རྒྱ་གཞུང་གིས་གྲྭ་པ་གསུམ་རང་དགོན་ནས་ཕྱིར་ཕུད།

རྒྱུད་སྨད་གྲྭ་ཚང་གི་གྲྭ་པ་གསུམ་རྒྱ་གཞུང་གིས་ཡུལ་དགོན་ནས་ཕྱིར་ཕུད་བཏང་འདུག ཉེར་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟ་ན། ཁམས་ལི་ཐང་ཝ་དགོན་དགོན་ནས་གྲྭ་པ་གསུམ་དགོན་པའི་ནང་བསྡད་མི་ཆོག་པའི་བཙན་བཀའ་བཏང་འདུག  རྫོང་ནས་སྲིད་གཞུང་གི་བཀའ་རེད་ཅེས་བཤད་འདུག་ལས་རྒྱུ་མཚན་གཞན་བགྲང་མི་འདུག
མི་ཚོས་དབྱེ་ཞིབ་བྱས་པ་ལྟ་ན་ཁོང་གསུམ་ནི་རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་དུ་སློབ་སྦྱོང་ཐོན་ནས་བོད་དུ་ལོག་ཏེ་རང་དགོན་དུ་འགན་ཁུར་ཆེ་བཞེས་ཀྱིས་སློབ་གཉེར་ཡར་རྒྱས་དང་། ཚགས་ཚུད་སོགས་ཀྱིས་ལས་འགུལ་སྤེལ་བ་དང་། མ་ཟད་ཉེ་ཆར་གདུགས་དཀར་གཏོར་རྒྱག་ཟེར་བའི་གཏོར་རྒྱག་སྐད་གྲགས་ཆེན་པོ་བརྒྱབ་པ་བཅས་ཀྱིས་རེད་ཅེས་བཤད་ཀྱི་འདུག

ད་དུང་ཁ་ཤས་ཀྱིས་བཤད་ཡག་ལ་གཏོར་རྒྱག་དེ་བཙན་བྱོལ་གཞུང་གི་ཉིན་བརྒྱ་དུས་གཅིག་གི་གཏོར་རྒྱག་དང་སྟབས་བསྟུན་པའི་རྐྱེན་གྱིས་རེད་ཟེར། ཡང་ལ་ལས་གཏོར་རྒྱག་དེ་ཞིང་ཅིང་ཕན་འགོ་ཁྲིད་ལང་པའི་སྐབས་བསྟུན་པའི་རྐྱེན་གྱིས་རེད་ཟེར་སོགས་འདྲ་མིན་གྱི་འདུག

ད་དུང་གནས་ཚུལ་དེའི་རྐྱེན་པས་གྲོང་མི་ནང་ཁུལ་རྙོག་གླེང་འདྲ་མིན་དང་འཁྲུག་རྐྱེན་ཡང་འདུག དེ་ནི་གནས་ཚུལ་དེ་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་མཁན་སུ་ཡིན་མིན་སོགས་ཀྱི་རེད་འདུག་ཟེར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།