བོད་མི་རིགས་ཀྱི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤེས་མཆོག།

དབྱོར་ལྡན་ཨ་རེའི་ལག་ནས་རོགས་རམ་བསྒོམས།

རང་དོན་གལ་ཆེན་འཛིན་པའི་བོད་རིགས་ནང་།།
ལྷ་སྲུང་རེ་བ་བཅོལ་བའི་དུས་སྐབས་དེར་།།

ཨ་འབྲུག་མགོན་བཀྲ་ཁོང་འདྲ་སུ་ཞིག་ཡོད།།

 

བདེན་དཔང་རྒྱལ་རབས་ལོ་རྒྱུས་མདུན་ཏུ་བཞག།
གཅེས་པའི་ཚེ་སྲོག་བློས་བཏང་ནུས་གྱུར་ན།།
ཆིངས་ཡིག་དོན་ཚན་མང་པོ་མ་བཞག་ནའང་།།
གངས་ལྗོངས་རང་དབང་གཙང་མའི་བདེན་རྟག་ཡིན།།

དམར་པོའི་དམག་གི་མཐའ་ནས་སྐོར་བ་ཤེས།།
མེ་མདའི་ཁ་ལ་མཆོང་བའི་སྟག་རྒོད་ཚོ།།
གངས་ཅན་བོད་ཀྱི་སྙིང་སྟོབས་ངོ་མ་མཚོན།།
བཅོས་མིན་རང་དབང་གཙང་མའི་བདེན་རྟག་ཡིན།།

མཁས་པའི་མཚན་སྙན་འབར་བའི་འཇིག་རྟེན་དུ།།
དངོས་ཡོད་དྲང་བདེན་སྨྲ་བའི་ཉེས་པས་འོག།
ཚེ་སྲོག་བརྩོན་ནང་ལྷུང་བའི་དཔའ་རྟག་དེའང་།།
གངས་ལྗོངས་རང་དབང་གཙང་མའི་བདེན་རྟག་ཡིན།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༢༤༢༠༡༧༡༦༢༤
འགྲན་གྱི་དོ་མེད་དཔའ་རྒོད་ཨ་འབྲུག་དང་།།
དམར་ཡག་སྟག་གི་ཁྱུ་ཚོགས་ཆུ་སྒང་དཔུང་།།
བསྟན་དགྲའི་མགོ་སྐེ་བྲེགས་པའི་ལོ་རྒྱུས་སོགས།།
མི་ནུབ་སྲི་མཐའི་བར་དུ་གནས་པར་ངེས།།

དབྲ་རུ་སྨྱུག་རྒོད་ཀྱིས།
5 ༢༧༢༠༡༡༡༥༥༢
༆། ལྷག་བསམ་དང་སེམས་ཤུགས་་སྙིང་སྟོབས་ཅན་ཀྱི་དཔལ་བོ་ལགས།། ཁྱེད་ཀྱིས་དཔལ་རྟགས་དེ་འཛམ་གླིང་ཡོང་རྩེ་ན་གྲགས་ཤིང་།། ཁྱེད་ཀྱིས་མཛད་རྒྱས་དེ་བོད་མི་རིགས་རང་གི་རྩ་དོན་ལ་བཞག་ཡོད།
4 ༢༧༢༠༡༡༡༥༣༢
༆༆།། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་འདི།
3 ༡༣༢༠༡༠༡༣༤༧
དབྱངས་ཅན་རོལ་པའི་འོ་མཚོ།
འདི་ལྟ་བུ་ཞིག་ངས་ཀྱང་འབྲི་ཤེས་ས་རེད་། མ་གཞི་་ངོ་མཚར་མེད་ན་དེང་སང་ག་རེ་ཡིན་ན་འགྲིག་བསྡད་པ་ལྟ་བུ་འདུག
ཡི་གེ་ཤོ་ལོ་ཀ་ཁ་ཤས་ཞིག་ལ་ཡིག་ནོར་གྱིས་ཐམས་ཅད་གང་འདུག་པས་ཁྱོད་ཀྱི་ལག་པ་རང་འགར་སྡོད་ན་དགའ། ཡང་ན་ཁྱོད་ཀྱི་དག་ཡིག་གི་དཔེ་དེབ་རྣམས་གང་ནུས་ཀྱིས་ཀློག་ཐུབ་ན་མ་འོངས་པ་ལ་ཡར་རྒྱས་གང་འཚམས་འགྲོ་བའི་རེ་བ་ཆེ།
1 ༠༨༢༠༡༠༢༡༣༤
ཨ་ཀ་སྤེན་པ།
རྩོམ་ཡིག་ཡག་པོ་བྲིས་འདུག