛུག་ཀྱི་སྲོག་ཁྲིམས་བཅད་དེ་ལོ་འགའ་སོང་བའི་མཚམ་འདིར་ཁམས་ལི་ཐང་ཕྱོགས་སུ་རྫོང་ཁག་གཉིང་ཀྱི་མི་མང་ཡོང་ནས་ཞི་བའི་རྒེར་ལང་སྐབས་རྒྱ་ནག་གི་སྡུག་རྩུག་མནར་བཅོད་ཚད་ལས་བརྒལ་བར་བྱེད་ཚུལ་ཀུན་གྱི་མཁྱིན་གསལ་རེད།    དེ་མཚུང་བོད་ཡོངས་ལ་ཅིག་མཚུང་བྱུང་ཡོད་པས་དཀའ་སྡུག་དེ་འདྲའི་འོག་སྐྱེད་པོ་བཏང་ན།    མིང་སྙན་པོ་ལོ་གསར་སོགས་ཇི་ལྟར་འབོད་ཀྱང་མི་དགོས་པ་ཞིག་རེད།    འོན་ཀྱང་འདི་ནི་སོ་སོར་མཚོ་སྣང་ཡོད་པའི་ཐོག་རང་དབང་གི་བྱེད་ཕྱོགས་ཅིག་ལས་གཞན་གྱི་དབང་ཤུགས་འོག་ལོ་གསར་མ་བཏང་ན་དགེ་མཚན་ཆེས་མི་འདུག་སྙམ།    ལྷག་དོན་འདི་ལོར་བོད་གཞུང་བཀའ་ཤག་གི་འདི་ལོའི་ལོ་སར་སྐབས་ཚེ་གཏོར་དང་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང་ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་མ་ཕེབས་པའི་རེ་བཀུལ་དཔེ་མཚོན་བགྲང་པ་ཙམ་ལས་ཚད་འཛིན་འདི་ཡིན་འདི་མིན་གྱི་ས་མཚམས་གསལ་པོ་གང་ཡང་སྟོན་མེད།   དེས་ན་ངོས་ཀྱི་གྲོགས་པོ་ཞིག་གི་ཟེར་ན་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་གི་སྒྱུ་རྩལ་ཚོགས་པ་ཞིག་ལོ་གསར་གྱི་འཁྲབ་སྟོན་བྱེད་པར་སུད་སིར་འབྱོར་འདུག་པ་དེར་ཡག་པོ་རེད་གཞིས་བཞུགས་བོད་རིགས་ཟླ་རྣམས་ཕྱི་རྒྱལ་དུ་འབྱོར་ཚེ་བོད་དོན་ཐད་དགོང་ཆར་སྔར་ལས་མ་འདྲ་བ་ཡོང་གི་རེད་ཟེར་འོན་ཀྱང་༼ཆབ་སྲིད་པའི་ལག་ཆ་ཁ་ལ་ཁྱེར་མཁན༽བོད་གཅིག་སྒྲིག་གཏོར་བའི་ཚོགས་པ་རེ་གཉིས་ནས་དོན་མེད་སྨྱོ་གཏམ་འདྲ་མིན་བརྗོད་ཡོད་ཚུལ་འདུག་ཀྱང་ད་བར་ཁོང་ཚོས་བསམ་དོན་མ་འགྲུབ་པ་སྔར་བཞིན་ཞི་བདེ་བག་འཕེལ་ངང་བཞུགས་ཡོད་པ་ཐོས་བས་དེས་ཐད་ཁ་གསལ་དེ་རིང་འདིར་མགོད་དགོས་མ་མཐོང་། དངོས་འབྲེལ་བོད་མི་རྣམས་ལ་རྒྱ་བལ་སོགས་མི་རིགས་འདྲ་མིན་དང་སྲིད་གཞུང་འདྲ་མིན་མང་པོ་ཞིག་ནས་ད་བར་མཐོང་ཆུང་དང་མཐའ་ན་དོན་མེད་ཁ་བརྡུང་སོགས་རག་དུས་རོགས་རམ་བོད་གཞུང་ལས་ཚོགས་པ་འདི་ཡིན་ཟེར་བ་ཅིག་གི་འཇོན་ཐང་ལྟོན་མྱོང་མེད་པ་ནི་ཚོགས་པ་ཡོངས་རྫོགས་འདུས་པའི་གཏེར་གནས་ལྡི་ལི་མ་ཇུ་ཊི་ལ་དེ་སྔོན་གཏོར་ལ་ཉེར་སྐབས་ཁོ་ནས་ཤེས་ཐུབ་ངེས་རེད།      དེ་ལྟར་ན་༼ཆབ་སྲིད་པའི་ལག་ཆ་ཁ་ལ་ཁྱེར་མཁན༽བོད་གཅིག་སྒྲིག་གཏོར་བའི་ཚོགས་པ་དེ་ཚོ་བོད་པའི་དགེ་སྐོས་ལ་སུའི་བསྐོས་པ་རེད།ཁོང་ཚོའི་ལས་དོན་༧རྒྱལ་བའི་བཀའ་ལ་དགོངས་འགྲེལ་འདྲ་མིན་ཐོག་བོད་གཞུང་སྲིད་ཇུས་ལ་སྐྱོན་བརྗོད་དང་བོད་མི་མང་ལ་དབང་ཡོད་བྱས་རྒྱུ་དེ་རེད་དམ།?? གཅིག་སྒྲིག་གཏོར་རྒྱུ་དེ་རེད།?? མི་མང་གི་ཞལ་འདེབས་ཀྱི་ལྟོ་ཕོག་འགྲིག་ཙམ་བྱུང་ན་བྱས་རྒྱུ་དེ་རང་ཡིན་པ་ཤེས་ན་ཆོས་ལ་བརྩི་བཀུལ་དང་གཞན་གཅེས་ཟབ་བའི་བོད་རིགས་བོད་རིགས་སྤུན་ཟླ་རྣམས་པས་ཁོང་ཚོས་དོན་མེད་སྨྱོ་གཏམ་དེ་དག་ལ་མ་གསན་པར་བོད་ཁམས་ཡོངས་གཅིག་སྒྲིག་ཀྱི་ཐུགས་འདོད་མི་འགྱུར་རྡོ་རྗེའི་བྲག་ལྟར་བརྟེན་པའི་ཡིད་ཆད་ཡོད། དེས་ན་ང་ཚོས་དེ་སྔོན་གྱི་ལོ་རྒྱུས་སྡོམ་ཚིག་འདི་འདྲ་ཞིག་ལ་གཟིགས་ན་ཆོག། ཨ་འབྲུག་མགོན་པོའི་དྲག་པོའི་དམག་གི་ལོ་རྒྱུས་གཙུག་ཡོད་ལ་བཀའ་བློན་ང་ཕོད་འཇིག་མེད་ནས་མཆིངས་ཡིག་དོན་ཚན་བཞག་ཡོད།འབའ་པ་ཕུན་ཚོགས་དབང་རྒྱལ་ནས་རྒྱ་དམག་བོད་དུ་ཁྲེད་ཡོད་པས་ཁོང་གསུམ་ནི་གནས་བབ་དང་གནས་སྟངས་མི་འདྲ་བ་མ་ཟད་བསམ་བློའི་རེ་སྙིང་མི་འདྲ་བའི་ཐོག་ལམ་ཕྱོགས་སོ་སོར་བརྟན་དེ་ཐབས་ལམ་འདྲ་མིན་རྒྱུད་བོད་སྐྱོབས་ལས་འགུལ་བ་ཅིག་ཡིན་པས་ཉེར་རབས་བོད་ཀྱི་ལོ་རྒྱུས་ནང་ཁོང་གསུམ་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད། དེས་ན་ངས་བསམ་པར་ང་ཚོ་བོད་མི་རྣམས་ནས་རང་གི་གང་བྱས་གཞན་གྱི་དེ་ལྟར་བྱེད་དགོས་པའི་བཀའ་དབང་མེད་པར་རང་དོན་རང་གཅེས་ཟེར་བའི་ཚིག་ཅིག་གི་འོག་རྩ་ཁྲིམས་སྲུང་བའི་དུས་ལ་བབ་འདུག་སྙམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།