འཇང་དགུན་ཆོས་ཀྱི་མཐོང་ཐོས།

དེང་སང་ལྷོ་ཕྱོགས་སུ་གདན་ས་སེ་འབྲས་དགའ་གསུམ་གཙོས་པའི་དགེ་ལྡན་པའི་དགོན་པ་མང་པོ་ཞིག་མཉམ་འཛོམས་ཐོག་འཇང་དགུན་ཆོས་ཆེན་མོ་འཚོག་གི་ཡོད་པ་རེད། དེར་གྲྭ་པ་ཚོའི་ཐོག་ལ་སྒྲིག་ཁྲིམས་སྔར་ལས་ལྷག་པའི་ཚགས་ཚུད་དང་། དམ་དྲག་ཡག་པོ་འདུག་ཀྱང་། ད་ལྟ་འཇང་དགུན་ཆོས་ཚོགས་སའི་མོན་གྷོ་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་། རྗེ་རིན་པོ་ཆེའི་མ་དགོན་རུ་འབོད་པ་དེར་ཁྲོམ་ར་ཞིག་གི་རྣམ་པས་ཁེངས་འདུག དགོང་མོ་ཆུ་ཚོད་བཅུ་གཅིག་ལྷག་ལ་ཡང་བྱ་ཤ་དང་། ཉ་ཤ་སོགས་ཙག་ཙིག་ཚོང་མཁན་གྱིས་ཀུ་ཅོས་ཁེངས་པ་དེར་མཐོང་དུས་དངོས་གནས་བཤད་མི་ཤེས་པའི་ཚོར་སྣང་ཞིག་སྟེར་བྱུང་། སྐེ་ལ་ཐགས་པ་སེར་པོའི་ལག་ཁྱེར་བཏགས་པའི་སྒྲིག་ཁྲིམས་ལྟ་རྟོག་པ་ཚོས་དེ་ཚོ་ལ་དོ་སྣང་མེད་པ་གང་ཡིན་ནམ??

ད་དུང་དགོན་པ་ཆེ་དྲས་མང་པོ་ཞིག་དང་། ཐ་ན་སློབ་གྲྭ་ཁག་གི་ཐབ་ཚང་མང་ཆེ་བས་ཤ་སྤངས་ཟིན་ཀྱང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཟ་ཁང་ཁག་ཏུ་ད་དུང་དམར་ཟས་བཅད་མེད་པ་དེ་གང་ཡིན་ནམ??? ང་ཚོ་བོད་པའི་ལུགས་སྲོལ་ལ་ཚོགས་པ་སོགས་གང་ཡིན་ཡང་། རེད་རབས་དང་། ཡག་རབས་མ་རྟོག་མ་འགྲིག་པ་དང་། མ་ལེགས་པའི་ཆ་བཤད་མཁན་མེད་པ་དེས་བོད་འདི་ཡར་རྒྱས་མ་ཕྱིན་པ་རེད་སྙམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།