དྷ་རམ་ས་ལ་སྨོན་ལམ་ཆེན་མོའི་དམ་བཅའ་ཨ་ནི་ཚོས་བཞག་སོང་།

རྗེ་བདག་ཉིད་ཆེན་པོ་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠༣ འཁོར་གྱི་ཡོད་པ་རེད། དེའི་རིང་ལ་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། འཕོ་འགྱུར་ཆེ་ཤོས་དེ་ང་དགུའི་དུས་ངན་གྱི་རླུང་འཚུབ་དེ་རེད།
དེ་སྔ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་གདན་ས་ཆེན་མོ་ས་འབྲས་དགའ་གསུམ་གྱི་གཙོས་མི་དམངས་ཁྲི་ཕྲག་མང་པོ་འཛོམས་ནས་སྡིག་སྤང་དགེ་སྒྲུབ་ཀྱི་བྱ་བ་སྣ་ཚོགས་ཤིག་བསྒྲུབས་ཀྱི་ཡོད་པ་རེད། མ་ཟད་སྐབས་དེ་དུས་གདན་སའི་དགེ་བཤེས་གཅིག་ལས་གཅིག་རྫིག་དང་། གཅིག་ལས་གཅིག་མཁས་ཀྱིས་གཙུག་ལག་ཁང་དུ་གཞུང་པོ་ཏི་ལྔ་ལ་རྩོད་སྒྲུབ་ཀྱི་དམ་བཅའ་འཇོག་ནས་དགེ་བཤེས་ལྷ་རམས་ཨང་དང་གཉིས་ཀྱི་མཚན་གནས་དང་། བོད་གཞུང་ནས་དེ་མཚུངས་ཀྱི་གསོལ་རས་སྤྲོད་ཀྱི་ཡོད་པ་རེད།

འོན་ཀྱང་ད་ལྟའི་འཆར་བོད་ཀྱི་རྒྱལ་ས་གཉིས་པར་གྲགས་པའི་བྱང་ཕྱོགས་དྷ་རམ་ས་ལ་འབྲས་སྤུངས་ནས་དབུ་མཛོད་གཉིས་དང་། འདོན་རོགས་གཉིས་བཅས་བཞི་དང་། དྷ་སའི་གྲྭ་པ་ཁ་ཤས་ཤིག་དང་བཙུན་དགོན་ཁག་ནས་ཨ་ནི་ཁ་ཤས་བཅས་ཀྱི་སྨོན་ལམ་དང་། ད་དུང་འདི་ལོ་ཐེངས་དང་པོའི་ཨ་ནི་ཚོས་སྨོན་ལམ་ཆེན་པོའི་དམ་བཅའ་ཡང་བཞག་སོང་།

འདི་ནི་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་རེད་ལ། ཡང་ཕྱོགས་གཞན་པ་ཞིག་ནས་བསམ་ན་ཧ་ཅང་གི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་མ་རེད་དམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གནམ་སྔོན་པོ་ཁྱེད་ཀྱི་གནམ་ཕྱེད་ཀ་ཨ་ནི་ཚོར་སྤྲོད་བ་དགའ་བསུ་ཡོད། ད་དུང་ཕྱེད་ཀའི་ནང་ནས་ཏོག་ཙམ་སྤྲོད་ཐུབ་ས་མ་རེད་པས། འདྲ་མཉམ་ཡིན་ན་བུད་མེད་ཐ་སྙད་ག་བ་འདོག། སྟེང་དང་འོག་གཉིས་འདྲ་མཉམ་ཨེ། ཡོད་དང་མེད་གཉིས་འདྲ་མཉམ་ཨེ། འདྲ་མཉམ་ཟེར་ནས་རྩོད་རྙོག་མང། མི་འདྲ་ས་ནི་མང་མོད་ཀྱང་། རེས་ཞིག་དེ་ཙམ་བཞག་ན་བཟང་།
འཇིག་རྟེན་གནམ་གྱི་ཕྱེད་ཀ་བུད་མེད་ཡིན་ལ། བུད་མེད་ཚོ་ཆོས་སྲིད་གཉིས་ཐད་ནས་གནམ་གྱི་ཕྱེད་ཀ་ཡིན་དགོས། བཙུན་མ་ཚོར་དམ་བཅའ་བཞུགས་པར་རྟེན་འབྲེལ་ཞུ། སྤྱིར་སངས་རྒྱས་པའི་བསྟན་པ་འདི་ཕོ་མོ་དང་རིགས་རིས་ལ་ཁྱད་མེད་དུ་གནང་བཞིན་དུ་ཐོས་བསམ་ཐད་ལ་རང་རང་གི་རྣམ་དཔྱོད་ལ་རེག་ལོས་པ་ལས་ཕོ་མོ་དབྱེ་འབྱེད་ཀྱི་བསམ་ཚུལ་དེའི་རིགས་ལ་རྒྱབ་སྐྱོར་མེད།
ཨ་ཀ་སྤེན་པ་ཁྱེད་ཡིད་སྐྱོ་བ་མ་གནང་རོགས་ཉེན་ཁ་རྩ་བ་ནས་མེད་ཁུལ་བུད་མེད་ཚང་མ་ཨ་ཎི་བྱས་ཐུབ་ས་མ་རེད་ཟེར། བུད་མེད་རྣམ་པར་མེད་མཁན་ཚོར་ཨ་ཎི་བྱདེ་ཀྱི་ཤོག་། དེ་ཚོར་དམ་བཅའ་བཞག་ན་ཡི་རངས་གནང་ངོ།



བརྗོད་གཞི་གཞན་ཁག་ལ་གཟིགས།